ཡུས་ཚུན་ལི་ཡིས་མཚོ་ཤར་གྲོང་ཁྱེར་ལའོ་ཏུའུ་ཆུའུ་ཡི་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་ལྔ་བའི་ཚེས་བཅོ་བརྒྱད་ཉིན། ཞིང་ཆེན་ཏང་ཨུའི་ཞིང་ཆེན་རིམ་པའི་འགོ་ཁྲིད་གཞི་རིམ་དུ་སོང་ནས་གནད་དོན་ཐག་གཅོད་བྱེད་པ་དང་། བྱ་བར་སྐུལ་འདེད་གཏོང་བའི་སྐོར་གྱི་བརྡ་ཐོའི་རེ་བ་གཞིར་བཟུང་སྟེ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཡུས་ཚུན་ལི་ཡིས་མཚོ་ཤར་གྲོང་ཁྱེར་ལའོ་ཏུའུ་ཆུའུ་ཡི་འབྲེལ་འདྲིས་བྱེད་སར་རྟོག་ཞིབ་བྱས། ཁོས་བཅིངས་འགྲོལ་རང་བཞིན་གྱི་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་། ཐོན་ལས་རྒྱབ་རྟེན་བྱེད་པ་གཙོ་བོར་བཟུང་སྟེ། ས་ཁོངས་དཔལ་འབྱོར་གྱི་རྒྱུ་སྤུས་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན། ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་དང་ཞིང་ཆེན་ཏང་ཨུའི་སྲིད་ཇུས་ཞིབ་འཇུག་ཁང་། ཞིང་ཆེན་ཏང་ཨུའི་བཅོས་སྒྱུར་གཞུང་སྒྲུབ་ཁང་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་མཉམ་དུ་རྟོག་ཞིབ་བྱས།

ཡུས་ཚུན་ལི་སྔ་གཞུག་ཏུ་མྱོར་བགྲོད་གཞུང་ལམ་དང་ཆི་ལི་ཏེན་སྡོད་ཁུལ་གསར་བའི་ཡུལ་གཞན་དབུལ་སྐྱོར་གནས་སྤོར་བཀོད་སྒྲིག་བྱེད་ས། ལའོ་ཏུའུ་བཟོ་ལས་ས་ཁུལ་སོགས་ས་ཁུལ་དུ་སོང་སྟེ། དབུལ་ཐར་མཁྲེགས་གཏོར་དང་གྲོང་ཁྱེར་འཕེལ་རྒྱས། བཅོས་སྒྱུར་ཟབ་སྤེལ་བཅས་ཀྱི་བྱ་བར་རྟོག་ཞིབ་ཟབ་མོ་བྱས་པར་མ་ཟད། བཞུགས་མོལ་ཚོགས་འདུ་བསྡུས་ནས་བྱ་བའི་ཡར་ཞུ་ལ་ཉན།

ཡུས་ཚུན་ལི་ཡིས་བསྟན་དོན། ལའོ་ཏུའུ་ཆུའུ་ནི་དཔལ་འབྱོར་གྱི་གསོན་ཤུགས་ཆེ་ཞིང་འཕེལ་རྒྱས་ཀྱི་སྦས་ཤུགས་ལྡན་པའི་ས་ཁུལ་ཞིག་ཡིན་ལ། ཞིང་ཆེན་ཡོངས་ཀྱི་རེ་བ་ཆེས་ཆེ་བའི་ས་ཁུལ་ནང་གི་གཅིག་ཀྱང་ཡིན་པས། ས་གཤིས་ཆགས་སྟངས་དང་ཐོན་ལས་འཕེལ་རྒྱས་སོགས་ཐད་ནས་ས་ཁོངས་དཔལ་འབྱོར་གྱི་རྒྱུ་སྤུས་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྱད་སྟོབས་ལྡན་པས། རྒྱལ་ཁབ་ཀྱི་གནས་ཚུལ་དང་ཞིང་ཆེན་གྱི་གནས་ཚུལ། གྲོང་ཁྱེར་གྱི་གནས་ཚུལ་བཅས་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་། གྲོང་ཁྱེར་འཕེལ་རྒྱས་ཀྱི་ཆོས་ཉིད་དམ་འཛིན་བྱེད་དགོས་པར་མ་ཟད། ལའོ་ཏུའུ་ཆུའུ་ཡི་དོན་དངོས་དང་སྦྲེལ་ཏེ། ས་ཁུལ་དཔལ་འབྱོར་རྒྱུན་མཐུད་དང་བརྟན་འཇགས། བདེ་བླག་བཅས་ཀྱི་སྒོ་ནས་འཕེལ་རྒྱས་སུ་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།