ལིག་ཉིན་གྱིས་རྒྱ་ལོ་སྨོན་ལམ་ཉིན་གྱི་སྐུ་འབུམ་དགོན་པའི་མེ་ཏོག་མཆོད་པའི་བདེ་སྲུང་བྱ་བར་ཞིབ་བཤེར་དང་མཛུབ་སྟོན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས་1ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིག་ཉིན་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ། ཧྲིན་ཀྲང་གཞོན་པ། སྤྱི་བདེ་ཐིན་གྱི་ཐིན་ཀྲང་ཝང་ཀྲིན་ཧྲིན་བཅས་ཧོང་ཀྲུང་རྫོང་རུ་གསར་གྲོང་རྡལ་ལ་སོང་ནས་འཐབ་ཕྱོགས་དང་པོའི་ལས་རེས་ཉེན་རྟོག་པ་དང་། མེ་འགོག་དྲག་ཆས་ཉེན་རྟོག་དམག་དཔོན་དང་བྱ་བ་བསྒྲུབ་མཁན་ལ་འཚམས་འདྲི་བྱས་ཤིང་། རྒྱ་ལོ་སྨོན་ལམ་ཉིན་གྱི་སྐུ་འབུམ་དགོན་པའི་མེ་ཏོག་མཆོད་པའི་བདེ་སྲུང་བྱ་བར་ཞིབ་བཤེར་དང་མཛུབ་སྟོན་བྱས།

ལིག་ཉིན་གྱིས་ནན་གྱིས་བསྟན་དོན། དེ་རིང་སྟེ་རྒྱ་ལོ་སྨོན་ལམ་ཉིན་གྱི་སྐུ་འབུམ་དགོན་པའི་མེ་ཏོག་མཆོད་པ་ནི་ལོ་རྒྱུས་ཡུན་རིང་ཞིང་མིང་གྲགས་ཆེ་ལ། སྐབས་རེ་རེར་ཡུལ་སྐོར་བ་དང་མང་ཚོགས་ཧ་ཅང་མང་བར་མ་ཟད། འདུ་འཛི་ཆེ་ཞིང་སྐོར་སྐྱོད་བྱེད་ཚུལ་ཆེ་བས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྒྱ་ལོ་སྨོན་ལམ་ཉིན་གྱི་སྐུ་འབུམ་དགོན་པའི་མེ་ཏོག་མཆོད་པར་ཚད་མཐོན་པོས་མཐོང་ཆེན་བྱེད་བཞིན་ཡོད་ཅིང་ཐེངས་མང་པོར་རེ་བ་གསལ་བོ་བཏོན་ཡོད། སྐུ་འབུམ་དགོན་པའི་མི་དམངས་དོ་དམ་ཨུ་ཡོན་ལྷན་ཁང་དང་ཐེངས་འདིའི་མེ་ཏོག་མཆོད་པར་ཞུགས་པའི་སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོས་མི་དམངས་མང་ཚོགས་ཀྱི་ཁེ་ཕན་ཨང་དང་པོར་བཞག་སྟེ། དུས་ངེས་མེད་དུ་བདེ་འཇགས་ལ་དོ་སྣང་བྱེད་པ་དང་། ནང་སྦྱོང་ལ་ཤུགས་སྣོན་བྱེད་པ། ལས་བཟོ་བ་ཡོངས་ལས་གནས་སུ་ཞུགས་ནས་ཉེན་ཁར་དམ་དུ་དམིགས་པ། ཕྱོགས་ཚང་མ་མཉམ་འགུལ་བྱས་ནས་བདེ་འཇགས་ལ་ཁག་ཐེག་བྱས་ཏེ། བདེ་འཇགས་དོན་རྐྱེན་ཚབས་ཆེན་དང་འདུ་ཚོགས་དོན་རྐྱེན་མི་འབྱུང་བར་བྱས་ནས་རྒྱ་ལོ་སྨོན་ལམ་སྐབས་ཀྱི་སྤྱི་ཚོགས་སྒྲིག་ལམ་འཆམ་མཐུན་བརྟན་འཇགས་ཡོང་བར་ཁག་ཐེག་བྱེད་དགོས་ཟེར།

ཝང་ཞའོ་དང་ཝང་ཀྲིན་ཧྲིན་གཉིས་ཀྱིས་ངེས་པ་དོན་གྱིས་འགན་འཁྲི་ཕྲག་སྟེང་དུ་བླངས་ནས་སྐབས་བསྟུན་སྔོན་ཇུས་སྦྱོང་བརྡར་ལ་ཤུགས་སྣོན་དང་སྦྲེལ་མཐུད་མཉམ་ལས་ལ་ཤུགས་སྣོན། སྤྱི་ཡོངས་ནས་མཉམ་འགུལ་གྱི་མཉམ་ཤུགས་ཆགས་པར་བྱས་ནས་བདེ་འཇགས་འགན་འཁྲིའི་དོན་རྐྱེན་འབྱུང་བར་ནན་འགོག་བྱེད་དགོས་པའི་རེ་བ་བཏོན། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།