ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཉེ་སྔོན་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ཕྱི་རྒྱལ་ཆེད་མཁས་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། “ལོ་ལྔའི་ཚན་བཅུ་གཉིས”སྐབས་སུ་མཚོ་སྔོན་ཞིང་ཆེན་གྱིས་ཕྱི་རྒྱལ་གྱི་ཤེས་རིག་ནང་འདྲེན་ལ་བཀོལ་བའི་གྲོན་དངུལ་བསྡོམས་པོས་སྒོར་ཁྲི5143ལ་བསླེབས་པ་དང་དེ་ནི“ལོ་ལྔའི་ཚན་བཅུ་གཅིག”པའི་དུས་ཀྱི་ལྡབ8.3ཡིན། ལོ་ལྔའི་རིང་ལ་ཤུགས་རྐྱེན་ཆེན་པོ་ཡོད་པའི་ཤེས་ཡོན་ནང་འདྲེན་རྣམ་གྲངས་རབ་དང་རིམ་པ་སྤེལ་བ་དང་། “ཁྱད་དུ་འཕགས་པའི་ཕྱིའི་ཤེས་ཡོན”རྣམ་གྲངས་དེས་མཚོ་སྔོན་ཞིང་ཆེན་གྱི“ཁུལ་གསུམ”འཛུགས་སྐུན་ལ་ཤེས་ཡོན་ཕྱོགས་ནས་རྒྱབ་སྐྱོར་བྱས།

“ལོ་ལྔའི་ཚན་བཅུ་གཉིས”ནས་བཟུང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་རྒྱལ་ཁབ་ཕྱི་རྒྱལ་ཆེད་མཁས་ཅུའུ་གཉིས་ཀྱིས་མཛུབ་སྟོན་འོག མཚོ་སྔོན་ཞིང་ཆེན་གྱི་ཤེས་ཡོན་ནང་འདྲེན་རྣམ་གྲངས་བཟོ་ལས་དང་། ཞིང་ཕྱུགས་ལས། སློབ་གསོ། ཚན་རྩལ། རིག་གནས། འཕྲོད་བསྟེན། མྱུར་སྐྱོབ། སྤྱི་ཚོགས་དོ་དམ་སོགས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གྱི་ཕྱོགས་སོ་སོར་ཁྱབ་ཡོད་པ་དང་། གྲོང་ཁྱེར་ཇུས་འགོད་དང་། ཐོན་ཁུངས་སྔོག་འདོན། གཙང་གསུམ་འབྱུང་ཡུལ་གྱི་སྐྱེས་ཁམས་སྲུབ་སྐྱོབ། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་དཔལ་འབྱོར། ནུས་ཁུངས་གསར་བ། རྒྱུ་ཆ་གསར་བའི་བཀོལ་སྤྱོད་སོགས་མངའ་ཁོངས་སོ་སོར་འབྲེལ། བསྡོམས་པས་རྒྱལ་ཁབ་དང་ཞིང་ཆེན་ནང་ཁུལ་དུ་ཕྱི་རྒྱལ་གྱི་ལག་རྩལ་དང་འཇོན་ཐང་ཅན་གྱི་དོ་དམ་མི་སྣ་ནང་འདྲེན་བྱེད་པའི་རྣམ་གྲངས281ལག་བསྟར་བྱས་ཤིང་། ཕྱི་རྒྱལ་གྱི་ཆེད་མཁས་པ་ཐེངས1933ལ་གདན་ཞུ་བྱས་པ་དང་། ཕྱི་འགྲིམ་ཟབ་སྦྱོང་རྣམ་གྲངས197དངོས་འབེབས་བྱས།  མིའི་ཐེངས4185རྩ་འཛུགས་བྱས་ཏེ་ཕྱི་རྒྱལ་དུ་སོང་ནས་ཟབ་སྦྱོང་ལ་ཞུགས།   ། 

                                     

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།