མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྒྱུ་སྤུས་འཕེལ་རྒྱས་ཚོགས་ཆེན་ཟི་ལིང་དུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྒྱུ་སྤུས་འཕེལ་རྒྱས་ཚོགས་ཆེན་ཟླ་བདུན་པའི་ཚེས་དགུ་ཉིན་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཧྲིན་ཀྲང་ཝང་ཅན་ཅོན་དང་། རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་ཏང་ཙུའུ་ཁོངས་མི་ཁྲིན་ཀང་གཉིས་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཝང་ཅན་ཅོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། འཕེལ་རྒྱས་གསར་པའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ། ལྔ་བཞིའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ་རྒྱུ་སྤུས་ཐད་ཀྱི་ཞིང་ཆེན་སྟོབས་ལྡན་འཛུགས་སྐྲུན་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་དགོས་པ་དང་། སྤུས་ཚད་དང་ཆུ་ཚད་མཐོ་བའི་བྱ་བར་བརྟེན་ནས་མཚོ་སྔོན་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཝང་ཅན་ཅོན་གྱིས་གཏམ་བཤད་སྐབས་བསྟན་དོན། བསམ་བློའི་ངོས་ཟིན་མཐོར་འདེགས་བཏང་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱུ་སྤུས་བྱ་བའི་སྐོར་གྱི་མཛུབ་སྟོན་དགོངས་དོན་ལ་གཟབ་ནན་གྱིས་སློབ་སྦྱོང་བྱེད་དགོས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། རྒྱུ་སྤུས་ཨང་དང་པོ་ཡིན་པའི་རིན་ཐང་ཁྲིད་ཕྱོགས་བརྟན་པོར་འཛུགས་པ། རྒྱུ་སྤུས་མཐོར་འདེགས་འགུལ་སྤྱོད་སྤེལ་རྒྱུ་གནད་འགག་ཏུ་བྱེད་པ། ཐོན་རྫས་དང་བཟོ་སྐྲུན། ཞབས་ཞུ། ཁོར་ཡུག་བཅས་ཀྱི་སྤུས་ཚད་མཐོར་འདེགས་གཏོང་རྒྱུ་ཐོད་བརྒལ་བྱེད་སར་བྱེད་པ་བཅས་བྱས་ཏེ་གྲངས་ཚད་བསམ་གཞིགས་ནས་སྤུས་ཚད་བསམ་གཞིགས་སུ་སྒྱུར་དགོས་པ་དང་། དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

ཁྲིན་ཀང་གིས་མཚོ་སྔོན་ཞིང་ཆེན་གྱིས་རྒྱུ་སྤུས་བྱ་བའི་འགོ་ཁྲིད་ལ་ཤུགས་བསྣན་ཏེ་རྒྱུ་སྤུས་དམིགས་ཚད་མ་ལག་འཛུགས་སྐྲུན་བྱེད་པ་དང་། ཁྱོན་ཡོངས་ནས་རྒྱུ་སྤུས་མཐོར་འདེགས་གཏོང་བ་དང་རྒྱུ་སྤུས་བདེ་འཇགས་ཐད་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ། རྒྱུ་སྤུས་རྨང་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་པ། རྒྱུ་སྤུས་སྲིད་ཇུས་བཅོས་སྒྱུར་འཐུས་ཚང་དུ་གཏོང་་བ་བཅས་བྱས་ཏེ་སྤུས་ལེགས་མཚོ་སྔོན་དང་མཛེས་པའི་མཚོ་སྔོན་མཉམ་དུ་འཕེལ་རྒྱས་འགྲོ་བའི་བགྲོད་ལམ་ཞིག་ཏུ་སྐྱོད་རྒྱུ་ནི་རེ་བ་ཡིན་པ་དང་། རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡིས་སྔོན་ལྟར་མཚོ་སྔོན་གྱི་ནུབ་བྱང་གི་རྒྱུ་སྤུས་ཚད་གཞི་འཛུགས་སྐྲུན་བྱེད་པ་དང་ནུབ་བྱང་གི་རྒྱུ་སྤུས་མཐོ་བའི་ས་ཁུལ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་ངེས་ཡིན་ཟེར།

ཝང་ཡུས་པའོ་ཡིས་ཚོགས་ཆེན་ལ་འགོ་འཛིན་བྱས་པར་མ་ཟད་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་སྐབས་གསུམ་པའི་མཚོ་སྔོན་གྱི་རྒྱུ་སྤུས་བྱ་དགའ་གནང་བའི་གཏན་ཁེལ་སྒྲོག་འདོན་བྱས་པ་དང་། ཁོང་ཡུང་གིས་ཞིང་ཆེན་ཡོངས་ཀྱི་རྒྱུ་སྤུས་མཐོར་འདེགས་འགུལ་སྐྱོད་ཐད་བཀོད་སྒྲིག་བྱས།

ཞིང་ཆེན་གྱི་འགོ་ཁྲིད་ཡུས་ཚུང་ལི་དང་མཱ་ཝེ། མཱ་ཧེ་དབྱིན་བཅས་ཚོགས་ཆེན་ལ་ཞུགས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།