ལིའུ་ཉིང་གིས་ཟི་ལིང་དང་རྨ་ལྷོ། མཚོ་ཤར་བཅས་ཀྱི་སྤྱི་ཚོགས་ཁྲིམས་སྐྱོང་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིའུ་ཉིང་ཟི་ལིང་གྲོང་ཁྱེར་གྱི་མཁར་བྱང་ཆུའུ་དང་མཁར་ནུབ་ཆུའུ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང། མཚོ་ཤར་གྲོང་ཁྱེར་ཞུང་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་བཅས་ལ་སོང་སྟེ། སྤྱི་ཚོགས་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་དང་ཧྥིན་ཆའོ་ཉམས་མྱོང་རང་ཡུལ་ཅན་དུ་སྒྱུར་བའི་ལག་ལེན་གནས་ཚུལ་ལ་རྟོག་ཞིབ་བྱས། ཁོས་རང་འགུལ་གྱིས་སྲིད་ཁྲིམས་ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་གནས་བབ་གསར་བ་དང་སྤྱི་ཚོགས་གྱི་འགལ་བ་གཙོ་བོའི་འགྱུར་ལྡོག་གསར་བ་དང་མཐུན་པར་བྱས་ནས། སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་བྱེད་པ་དང་འགལ་བ་མེད་པར་གཏོང་བ། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་འཛུགས་སྐྲུན་བྱེད་པ། དྲ་རྒྱ་ཅན་གྱི་ཞབས་ཕྱི་དོ་དམ་བཅས་ཐད་ནས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པ་དང་མང་ཚོགས་ཀྱིས་དགའ་བསུ་ཞུ་བའི་དཔེ་འོས་ཉམས་མྱོང་ཆགས་པར་བྱེད་དགོས་ཞེས་ནན་གྱིས་བཤད།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་དང་མཉམ་དུ་ལིའུ་ཉིང་སྔ་གཞུག་ཏུ་ཟི་ལིང་གྲོང་ཁྱེར་མཁར་བྱང་ཆུའུ་ཡི་ཞིན་ཧེ་ཟམ་པའི་སྡོད་ཁུལ་དང་མཚོ་ནུབ་ཆུའུ་ཡི་བུན་ཐིན་སྲང་མ་སྡོད་ཁུལ་དུ་སོང་སྟེ། ཧྥིན་ཆའོ་ཉམས་མྱོང་རང་ཡུལ་ཅན་དུ་སྒྱུར་བ་དང་སྤྱི་ཚོགས་བཅོས་སྐྱོང་བྱ་བའི་གནས་ཚུལ་མཚམས་སྦྱོར་བྱས་པར་ཉན།

བཞུགས་མོལ་བྱེད་སྐབས། ལིའུ་ཉིང་གིས་བཤད་རྒྱུར། ད་ལོ་ནི་བློ་མཐུན་མའོ་ཙེ་ཏུང་གིས་མཆན་བཀོད་མཛུབ་སྟོན་གནང་བའི་ཧྥིན་ཆའོ་ཉམས་མྱོང་ལོ་འཁོར་ཞེས་པ་ལོ་འཁོར་ང་ལྔར་ལོན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཆན་བཀོད་མཛུབ་སྟོན་གནང་བའི་ཧྥིན་ཆའོ་ཉམས་མྱོང་ཞེས་པ་ལོ་འཁོར་བཅོ་ལྔ་ལོན་པས། ཧྥིན་ཆའོ་ཉམས་མྱོང་རང་ཡུལ་ཅན་དུ་སྒྱུར་བའི་ཉམས་མྱོང་ལ་སྤྱི་བསྡོམས་བཟང་བོ་དང་བཀོལ་སྤྱོད་བཟང་བོ་བྱེད་པ་ནི་ཧ་ཅང་དགོས་ངེས་པ་ཞིག་ཡིན། རིམ་པ་སོ་སོའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཁྲིམས་དགོངས་པ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་ནས། སློབ་སྦྱོང་བྱེད་ཆོག་པའི་དཔེ་སྟོན་ས་ཁུལ་སྐོར་ཞིག་སྐྲུན་དགོས་ཟེར།

རྩེ་ཁོག་རྫོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ནས་ལིའུ་ཉིང་གིས་ནན་གྱིས་བསྟན་དོན། གཞི་རིམ་ཕྱོགས་བསྡུས་ཞབས་ཞུ་དོ་དམ་སྟེགས་བུ་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་བཅོས་སྐྱོང་ཆུ་ཚད་མཐོར་འདེགས་སུ་གཏོང་བའི་གནད་འགག་ནི་མང་ཚོགས་ཀྱི་གཞི་རྩའི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པར་དམིགས་ཏེ། འཆམ་མཐུན་རྒྱུ་རྐྱེན་ཆེས་ཆེར་ཇེ་མང་དུ་གཏོང་བ་དང་། སྤྱི་ཚོགས་འཕེལ་རྒྱས་ཀྱི་སྟོབས་ཤུགས་ཇེ་ཆེར་བཏང་ནས། མི་དམངས་བདེ་སྡོད་ལས་བརྩོན་དང་སྤྱི་ཚོགས་བརྟན་འཇགས་དང་གོ་རིམ་ལྡན་པར་ཁག་ཐེག་བྱེད་དགོས་ཟེར།

ཞུང་ཧྭ་རྫོང་ཁྲ་ཧན་ཏུའུ་སི་ཧུང་ཀོང་སྡེ་བ་ནས་ལིའུ་ཉིང་གིས་ནུབ་ཕྱོགས་དམར་དམག་གི་འོད་སྟོང་འབར་བའི་ལོ་རྒྱུས་དང་སྡེ་བ་དེའི་སྤྱི་ཚོགས་ཕྱོགས་བསྡུས་བཅོས་སྐྱོང་གི་གནས་ཚུལ་མཚམས་སྦྱོར་བྱས་པར་ཉན་རྗེས། ལིའུ་ཉིང་གིས་དམར་དམག་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་བཟང་བོ་བྱས་ནས། དམར་དམག་རིག་གནས་སྐྲུན་པའི་སྙིང་སྟོབས་སྤྱད་དེ་སྤྱི་ཚོགས་བཅོས་སྐྱོང་དཔེ་འོས་གསར་གཏོད་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།