རྨ་སྟོད་རྫོང་གིས་གནས་དྲུག་གཞི་གཅིག་གི་བྱ་བ་དེ་ཕྱོགས་བསྡུས་དྲ་མིག་རང་བཞིན་གྱི་སྤྱི་ཚོགས་བཅོས་སྐྱོང་རྣམ་པ་གསར་བ་རུ་རིམ་འཕར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འདི་དག་ལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གིས་གཞི་རིམ་ཏང་འཛུགས་དང་སྐྱེ་ཁམས་དོ་དམ།གནད་འཁེལ་དབུལ་སྐྱོར།སྤྱི་ཚོགས་བརྟན་བརླིང་།མི་རིགས་མཐུན་སྒྲིལ།དཔལ་ཡོན་ཤེས་རིག་བཅས་ལྟེ་བ་ཡིན་པའི་གནས་དྲུག་གཞི་གཅིག་གི་བྱ་བ་དེ་ཕྱོགས་བསྡུས་དྲ་མིག་རང་བཞིན་གྱི་སྤྱི་ཚོགས་བཅོས་སྐྱོང་རྣམ་པ་གསར་བ་རུ་རིམ་འཕར་བྱས།

རྒྱུས་ལོན་པ་ལྟར་ན།རྨ་སྟོད་རྫོང་གི་གྲོང་རྡལ་སོ་སོ་དང་སྡེ་ཁག་བཅུའི་བྱ་བའི་འཚོལ་ཞིབ་ཁྲོད། རྨ་སྟོད་རྫོང་གི་གནས་དྲུག་གཞི་གཅིག་དྲ་མིག་ཅན་གྱི་དོ་དམ་ཐབས་ལམ་དང་། རྨ་སྟོད་རྫོང་གནས་དྲུག་གཞི་གཅིག་དྲ་མིག་ཅན་གྱི་དོ་དམ་བྱ་བའི་དམིགས་འབེན་འགན་འཁུར་ཞིབ་བཤེར་ཐབས་ལམ་གྱི་བྱེད་ཕྱོགས་གཉིས་སྔར་ལས་ལེགས་སྒྱུར་བྱས་ནས།དྲ་མིག་དོ་དམ་མ་ལག་གི་ནུས་བ་སྔར་ལས་འདོན་སྤེལ་བྱེད་ཐུབ་པ་བཟོས།

དུས་མཉམ་དུ་རྨ་སྟོད་རྫོང་གིས་དོན་དངོས་ལ་རྐང་འཛུགས་པ་དང་། སྡེ་ཁག་བཅུའི་མཉམ་འབྲེལ་འགུལ་བསྐྱོད།བསམ་ཕྱོགས་གསར་གཏོད་བཅས་བྱས་ཏེ།དོ་དམ་ཞིབ་ཕྲ་དང་གནད་འཁེལ་དབུལ་སྐྱོར་གཉིས་ཟུང་འབྲེལ་བྱས་ནས།རང་འགུལ་སྒོས་སྡེ་ཁག་སོ་སོ་དང་ཞང་དང་གྲོང་རྡལ་གྱི་ལས་བྱེད།སྡེ་བའི་ཨུ་ཡོན་གཉིས་དང་ལྟ་སྐྱོང་བ་བཅས་ཀྱི་བསམ་བློའི་ངོས་ཟིན་གནད་དོན་ཐག་གཅོད་བྱས་ཏེ།རྫོང་ཡོངས་ཀྱི་སྤྱི་ཚོགས་བརྟན་འཇགས་ཀྱི་རྩ་བ་བརྟན་ཞིང་།དྲ་མིག་ནང་གི་བྱ་བ་སོ་སོའི་འགན་འཁུར་དངོས་འབེབ་དོན་འཁྱོལ་བྱས། དེ་ལས་གཞན་རྨ་སྟོད་རྫོང་གིས་གསབ་སྦྱོང་དང་།དྲིལ་སྒྲོག་གི་ཐབས་ལམ་བརྒྱུད་ནས་ལྟ་སྐྱོང་བའི་སྤུས་ཚད་མཐོར་འདེགས་སུ་བཏང་པ་དང་།བྱ་བའི་ཕྱོགས་སོ་སོ་ལ་གཞི་རིམ་ནས་གོ་རིམ་ལྡན་པའི་ངང་སྐུལ་སྤེལ་བྱེད་པར་འགན་སྲུང་བྱས་ཏེ།གནས་དྲུག་གཞི་གཅིག་གི་བྱ་བ་དེ་རྨ་སྟོད་རྫོང་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་སུ་བཅུག

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།