ཡན་ཅིན་ཧེ་ཡིས་ཧུའུ་ཀྲུའུ་རྫོང་དང་གཅན་ཚ་རྫོང་གི་གནས་སྐོར་ཐོན་ལས་འཕེལ་རྒྱས་ཐད་ནས་ཆེད་དོན་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་ལྔ་བའི་ཚེས་གཉིས་ཉིན་ནས་ཚེས་གསུམ་ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་ཧུའུ་ཀྲུའུ་རྫོང་དང་གཅན་ཚ་རྫོང་དུ་སོང་ནས་གནས་སྐོར་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་ཆེད་དོན་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུའི་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཧྲུའུ་ཅི་ཝང་ཅན་ཅོན་གྱི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ། གནས་ཐིག་གཏན་ཁེལ་ཡང་དག་བྱེད་པ་དང་དགེ་མཚན་འབུར་ཐོན་བྱེད་པ། འདུ་ཤེས་གསར་གཏོད་དང་སྒུལ་ཤུགས་ཆེར་བསྐྱེད་དེ། གནས་སྐོར་ཐོན་ལས་རྒྱུ་སྤུས་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་དགོས་ཟེར།

ཉིན་གཉིས་རིང་། ཡན་ཅིན་ཧེ་སྔ་གཞུག་ཏུ་ཧུའུ་ཀྲུའུ་རྫོང་ཝེ་ཡོན་གྲོང་རྡལ་དང་ཏུང་ཧྭི་ཞང་མཱ་ཅི་སྡེ་བ་དང་། གཅན་ཚ་རྫོང་ཁང་དབྱང་གྲོང་རྡལ་དང་སྣང་ར་ཞང་སོགས་སུ་སོང་ནས། མཛེས་པའི་ཡུལ་གྲོང་གནས་སྐོར་དང་སྐྱེ་ཁམས་མྱོང་ཚོང་གནས་སྐོར། ཞིང་ལས་ལྗོངས་རྒྱུ་གནས་སྐོར་སོགས་ཐད་ནས་རྟོག་ཞིབ་གཏིང་ཟབ་བྱས། ཁོས་ནན་གྱིས་བསྟན་དོན། རི་ལྗང་ཆུ་དྭངས་གསེར་དངུལ་རི་ལས་ལྷག་ཞེས་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ། གནས་སྐོར་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་མི་དང་རང་བྱུང་བར་གྱི་འཆམ་མཐུན་མཉམ་གནས་མངོན་པར་བྱེད་པ་ལས་འགལ་ཟླ་མི་ཡོང་བར་བྱེད་དགོས། གནས་སྐོར་ལས་རིགས་ལ་དམ་འཛིན་བྱེད་པ་ནི་དེང་རབས་ཞབས་ཞུའི་ལས་རིགས་ཀྱི་་ཐོན་ལས་གཙོ་བོའི་ཁ་ཕྱོགས་ཡིན་པས། ཞིང་ཆེན་ནང་ཁུལ་གྱི་མང་ཚོགས་གནས་སྐོར་དང་ཕྱི་ཕྱོགས་ལ་ཁ་གཏད་པའི་མཐོ་རིམ་གནས་སྐོར་གཉིས་ལ་གཅིག་གྱུར་འཆར་འགོད་བྱེད་པའི་གནས་ཐིག་གཏན་ཁེལ་རྒྱུན་འཁྱོངས་བྱེད་པ་དང་། བཟང་བོ་དར་སྤེལ་དང་སྐྱོན་ཆ་ཡོ་བསྲང་བྱེད་པ་དང་། དགེ་ལེན་སྐྱོན་སེལ་བྱས་ཏེ། ལམ་ལོག་ཏུ་མི་འགྲོ་བར་བྱེད་དགོས། རྐྱེན་སྲོལ་གསར་གཏོད་དང་ལམ་ལུགས་གསར་གཏོད། མ་དཔེ་གསར་གཏོད་བྱེད་པ་བརྒྱུད་དེ། གནས་སྐོར་ལས་རིགས་འཕེལ་རྒྱས་ཐད་ཀྱི་ནང་སྐྱེས་སྒུལ་ཤུགས་ཆེར་སྐྱེད་པ་དང་། རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བའི་ནུས་པ་མཐོར་འདེགས་བྱེད་དགོས། གནས་སྐོར་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་དམིགས་འབེན་གཙོ་བོ་ནི་མང་ཚོགས་ཕྱུག་བསྒྱུར་བྱེད་རྒྱུ་དེ་ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་པ་དང་། མང་ཚོགས་ཀྱི་སྣེ་ཁྲིད་དེ་དེའི་ཁྲོད་ཞུགས་པར་རྒྱུན་འཁྱོངས་བྱེད་པ། ཞང་གྲོང་གནས་སྐོར་འཕེལ་རྒྱས་སུ་བཏང་སྟེ། ཡོང་འཕར་ཕྱུག་བསྒྱུར་མངོན་འགྱུར་བྱེད་པ་དང་། ཐོབ་ཚོར་དང་བདེ་སྣང་མཐོར་འདེགས་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།