ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་བཞི་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ཀྲུང་དབྱང་གི་ཞིང་སྡེ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཞིང་སྡེ་འབྲོག་ཁུལ་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་ལ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་དང་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་བཅས་ཀྱི་བྱ་བའི་སྙན་ཞུ་ལ་ཉན།

ཚོགས་ཐོག་ནས་བསྟན་དོན། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་ཚུན་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་གསུམ་ཕྱུགས་གསུམ་གལ་ཆེན་ནང་གི་འགངས་ཆེན་དུ་འཛིན་པའི་འཐབ་ཇུས་བསམ་བློ་རྒྱུན་འཁྱོངས་བྱས་པ་དང་། ཚན་རྩལ་ལ་གཙིགས་འཛིན་དང་གྲུབ་ཚུལ་ལེགས་སྒྲིག བཅོས་བསྒྱུར་ལ་སྐུལ་འདེད། ཞབས་ཞུ་ཇེ་དྲག་ཏུ་བཏང་བས། ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་ལས་ཐད་ནས་དངུལ་གཏོང་ཚད་ཇེ་མང་དུ་སོང་བ་དང་། གྲུབ་ཚུལ་ལེགས་སྒྱུར། གཏན་འཇགས་ཁྲོད་ནས་འཕར་སྣོན་བྱུང་བ། གཏན་འཇགས་ཁྲོད་ནས་རྒྱུ་སྤུས་མཐོར་འདེགས་བྱེད་པའི་རྣམ་པ་བཟང་བོ་མངོན་པ་དང་། དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོབ། དམངས་ཚིས་ལེགས་བསྒྱུར་ཐད་བྱས་རྗེས་བཞག་ཟེར། ཚོགས་ཐོག་ནས་བསྟན་དོན། ད་ལོའི་ཞིང་སྡེ་འབྲོག་ཁུལ་བྱ་བ་བཟང་བོར་བསྒྲུབ་ན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་མཛུབ་སྟོན་དུ་བྱེད་པ་དང་། དབུལ་སྐྱོར་མཁྲེགས་གཏོར་སོགས་ཀྱི་གོ་སྐབས་ཆེན་པོ་དམ་འཛིན་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་གཙོ་བོར་འཛིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ། ཞིང་ཕྱུགས་ལས་ཀྱི་ཕན་འབྲས་ཇེ་ཆེར་གཏོང་བ་དང་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བའི་དམིགས་འབེན་དང་དམིགས་ནས། ཞིང་ཕྱུགས་ལས་ཀྱི་འཕེལ་སྟངས་བསྒྱུར་བར་སྐུལ་འདེད་བྱེད་པ་དང་། ནང་སྐྱེད་སྒུལ་ཤུགས་ཆེ་རུ་བསྐྱེད་དགོས། དབུལ་སྐྱོར་མཁྲེགས་གཏོར་ཐད་ནས་རྒྱལ་ཁ་ཐོག་མ་ལེན་པར་ཁག་ཐེག་བྱེད་པ་དང་། ཆུ་བེད་བཟོ་སྐྲུན་འཛུགས་སྐྲུན་དང་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་ཐད་ཤུགས་སྣོན་པ། ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ནས། མཐོ་སྒང་ཁྱད་ཆོས་ཀྱི་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་སྔར་ལས་འཕེལ་རྒྱས་སུ་གཏོང་དགོས་ཟེར། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་བྱེད་རྒྱུ་གཙོ་བོ་ཡིན་ལ། ཁྱིམ་ཚང་གི་ཚོང་གཉེར་དང་ངལ་རྩོལ་པ་ཕྱིར་གཏོང་བ། རྒྱུ་ནོར་ཡོང་སྒོ ནོར་སྲིད་ཁ་གསབ་སོགས་བྱེད་ཐབས་མང་པོ་བརྒྱུད་དེ་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་རྒྱུན་མཐུད་ནས་འཕར་སྣོན་གཏོང་དགོས་ཟེར། ཚོགས་ཐོག་ནས་ཉེ་དུས་ཞིང་ཆེན་ཡོངས་ཀྱི་ཞིང་སྡེ་འབྲོག་ཁུལ་བྱ་བའི་གྲོས་ཚོགས་བསྡུ་རྒྱུའི་ཐག་བཅད།

ཚོགས་ཐོག་ནས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་དང་ཞིང་ཆེན་སྲིད་གཞུང་ཏང་ཙུའུ། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་བཅས་ཀྱི་བྱ་བའི་སྙན་ཞུ་ལ་ཉན། ཚོགས་ཐོག་ནས་བསྟན་དོན། འདས་པའི་ལོ་གཅིག་གི་རིང་། ཞིང་ཆེན་ཏང་ཨུའི་མགོ་ཁྲིད་འོག ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་དང་ཞིང་ཆེན་སྲིད་གཞུང་ཏང་ཙུའུ། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་བཅས་ཀྱིས་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་དམིགས་ནས། རང་འགུལ་གྱིས་འབད་འཐབ་བྱེད་པ་དང་། འགན་འཁྲི་ལག་བསྟར་ནན་མོ་བྱེད་པ། ཀྲུང་དབྱང་གི་སྲིད་དོན་བྱེད་ཕྱོགས་གལ་ཆེན་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ། གཟབ་ནན་གསུམ་དང་དོན་དམ་གསུམ་གྱི་ཆེད་དོན་སློབ་གསོ་བརྟན་བརླིང་ངང་སྤེལ་ནས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་བྱ་བའི་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་བྱས་ཟེར། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ལོ་གསར་བའི་ནང་དུ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་དང་ཞིང་ཆེན་སྲིད་གཞུང་ཏང་ཙུའུ། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་བཅས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཙུའུ་བྱ་བའི་ཚོད་ལྟའི་སྲོལ་ཡིག་ལག་བསྟར་ནན་མོ་བྱེད་པ་དང་། ཏང་ཁྱོན་ཡོངས་ནས་ནན་སྐྱོང་བྱེད་པའི་རེ་བ་ལྟར་དུ། ཆབ་སྲིད་འགན་འཁྲི་སེམས་སུ་དམ་པོར་བཟུང་ནས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པར་ཁག་ཐེག་བྱེད་དགོས། ཏང་ལ་དོ་དམ་བྱེད་པ་དང་ཏང་བཅོས་སྐྱོང་བྱེད་པའི་འགན་འཁྲི་གཙོ་བོའི་རེ་བ་ལྟར་དུ། ལས་ཁུངས་ཀྱི་ཏང་གི་འཛུགས་སྐྲུན་ཐད་ཀྱི་མཛུབ་སྟོན་ལ་ཤུགས་བསྣན་ནས། དེ་ཡང་དག་པ་དང་ཕན་ནུས་ཡོད་པའི་སྒོ་ནས་འཁོར་རྒྱུག་བྱེད་པར་ཁག་ཐེག་བྱེད་དགོས་ཟེར། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱིས་ཁྲིམས་སྲོལ་ལྟར་འགན་ནུས་བསྒྲུབ་པར་རྒྱབ་སྐྱོར་བྱེད་པ་དང་། བབ་བསྟུན་མདུན་བསྐྱོད་བྱས་ནས། འགན་ནུས་འདོན་སྤེལ་གང་ལེགས་བྱེད་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།