མཚོ་སྔོན་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་དངོས་སུ་བཙུགས་ཏེ་སྒོ་བྱང་གི་ཡོལ་བ་འབྱེད་པའི་མཛད་སྒོ་ཟི་ལིང་ནས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་བའི་ཚེས་ཉེར་བཞི་ཉིན། མཚོ་སྔོན་ཞིང་ཆེན་ཡུལ་སྐོར་ཅུའུ་ཡི་མིང་མཚོ་སྔོན་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་དུ་བརྗེས་ཏེ། སྒོ་བྱང་གི་ཡོལ་བ་འབྱེད་པའི་མཛད་སྒོ་ཟི་ལིང་ནས་བསྡུས།

མཚོ་སྔོན་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞུའུ་ཧོ་ཡིས་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་ཡུལ་སྐོར་ཅུའུ་ཡི་མིང་མཚོ་སྔོན་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་དུ་བསྒྱུར་ཏེ། སྲིད་གཞུང་གི་གྲུབ་ཆའི་ལས་ཁུངས་སུ་སྙོམ་སྒྲིག་བྱས་པ་ནི། མཚོ་སྔོན་གྱི་ཡུལ་སྐོར་ལས་དོན་འཕེལ་རྒྱས་ལས་རིམ་ཁྲོད་ཀྱི་རྡོ་རིང་གསར་བ་ཞིག་ཡིན། མིང་གསར་དུ་བརྗེས་པ་ཙམ་མ་ཡིན་པར། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཧུར་བརྩོན་ཆེན་པོས་དཔལ་འབྱོར་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། སྲིད་འཛིན་དོ་དམ་ལམ་ལུགས་ཀྱི་གསར་བརྗེ་འཐབ་ཇུས་བྱེད་ཕྱོགས་གཏིང་ཟབ་དུ་གཏོང་བ། མཚོ་སྔོན་ཡུལ་སྐོར་ལས་དོན་བདེ་ཐང་དང་མགྱོགས་མྱུར། རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བ་བཅས་ཀྱི་དངོས་དོན་བྱེད་ཐབས་ཡིན། དེ་མིན་ད་དུང་ཡུལ་སྐོར་ལས་དོན་འཕེལ་རྒྱས་ཆོས་ཉིད་ལ་གོ་བ་ཡང་དག་ལེན་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཡུལ་སྐོར་ལས་དོན་འཕེལ་རྒྱས་གནས་སྟངས་ལ་དམིགས་ནས་བསྒྲུབས་པའི་ཚན་རིག་གི་ཐབས་ཇུས་གལ་ཆེན་ཞིག་ཀྱང་ཡིན་ཟེར།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།