མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དགོན་པའི་བདེ་འཇགས་མེ་གསོད་རྒུད་སྐྱོབ་སྦྱོང་བརྡར་བྱ་འགུལ་སྐུ་འབུམ་དགོན་པ་ནས་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་ཏང་ཨུའི་དྲིག་སྒྲོག་པུའུ། ཞིང་ཆེན་མི་རིགས་ཆོས་ལུགས་དོན་གཅོད་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྤྱི་བདེ་ཐིན། ཟི་ལིང་གྲོང་ཁྱེར་ཏང་ཨུ་བཅས་ཀྱིས་མཉམ་འབྲེལ་སྒོས་སྐུ་འབུམ་དགོན་པ་ནས་ཞིང་ཆེན་ཡོངས་ཀྱི་དགོན་པའི་བདེ་འཇགས་མེ་གསོད་རྒུད་སྐྱོབ་ཀྱི་སྦྱོང་བརྡར་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཀྱིས་མེ་གསོད་རྒུད་སྐྱོབ་སྦྱོང་བརྡར་ལ་བལྟས་པར་མ་ཟད་གཏམ་བཤད།

མགོན་པོ་བཀྲ་ཤིས་ཀྱིས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་ནི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྐབས་སུ་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་སྲུང་སྐྱོབ་བྱེད་རྒྱུ་ནི་ང་ཚོའི་ཐུན་མོང་གི་འགན་འཁྲི་ཡིན་པས། འགན་འཁྲིའི་འདུ་ཤེས་དང་ཁྱོན་ཡོངས་ཀྱི་འདུ་ཤེས་ཆགས་པར་བྱེད་པ་དང་གོང་འོག་གཅིག་སྒྲིལ་བྱས་ཏེ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྐབས་ཀྱི་དགོན་པའི་མེ་གསོད་བདེ་འཇགས་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་དགོས། དགོན་པ་ནི་མེ་གསོད་བདེ་འཇགས་འགན་འཁྲིའི་གཙོ་གཞི་ཡིན་པའི་ཆ་ནས་མེ་གསོད་བདེ་འཇགས་འགན་འཁྲིའི་ལམ་ལུགས་ནན་ཏན་སྒོས་དངོས་འབེབས་བྱེད་པ་དང་། མེ་གསོད་བདེ་འཇགས་ཐད་ལ་ཞིབ་བཤེར་བྱེད་དགོས་པར་མ་ཟད། ད་ཡོད་ཀྱི་མེ་གསོད་སྒྲིག་ཆས་ལ་དོ་དམ་བཟང་བོ་བྱེད་པ་དང་དགོན་པའི་མེ་གསོད་ནུས་པ་ཁྱོན་ཡོངས་ནས་ཇེ་ཆེར་བཏང་སྟེ་མེ་སྐྱོན་འབྱུང་བའི་ཉེན་ཁ་རྩ་བ་ནས་གཙང་སེལ་བྱེད་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་ངང་འཚོགས་པར་བདེ་འཇགས་འཆམ་མཐུན་གྱི་སྤྱི་ཚོགས་ཁོར་ཡུག་གསར་སྐྲུན་བྱེད་དགོས་ཟེར།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།