2018ལོའི་མཚོ་སྔོན་འབའ་རྫོང་གི“རྫོང་རུ་རྟགས་མའི”མཐོ་སྒང་ཡུལ་ཕྱིའི་རྒྱུག་རྩལ་འགྲན་སློང་འགྲན་བསྡུར་སྤེལ་འགོ་བརྩམས།

1122966736_15286808218901n.jpg

འདི་ནི་ཟླ6པའི་ཚེས10ཉིན་སྤྱི་ལེ50ཅན་གྱི་ཡུལ་ཕྱིའི་རྒྱུག་འགྲན་ཁྲོད་བྱ་དགའ་ཨང་དང་པོ་བླངས་པའི་ཡུན་ནན་གྱི་འགྲན་རྩལ་པ་ཧྲེན་ཅ་ཧྲེང་འགྲན་བསྡུར་ལ་ཞུགས་བཞིན་པའི་ཚུལ་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས10ཉིན། 2018ལོའི་མཚོ་སྔོན་འབའ་རྫོང་གི“རྫོང་རུ་རྟགས་མའི”མཐོ་སྒང་ཡུལ་ཕྱིའི་རྒྱུག་རྩལ་འགྲན་སློང་འགྲན་བསྡུར་དེ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབའ་རྫོང་དུ་སྤེལ་འགོ་བརྩམས། ཉིན་མོ་དེར་སྤྱི་ལེ50ཅན་གྱི་ཡུལ་ཕྱིའི་རྒྱུག་འགྲན་དང་། སྤྱི་ལེ35ཅན་གྱི་ཡུལ་ཕྱིའི་རྒྱུག་འགྲན། སྤྱི་ལེ8ཅན་གྱི་མང་ཚོགས་རྒྱུག་རྩལ་འགྲན་བསྡུར་བཅས་ལུས་རྩལ་རྣམ་གྲངས་གསུམ་སྤེལ་བ་དང་། ཡུན་ནན་གྱི་འགྲན་རྩལ་པ་ཧྲེན་ཅ་ཧྲེང་གིས་སྤྱི་ལེ50ཅན་གྱི་ཡུལ་ཕྱིའི་རྒྱུག་འགྲན་ཁྲོད་ཆུ་ཚོད3དང་སྐར་མ55དང་སྐར་ཆ20ཡི་གྲུབ་འབྲས་ཀྱིས་བྱ་དགའ་ཨང་དང་པོ་བླངས་པ་དང་། ཀན་སུའུ་ཡི་འགྲན་རྩལ་པ་ཀའོ་ཡུང་ཉིང་དང་མཚོ་སྔོན་གྱི་བདམས་ཐོན་པ་དབྱང་ཁྲེང་ཞང་གཉིས་ཀྱིས་རིམ་བཞིན་བྱ་དགའ་ཨང་གཉིས་པ་དང་ཨང་གསུམ་པ་བླངས་བ་རེད།  །

1122966736_15286808219841n.jpg

འདི་ནི་ཟླ6པའི་ཚེས10ཉིན་སྤྱི་ལེ50ཅན་གྱི་ཡུལ་ཕྱིའི་རྒྱུག་འགྲན་ཁྲོད་བྱ་དགའ་ཨང་གཉིས་པ་ཐོབ་པའི་ཀན་སུའུ་ཡི་འགྲན་རྩལ་པ་ཀའོ་ཡུང་ཉིང་འགྲན་བསྡུར་ལ་ཞུགས་བཞིན་པའི་ཚུལ་རེད།

1122966736_15286808220271n.jpg

འདི་ནི་ཟླ6པའི་ཚེས10ཉིན་སྤྱི་ལེ50ཅན་གྱི་དཔོང་ཕྱིའི་རྒྱུག་འགྲན་ཁྲོད་བྱ་དགའ་ཨང་གསུམ་པ་ཐོབ་པའི་མཚོ་སྔོན་གྱི་འགྲན་རྩལ་པ་དབྱང་ཁྲེང་ཞང་འགྲན་བསྡུར་ལ་ཞུགས་བཞིན་པའི་ཚུལ་རེད།

1122966736_15286808220801n.jpg

འདི་ནི་ཟླ6པའི་ཚེས10ཉིན་ཡུན་ནན་གྱི་འགྲན་རྩལ་པ་ཧྲེན་ཅ་ཧྲེང་དང་ཆི་རྨིན་གྱིས་སྤྱི་ལེ50ཅན་གྱི་དཔོང་ཕྱིའི་རྒྱུག་འགྲན་ལ་ཞུགས་བཞིན་པའི་ཚུལ་རེད།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།