ཆི་ལེན་རྫོང་གིས་གནད་ཕིགས་དབུལ་སྐྱོར་བྱ་བ་བརྟན་བརླིང་ངང་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་དུ། ཆི་ལེན་རྫོང་གིས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་གྱི་དབུལ་སྐྱོར་གསར་སྤེལ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱས་པ་དང་། བྱ་བའི་རྐྱེན་སྲོག་རྒྱུན་མ་ཆད་པར་འཐུས་ཚང་དུ་བཏང་ལ། བྱ་བའི་བྱེད་ཐབས་དངོས་འབེབས་བཟང་བོ་བྱས་ཏེ། རྫོང་ཡོངས་ཀྱི་དབུལ་སྐྱོར་བྱ་བ་བརྟན་བརླིང་ངང་སྤེལ།

རྒྱལ་ཁབ་ཀྱི་ཕྱོགས་གསུམ་པའི་དཔྱད་འཇོག་ཚན་ཆུང་གིས2017ལོའི་ནོར་སྲིད་ཀྱི་དབུལ་སྐྱོར་ཆེད་སྤྱོད་མ་དངུལ་བཀོལ་སྤྱོད་ཀྱི་དཔྱད་འཇོག་བྱ་བ་ཡོངས་འགྲུབ་བྱས་པ་དང་། གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས2018ལོའི་དབུལ་སྐྱོར་ལས་གཞིའི་འཆར་གཞི་བཟོས་ལ། མཁར་དམར་གྲོང་རྡལ་གྱི་ཞིང་བའི་སྤྲོ་ཁྱིམ་གླིང་སོགས་གནས་སྐོར་དབུལ་སྐྱོར་ལས་གཞི་དང་དབུལ་ཕོངས་མིན་པའི་སྡེ་བའི་ཐུན་མོང་དཔལ་འབྱོར་ལས་གཞི་ཉེར་བདུན། འགུལ་རྣམ་ལེགས་སྒྲིག་བྱས་རྗེས་ཀྱི་དབུལ་ཕོངས་ཁྱིམ་ཚང་གི་ཐོན་ལས་འཕེལ་རྒྱས་ལས་གཞི། སྦྲང་ཆར་འཆར་གཞིའི་དུས་ཐུང་རྩལ་ནུས་གསོ་སྦྱོང་ལས་གཞི། ན་གཞོན་ལས་སྐྲུན་དབུལ་སྐྱོར་འགུལ་སྐྱོད་འཆར་གཞི། ཡུལ་གཞན་གནས་སྤོར། ཉི་འོད་ནུས་པའི་དབུལ་སྐྱོར་སོགས་ལས་གཞི་ལ་ཞིབ་བཤེར་དང་རིག་སྒྲུབ་བྱས་ཏེ། ལས་གཞི་ལག་བསྟར་བྱས་ནས་མང་ཚོགས་ལ་ཕན་པ་བསྒྲུབ་པ་དང་ཚད་ལྡན་སྒོས་འཁོར་སྐྱོད་བྱེད་པར་ཁག་ཐེག་བྱས།

ཆི་ལེན་རྫོང་གི་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚན་ཆུང་གིས2018ལོའི་གྲོས་ཚོགས་ཐེངས་དང་པོ་དང་རྫོང་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་སྐུལ་སྤེལ་གྲོས་ཚོགས་བསྡུས་ནས། 2018ལོའི་རྫོང་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཐད་ནས་ཡང་བསྐྱར་སྐུལ་སློང་དང་ཡང་བསྐྱར་བཀོད་སྒྲིག་བྱས། ཆི་ལེན་རྫོང་གི་དབུལ་སྐྱོར་སྡེ་སྡོད་ཧྲུའུ་ཅི་དང་པོ་དང་དབུལ་སྐྱོར་བྱ་བའི་རུ་མིའི་བཞུགས་མོལ་ཚོགས་འདུ་བསྡུ་བའི་རྣམ་པ་བརྒྱུད་པ་དང་། 2018ལོའི་བྱ་བའི་གཙོ་གནད་ལ་ཟུང་འབྲེལ་བྱས་ནས། རྫོང་ཡོངས་ཀྱི་སྡེ་སྡོད་ཧྲུའུ་ཅི་དང་པོ་དང་དབུལ་སྐྱོར་བྱ་བའི་རུ་མི་ལ་བྱ་བའི་རེ་བ་བཏོན་པ་མ་ཟད། རྫོང་ཡོངས་ཀྱི་དབུལ་ཕོངས་མིན་པའི་སྡེ་བ་ཉེར་བདུན་གྱི་གསར་བསྐོར་ཧྲུའུ་ཅི་དང་པོར་འགན་མ་ཁུར་སྔོན་གྱི་གསོ་སྦྱོང་སྤེལ།

2017ལོའི་ཟླ་བཅུ་གཉིས་པའི་ཟླ་མཇུག་ཏུ་ཡོངས་འགྲུབ་བྱས་པའི་ཡིག་ཚགས་བཙུགས་ཤིང་བྱང་བུ་ལས་པའི་དབུལ་ཕོངས་མི་གྲངས་ལ་ཡང་བསྐྱར་ཞིབ་བསྡུར་བྱས་པ་དང་། དབུལ་ཕོངས་མི་གྲངས་ཀྱི་སྨན་བཅོས་འགན་སྲུང་སྤྲོད་པའི་བྱ་བ་ཡོངས་འགྲུབ་བྱས་། སྨན་བཅོས་འགན་སྲུང་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་དང་མཉམ་འབྲེལ་བྱས་ནས། 2016ལོ་དང2017ལོར་དབུལ་ཐར་བྱས་ཟིན་པ་དང་། 2018ལོའི་དབུལ་ཐར་མ་བྱས་པའི་མི་གྲངས་ལ་ཞིབ་བསྡུར་བྱེད་པ་བྱ་བ་སྤེལ་བ་དང་། ཞིབ་བསྡུར་བརྒྱུད་དེ། 2016ལོའི་ལོ་མཇུག་ཏུ་དབུལ་ཐར་བྱས་ཟིན་པའི་མི་གྲངས་ཁྲོད་སྨན་བཅོས་འགན་སྲུང་དངུལ་མ་སྤྲད་པའི་མི་སོ་བརྒྱད་ལ་དངུལ་སྤྲོད་དུ་བཅུག །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།