2017ལོར་མཚོ་སྔོན་ཞིང་ཆེན་གྱིས་གཞུང་ཞབས་པ959བསྡུ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས2017ལོའི་གཞུང་ཞབས་པ་བསྡུ་བ་དང་སྤྱི་བདེ་ལས་ཁུངས(ནགས་ཚུལ་ཉེན་རྟོག་པའང་འདུས)ཀྱིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ཏེ་མི་དམངས་ཉེན་རྟོག་པ་བསྡུ་བའི་སྤྱི་བསྒྲགས་དེ་རིང་དངོས་སུ་ཁྱབ་བསྒྲགས་བྱས་ཤིང་། དེ་ལས་མཚོ་སྔོན་ཞིང་ཆེན་གྱི2017ལོའི་གཞུང་ཞབས་པ་བསྡུ་བའི་བྱ་བ་ཡོངས་སུ་སྤེལ་འགོ་བརྩམས་པ་མཚོན།

སྤྱི་བསྒྲགས་དེ《མཚོ་སྔོན་ཉིན་རེའི་ཚགས་པར》དང་མཚོ་སྔོན་ཞིང་ཆེན་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱི་དྲ་ཚིགས(http://www.qhpta.com)སྟེང་ཁྱབ་བསྒྲགས་བྱས་ཡོད་དེ། ཐེངས་འདིའི་གཞུང་ཞབས་པ་བསྡུ་བའི་འཆར་གཞི་ལྟར་ན་བསྡོམས་པས་མི959བསྡུ་རྒྱུ་ཡིན་པ་དང་། སྤྱི་བདེ་ལས་ཁུངས་ཀྱིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ཏེ་མི་དམངས་ཉེན་རྟོག་པ116བསྡུ་རྒྱུ་རེད། མིང་ཐོ་འགོད་པའི་བྱ་བ་ཟླ3པའི་ཚེས25ཉིན་ནས་བཟུང་འགོ་བརྩམས་ཏེ། ཡིག་རྒྱུགས་ཟླ4བའི་ཚེས22ཉིན་དང་ཚེས23ཉིན་ཞིང་ཆེན་ཡོངས་སུ་གཅིག་གྱུར་ངང་རྩ་འཛུགས་བྱས་ནས་ལག་བསྟར་བྱ་རྒྱུ་རེད།    །

ཟུར་མཆན།

2017ལོའི་མཚོ་སྔོན་གྱི་གཞུང་ཞབས་པ་བསྡུ་བའི་ལས་རྐང་འཆར་གཞི་རེའུ་མིག

2017ལོའི་མཚོ་སྔོན་གྱི་སྤྱི་བདེ་མི་སྣ་དང་ནགས་ཚལ་ཉེན་རྟོག་པ་བསྡུ་བའི་ལས་རྐང་འཆར་གཞི་རེའུ་མིག

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།