མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཏང་ཕྱིའི་མི་སྣའི་དམངས་གཙོ་གྲོས་མོལ་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས8ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཏང་ཕྱིའི་མི་སྣའི་དམངས་གཙོ་གྲོས་མོལ་ཚོགས་འདུ་བསྡུས་ནས། དམངས་གཙོ་ཏང་ཁག་སོ་སོ་དང་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལ་ཡང་མི་གཏོགས་པའི་འཐུས་ཚབ་བཅས་ལ་མཚོ་སྔོན་ཞིང་ཆེན་གྱི་གནད་ཕིགས་དབུལ་སྐྱོར་ལག་བསྟར་བྱས་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་མ་ཟད། ཏང་ཕྱིའི་མི་སྣའི་གྲོས་གཞི་དང་བསམ་འཆར་ལ་ཉན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ལིག་ཐུང་ཏི་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོ་དམངས་གཙོ་མནའ་མཐུན་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཝང་ཞོན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཏུའུ་ཏི་ཀྲི་བཅས་ཚོགས་འདུར་ཞུགས།

ཚང་མས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དབུལ་ཐར་མཁྲེགས་གཏོར་བྱ་བར་ཧ་ཅང་མཐོང་ཆེན་བྱས་པ་དང་། གནད་ཕིགས་དབུལ་སྐྱོར་དང་གནད་ཕིགས་དབུལ་ཐར་གྱི་གཞི་རྩའི་ཇུས་གཞི་རྒྱུན་འཁྱོངས་ལྷོད་མེད་བྱས་ལ། ཐབས་མང་མཉམ་སྤྱོད་དང་ལག་བསྟར་ལ་དམ་འཛིན་བྱས་པས། ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཐད་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣས་དབུལ་ཐར་མཁྲེགས་གཏོར་གྱི་གལ་ཆེན་རང་བཞིན་དང་བྲེལ་མྱུར་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ནས། གནད་ཕིགས་དབུལ་སྐྱོར་བྱ་བ་བཟང་བོར་བསྒྲུབ་པའི་བསམ་བློའི་རང་རྟོགས་དང་འགུལ་སྐྱོད་རང་རྟོགས་ཇེ་དྲག་ཏུ་གཏོང་དགོས། མཚོ་སྔོན་ཞིང་ཆེན་གྱི་དབུལ་ཐར་མཁྲེགས་གཏོར་ཐད་ཀྱི་གནད་དོན་གལ་ཆེན་ལ་བརྟག་བཤེར་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། འགན་ནུས་ལ་རྐང་བཙུགས་ནས་དགེ་མཚན་འདོན་སྤེལ་བྱེད་པ། དབུལ་ཐར་མཁྲེགས་གཏོར་ལ་རོགས་འདེགས་བྱེད་པའི་ཤུགས་འདོན་ས་དང་གཞི་འཛིན་ས་བཙལ་ནས། མཚོ་སྔོན་ཞིང་ཆེན་གྱི་གནད་ཕིགས་དབུལ་སྐྱོར་དང་གནད་ཕིགས་དབུལ་ཐར་བྱ་བའི་ཐད་བྱས་རྗེས་འཇོག་པ་དང་སྟོབས་ཤུགས་འབུལ་དགོས། དམངས་གཙོ་ཏང་ཁག་སོ་སོའི་དབུལ་ཐར་མཁྲེགས་གཏོར་གྱི་དམངས་གཙོ་ལྟ་སྐུལ་བྱ་བ་ནན་ཏན་གྱིས་བསྒྲུབ་ནས། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དབུལ་སྐྱོར་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབ་པའི་ཐད་བློ་འདོན་ཇུས་འབུལ་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱིས་དབུལ་ཐར་མཁྲེགས་གཏོར་ཐད་ཤུགས་འདོན་རྒྱུ་དེ་ལས་འགན་གཙོ་བོ་དང་དམངས་ཚིས་བྱ་བ་ཆེས་ཆེ་བར་བརྩིས་ནས་བཀོད་སྒྲིག་དང་ལག་བསྟར་བྱེད་པ་དང་། འཐབ་ཕྱོགས་གཅིག་གྱུར་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་འབྲེལ་འདྲིས་རྒྱ་ཆེར་བྱེད་པ། རིག་སྟོབས་གཅིག་བསྡུས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ། གནད་ཕིགས་སྟེང་ཤུགས་བཏོན་ནས། འཐབ་ཕྱོགས་གཅིག་གྱུར་གྱིས་དབུལ་ཐར་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབ་པ་དང་སྤྱི་ཚོགས་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་འགན་ཁུར་དང་གྲུབ་འབྲས་མངོན་པར་བྱེད་དགོས་ཟེར། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།