ཡུལ་ཤུལ་གྱི་སྦྲ་ནག་འཛམ་གླིང་ཅི་ཉི་སིའི་ཟིན་ཐོ་བཀོད་པའི་བདེན་དཔང་ར་སྤྲོད་བྱས་པ།

1501133743379971.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ6པའི་ཚེས27ཉིན།  ཁམས་ཡུལ་ཤུལ་ཁུལ་གྱི་སྦྲ་ནག་དེ་འཛམ་གླིང་ཅི་ཉི་སིའི་ཟིན་ཐོར་བཀོད་པའི་བདེན་དཔང་ལ་ར་སྤྲོད་བྱེད་པའི་མཛད་སྒོ་ཡུལ་ཤུལ་ཁུལ་འབའ་ཐང་རྩྭ་ཐང་དུ་ཚོགས་པ་རེད།

ཅི་ཉི་སིའི་འཛམ་གླིང་ཟིན་ཐོའི་དཔང་དངོས་ལ་ར་སྤྲོད་བྱེད་མཁན་ཏ་མིན་གྱིས་ཁམས་ཡུལ་ཤུལ་ཁུལ་གྱི་སྦྲ་ནག་བཟོ་མཁན་བསོད་ཚེ་ལ་འཛམ་གླིང་ཅི་ཉི་སིའི་ཟིན་ཐོའི་ཁས་ལེན་ལག་ཁྱེར་སྤྲད་པ་དང་། དེས་ཡུལ་ཤུལ་གྱི་སྦྲ་ནག་གི་འཛམ་གླིང་ཅི་ཉི་སིའི་ཟིན་ཐོའི་དཔང་དངོས་ལ་ར་སྤྲོད་བྱས་པར་ཁས་ལེན་ཐོབ་པ་མཚོན་ཞིང་།  ཡུལ་ཤུལ་ཁུལ་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཏེ་ཅུན་དང་།  ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚེ་རིང་ཐར།  ཅི་ཉི་སིའི་འཛམ་གླིང་ཟིན་ཐོ་དཔང་དངོས་ར་སྤྲོད་བྱེད་མཁན་སོགས་འགོ་ཁྲིད་དང་ཆེད་མཁས་པ་བཅས་ཚོགས་འདུར་ཞུགས་ཡོད།

1501133743348315.jpg

1501133743324123.jpg

བསོད་ཚེ་ཡིས་བསྟན་དོན།  དེ་རིང་ཡུལ་ཤུལ་སྦྲ་ནག་དེ་འཛམ་གླིང་གི་ཅི་ཉི་སིའི་ཟིན་ཐོར་བཀོད་པའི་དཔང་དངོས་ལ་ར་སྤྲོད་བྱེད་པའི་མཛད་སྒོ་ཚོགས་པ་མ་ཟད།  ད་དུང2017ལོའི་ཁམས་ཡུལ་ཤུལ་ས་ཁུལ་གྱི་སྦྲ་ནག་རིག་གནས་དང་མཐོ་རིམ་གླེང་སྟེགས་སོགས་ཀྱི་བྱེད་སྒོའང་སྤེལ་རྒྱུ་ཡིན་ལ།  སྦྲ་ནག་འཚེམ་བཟོ་བྱེད་པ་འདིའི་དམིགས་ཡུལ་ནི་མཚོ་བོད་ས་མཐོའི་ཐོག་འཚོ་སྡོད་བྱེད་བཞིན་པའི་མི་རིགས་འདིའི་གནའ་བོའི་རུ་སྤོར་འབྲོག་པའི་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱས་པའི་མཚོན་རྟགས་ཤིག་ཡིན་ཟེར།

1501133744252061.jpg

ཝུའུ་ཏེ་ཅུན་གྱིས་ངོས་འཛིན་ཁས་ལེན་མཛད་སྒོའི་ཐོག་བསྟན་དོན།  ཡུལ་ཤུལ་སྦྲ་ནག་གི་འཛམ་གླིང་ཅི་ཉི་སིའི་ཟིན་ཐོར་བཀོད་པའི་དཔང་དངོས་ལ་ར་སྤྲོད་བྱས་པ་དེས། བསོད་ཚེ་ལ་མི་རིགས་རིག་གནས་དང་ཕ་ཡུལ་ལ་དགའ་ཞེན་ཆེ་བའི་བརྩེ་སེམས་ཤིག་ཡོད་པ་མཚོན་པ་མ་ཟད། ཞུམ་མེད་ཀྱི་སྙིང་རུས་ཡོད་པ་མཚོན་ཞིང་།  ཡུལ་ཤུལ་ནི་རིག་གནས་ཀྱི་རྨང་གཞི་ཧ་ཅང་ཟབ་པའི་ས་ཁུལ་ཞིག་ཡིན་ལ།  ང་ཚོས་ད་ཡོད་ཀྱི་རིག་གནས་ཀྱི་རྨང་གཞིའི་ཐོག་སྲུང་སྐྱོབ་ཡག་པོ་དང་རྒྱུན་འཛིན་གང་ལེགས་བྱ་རྒྱུ་དེ་ནི་འདོར་ཐབས་མེད་པའི་འགན་འཁྲི་དང་འོས་འགན་ཞིག་ཡིན་ཟེར།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།