ལིག་ཉིང་གིས་མདའ་བཞི་རྫོང་ཧེ་ཧྥིན་སྡེ་བའི་གནད་ཕིགས་དབུལ་སྐྱོར་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས18ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིག་ཉིང་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཉི་མ་སྒྲོལ་མའི་འགྲོ་རོགས་འོག མདའ་བཞི་རྫོང་སན་ཅོ་མཁར་གྲོང་རྡལ་ཧེ་ཧྥིན་སྡེ་བ་རུ་སོང་ནས་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་གནས་ངེས་གཏན་གྱི་དབུལ་སྐྱོར་བྱ་བར་རྟོག་ཞིབ་བྱས་པ་དང་། རོང་འབྲོག་མང་ཚོགས་ལ་འཚམས་འདྲི་བྱས།

སྡེ་དམངས་ཨུ་ཡོན་ལྷན་ཁང་དུ། ལིག་ཉིང་གིས་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་སྡེ་དམངས་དང་མཉམ་དུ་བཞུགས་མོལ་བྱས་ནས། སྡེ་སྡོད་བྱ་བའི་རུ་ཁག་གི་བྱ་བའི་ཡར་ཞུ་ལ་ཉན་རྗེས་བཤད་རྒྱུར། སྔོན་ཏག་ཏག་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞང་སྡེ་དར་སྤེལ་འཐབ་ཇུས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ལག་བསྟར་གྲོས་གཞི་པར་སྐྲུན་འགྲེམ་སྤེལ་བྱས་པས། ཚང་མས་གོ་སྐབས་དམ་འཛིན་དང་སྤོབས་པ་ཆེན་པོས་གསར་གཏོད་བྱེད་པ། རང་འགུལ་གྱིས་འབད་འཐབ་བྱས་ཏེ། ཞང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་བཟང་བོ་བྱེད་པ་དང་། ཧུར་ཐག་གིས་དུས་རབས་གསར་བའི་རོང་འབྲོག་ཁུལ་གྱི་ཁྱོན་ཡོངས་དར་སྤེལ་གྱི་ལེའུ་གསར་བ་འབྲི་དགོས། ས་བབ་དང་བསྟུན་པ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་བསམ་ཕྱོགས་གསར་བ་འཚོལ་ཞིབ་བྱེད་པ་དང་སྲ་བརྟན་དུ་གཏོང་བ། རྒྱ་བསྐྱེད་པ་དང་། སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་ཐར་ཕྱུག་བསྒྱུར་བྱེད་པའི་ནུས་པ་ཇེ་དྲག་ཏུ་བཏང་སྟེ། རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་རྒྱུན་མཐུད་ངང་ཁ་སྣོན་བྱེད་པར་སྐུལ་འདེད་གཏོང་བ་དང་། དབུལ་ཐར་གྲུབ་འབྲས་རྒྱ་བསྐྱེད་པ་དང་སྲ་བརྟན་དུ་གཏོང་དགོས་ཟེར། ཁོས་ནན་གྱིས་བསྟན་དོན། དཔྱིད་དུས་ཀྱི་དུར་མཆོད་དུས་ཚིགས་ཐོན་ལ་ཉེ་བ་དང་། མེ་འགོག་གནས་བབ་ཧ་ཅང་ཛ་དྲག་ཆེ་བས། སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་སྡེ་བའི་ཉེན་རྟོག་པ་དང་ནགས་སྲུང་མཁན། སྐྱེ་ཁམས་དོ་སྲུང་བ། སྤྱི་ཕན་ལས་གནས་ཀྱི་བྱ་བའི་མི་སྣ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དཔྱིད་དུས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བྱ་བ་བརྟན་བརླིང་ངང་སྤེལ་ནས། རོང་འབྲོག་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་ཟེར།

རྟོག་ཞིབ་བྱེད་སྐབས། ལིག་ཉིང་ཁྱིམ་ཚང་དུ་སོང་ནས་རོང་འབྲོག་མང་ཚོགས་ལ་འཚམས་འདྲི་བྱས་པ་དང་། འཚམས་འདྲིའི་དངོས་པོ་བྱིན། སྡེ་མི་ཀྲང་ཡོང་ལུའུ་ཚང་ནས། ལིག་ཉིང་གིས་ཐོན་སྐྱེད་འཚོ་བ་དང་སྨན་བཅོས་རོགས་སྐྱོར་འགན་སྲུང་སོགས་སྲིད་ཇུས་ལག་བསྟར་བྱེད་པའི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་མ་ཟད། ཡིད་ཆེས་བརྟན་པོ་བྱེད་པ་དང་རང་སྟོབས་རང་སྤེལ་བྱས་ཏེ། སྔ་མོ་ནས་དབུལ་ཐར་ཕྱུག་སྒྱུར་བྱེད་རྒྱུའི་སྐུལ་མ་བཏང་། སྡེ་མི་ཀྲའོ་ཅུན་ཚང་ནས། ལིག་ཉིང་གིས་ཁྱིམ་ཚང་གི་ཡོང་སྒོ་དང་གླ་ཕོགས་ཆད་ལུས་བྱས་ཡོད་མེད་སོགས་ཀྱི་གནས་ཚུལ་ཐད་ནས་རྒྱུས་ལོན་གསལ་བོ་བྱས།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།