ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།2015ལོར། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་གིས་སློབ་གསོའི་ལས་གཞི་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་རྒྱུ་དེ་གཙོ་བོར་བཟུང་ནས། སློབ་སྒྲུབ་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་། གཞི་རིམ་གྱི་སློབ་སྒྲུབ་ཆ་རྐྱེན་ལེགས་བསྒྱུར་བྱེད་པ། སློབ་གསོའི་བཟོ་སྐྲུན་སྣ་ཚོགས་ལག་བསྟར་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། ཧུར་ཐག་གིས་མང་ཚོགས་ཡིད་ཚིམ་པའི་སློབ་གསོའི་ཁོར་ཡུག་བསྐྲུན།

འབྲི་སྟོད་རྫོང་གིས་གཙང་གསུམ་འབྱུང་ཡུལ་གྱི་ལོ་གཅིག་གི་སློབ་སྔོན་སློབ་གསོ་དང་ལོ་དགུའི་འོས་འགན་སློབ་གསོ། ལོ་གསུམ་གྱི་ལས་རིགས་སློབ་གསོའི་ཐད་ཀྱི་བྱ་དགའི་ཁ་གསབ་རོགས་དངུལ་གྱི་དོ་དམ་དང་བཀོལ་སྤོད། རྫོང་རིམ་པའི་སློབ་ཞུགས་རོགས་དངུལ་དང་ཆེད་སྤྱོད་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་སྟེར་བ་སོགས་ཀྱི་བྱ་བ་འཐུས་ཚང་དུ་གཏོང་བ་དང་ལག་བསྟར་བྱེད་པའི་ཞོར་དུ། སློབ་བྱོལ་བྱེད་པར་ཚོད་འཛིན་དང་སློབ་ཞུགས་ལ་འགན་སྲུང་བྱེད་པའི་བྱ་བར་སྔར་ལས་ཤུགས་བསྣན་པས། འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད་ཡུས་ཧྲུའུ་ཁུལ་ཡོངས་ཀྱི་ཆ་སྙོམས་ཀྱི་དམིགས་ཚད་ལས་མཐོ་བ་དང་། ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཀྱི་དམིགས་ཚད་ཀྱི་གྲུབ་འབྲས་ཀྱི་རྗེས་ཆོད་ལ་ཉེ། སློབ་གསོའི་ལས་གཞིའི་གཏན་འཇགས་རྒྱུ་ནོར་ཐད་སྒོར་བྱེ་བ་གསུམ་དང་ས་ཡ་ལྔ་ཁྲི་བདུན་བཏང་ནས། འོས་འགན་སློབ་་གསོའི་གཞི་རྩའི་སློབ་སྒྲུབ་ཆ་རྐྱེན་ཇེ་ལེགས་སུ་བཏང་བ་དང་། རྨང་གཞིའི་སློབ་གསོའི་ལས་གཞི་འཛུགས་སྐྲུན་ལྟ་སྐུལ་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། ཚད་ལྡན་ཅན་གྱི་སློབ་ར་དང་ཡུལ་གྲོང་གི་ན་གཞོན་ལོ་ཆུང་ཕོ་བྲང་སོགས་ཀྱི་ལས་གཞི་འཛུགས་སྐྲུན་ལ་ཁག་ཐེག་བྱས། མ་དངུལ་སྒོར་ས་ཡ་གཉིས་དང་ཁྲི་བདུན་སྟོང་བཞི་བཏང་ནས་བྱིས་གཉོར་ཁང་གི་ཆ་སྡེབས་སྒྲིག་ཆས་ཐག་བཅད་པ་དང་། སློབ་གྲྭའི་ཉལ་ཁང་གི་ཆུ་འགོག་བསྒྱུར་བཀོད་ཐད་མ་དངུལ་སྒོར་ས་ཡ་གཉིས་འབུམ་གཅིག་ཁྲི་བདུན་སྟོང་བཞི་བཏང་ལ། དེང་རབས་སློབ་གསོའི་གསོ་སྦྱོང་ལྟེ་གནས་ཐད་མ་དངུལ་སྒོར་ས་ཡ་གཅིག་འབུམ་བཞི་ཁྲི་ལྔ་བཏང་། རྫོང་མི་རིགས་སློབ་འབྲིང་གི་ཡན་ལག་སློབ་གྲྭ་འཛུགས་སྐྲུན་ཐད་མ་དངུལ་སྒོར་ས་ཡ་གཅིག་འབུམ་གཉིས་བཏང་། སློབ་གསོའི་མ་དངུལ་སྒོར་བྱེ་བ་འབུམ་བཞི་ཁྲི་དགུ་སྟོང་བདུན་བཏང་ལ། ཡིད་རྟོན་སློབ་ཞུགས་རོགས་དངུལ་ཐད་ཀྱི་དངུལ་བུན་སྒོར་ས་ཡ་བདུན་འབུམ་དགུ་ཁྲི་བདུན་སྟོང་གཉིས་དགུ་བརྒྱ་བསྐྱིས་ནས། དབུལ་ཕོངས་སློབ་མ་བརྒྱ་དང་གྱ་བརྒྱད་ལ་ཕན་བཏགས།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།