ཞིན་ཧེ་རྫོང་གིས་ཏང་འཛུགས་དང་གནད་ཕིགས་དབུལ་སྐྱོར་འགུལ་སྐྱོད་མཉམ་བསྲེས་བྱས་པའི་འཐབ་ཇུས་ཆེན་པོ་དྲུག་ལག་བསྟར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་གིས་ཏང་འཛུགས་ཐད་ཀྱི་སྣེ་ཁྲིད་དང་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཏང་འཛུགས་དང་གནད་ཕིགས་དབུལ་སྐྱོར་འགུལ་སྐྱོད་མཉམ་བསྲེས་བྱས་པའི་འཐབ་ཇུས་ཆེན་པོ་དྲུག་གཟབ་ནན་གྱིས་ལག་བསྟར་བྱས་པ་དང་ཏང་འཛུགས་སྲ་བརྟན་དང་མཐོར་འདེགས་བཏང་སྟེ་གནད་ཕིགས་དབུལ་སྐྱོར་དང་གནད་ཕིགས་དབུལ་ཐར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་།

བྱ་བའི་ཁྲོད། ཞིན་ཧེ་རྫོང་གིས་བྱ་བའི་འགན་འཁྲི་དོན་འཁྱོལ་བྱེད་རྒྱུ་དེ་བྱེད་ཐབས་གལ་ཆེན་དུ་བརྩིས་ཏེ་རིམ་པ་སོ་སོའི་ཏང་ཨུས་སྤྱི་ཡོངས་འཛིན་པ་དང་ཕྱོགས་སོ་སོ་མཐུན་སྦྱོར་བྱེད་པའི་ནུས་པ་གཙོ་བོ་འདོན་སྤེལ་གང་ལེགས་བྱས་པ་དང་། རྫོང་དང་ཞང་། སྡེ་བ་བཅས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་སྣེ་ཁྲིད་དེ་གནད་ཕིགས་དབུལ་སྐྱོར་བྱ་བ་དམ་འཛིན་བྱས་ཏེ་རིམ་པ་གཅིག་གིས་རིམ་པ་གཅིག་འཛིན་པ་དང་རིམ་པ་རེ་རེ་དོན་འཁྱོལ་བྱེད་པ་དམ་འཛིན་བྱེད་པའི་བྱ་བའི་རྣམ་པ་གྲུབ་པར་བྱས། དེ་དང་མཉམ་དུ། ལས་བྱེད་མང་ཚོགས་ཀྱི་སྤུས་ཚད་མཐོར་འདེགས་བྱེད་ཆེད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཏང་ཡོན་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ནང་དུ་ངེས་པར་སྦྱངས་དགོས་པའི་བསླབ་ཚན་དུ་བྱས་པ་དང་། གསོ་སྦྱོང་རྫོང་ཡོངས་ལ་ཁེབས་པར་བྱས།

ཅི་ཞིག་ཆད་ན་དེ་ཁ་གསབ་བྱེད་པའི་རྩ་དོན་ལྟར། སྡེ་བའི་ལས་བྱེད་པའི་ནུས་པ་འཐོར་འདེགས་གཏོང་བ་སོགས་ཐད་ཀྱི་བཟོ་སྐྲུན་ལག་བསྟར་བྱས་པ་དང་། ཞང་སྡེའི་དབུལ་ཐར་མཁྲེགས་གཏོར་ཐད་ཀྱི་དགོས་མཁོ་དང་ཞིང་བས་ལས་སྐྲུན་ཕྱུག་སྒྱུར་ཐད་ཀྱི་དགོས་མཁོར་དམིགས་ནས་དམིགས་སའི་རང་བཞིན་ཡོད་པའི་གསོ་སྦྱོང་སྤེལ། ཏང་འཛུགས་དང་ལག་རྩལ་མཉམ་བསྲེས་ཀྱི་གསོ་སྦྱོང་བཟོ་སྐྲུན་ཧུར་ཐག་གིས་སྤེལ་བ་དང་། ནང་འདྲེན་དང་ཕྱིར་འགྲོ་བའི་གསོ་སྦྱོང་རྣམ་པ་སོགས་འཐབ་ཇུས་ཆེན་པོ་དྲུག་རྒྱུན་འཁྱོངས་བྱས།

རྗེས་གྲབས་ལས་བྱེད་པ་གསོ་སྐྱོང་བྱེད་ཆེད། སྡེ་བའི་ལས་བྱེད་པའི་ལས་གནས་གཅིག་ལ་རྗེས་གྲབས་ལས་བྱེད་པ་གཅིག་ཡོད་པའི་རེ་བ་ལྟར། ཕྱོགས་ཡོངས་ནས་སྡེ་བ་རིམ་པའི་རྗེས་གྲབས་ལས་བྱེད་པ་སྔོག་འདོན་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། གཙོ་བོར་ཕྱི་རུ་བཟོ་ལས་བཟོ་སྐྲུན་སོགས་བྱ་བ་གཉེར་རྗེས་ཕྱིར་རང་ཡུལ་དུ་ལོག་ནས་མང་ཚོགས་ཕྱུག་སྒྱུར་བྱེད་པ་དང་ཚན་རྩལ་དཔེ་སྟོན་ཁྱིམ་ཚང་། འདེབས་འཛུགས་དང་གསོ་སྤེལ་ལས་རིགས་ཐད་ཀྱི་འཇོན་མི་སོགས་རིགས་སོ་སོའི་ཕུལ་བྱུང་ཤེས་ལྡན་མི་སྣ་རྗེས་གྲབས་ལས་བྱེད་པའི་འདེམ་བསྐོའི་ཁྱབ་ཁོངས་ཁྲོད་འཇོག་པ་དང་འདེམ་བསྐོའི་ཤུགས་ཚད་ཆེ་རུ་བཏང་།

དེ་མིན། ཧྲུའུ་ཅི་དང་པོ་དང་དབུལ་སྐྱོར་སྡེ་སྡོད་བྱ་བའི་རུ་ཁག་དོ་དམ་བཟང་བོ་དང་བཀོལ་སྤྱོད་བཟང་བོ་བྱས་ཏེ་དོན་དངོས་དང་མཐུན་པའི་སྒོ་ནས་ཞང་གྲོང་བརྒྱད་ཀྱི་བཟོ་སྐྲུན་དམ་འཛིན་བྱས་པ་དང་། ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ལས་གཞི་གལ་ཆེན་ལ་ལྟ་རྟོག་བྱེད་པའི་ལམ་ལུགས་ལ་རྒྱུན་མཐུད་སྒོས་སྐུལ་འདེད་བཏང་སྟེ་ཁྱབ་ཁོངས་སོ་སོའི་ལས་གཞི་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཏེ་ཕན་ནུས་ཐོན་པར་སྐུལ་འདེད་བཏང་། མུ་མཐུད་དུ་ཏང་འཛུགས་དཔེ་སྟོན་ཁུལ་གསར་འཛུགས་བཟོ་སྐྲུན་ལག་བསྟར་བྱས་པ་བརྒྱུད་དེ་དཔེ་སྟོན་ཁུལ་གསར་འཛུགས་བྱ་བར་བརྟེན་ནས་རྫོང་ཡོངས་ཀྱི་གཞི་རིམ་ཏང་འཛུགས་གིས་དབུལ་ཐར་མཁྲེགས་གཏོར་བྱ་བར་སྐུལ་འདེད་གཏོང་བའི་བྱ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་བྱས།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།