ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་འམ། ཞིང་ཆེན་ཏང་ཨུའི་ནོར་སྲིད་དཔལ་འབྱོར་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལོ་ཧོས་ཉིན་གྱིས་མགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ནོར་སྲིད་དཔལ་འབྱོར་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས་ནས2015ལོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་གནས་བབ་ལ་དབྱེ་ཞིབ་བྱས་པ་དང་། 2016ལོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོ་དང་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བའི་བྱེད་ཐབས་གལ་ཆེན་ལ་ཞིབ་འཇུག་བྱས་པ་མ་ཟད། “ལོ་ལྔའི་ཚན་བཅུ་གསུམ”པའི་སྐབས་ཀྱི་གྲོང་ཁྱེར་བྱ་བ་ལེགས་སྒྲུབ་བྱེད་པའི་སྐོར་གྱི་ཡར་ཞུར་ཉན།

གྲོས་ཚོགས་ནས་མཁོ་འདོན་ལོགས་ངོས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་སྤེལ་བའི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ནས་རང་འགུལ་གྱིས་བྱེད་ཐབས་སྤྱོད་པ་དང་། གནད་ཕིགས་ཀྱིས་ཤུགས་བཏོན་ཏེ་སྔར་ལས་ལྷག་པའི་སྒོ་ནས་གྲུབ་ཚུལ་ལེགས་སྒྲིག་དང་སྒུལ་ཤུགས་ཆེར་བསྐྱེད། འཕེལ་སྟངས་ལེགས་སྒྱུར་བཅས་བྱས་ཏེ། གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་བ་ཞིག་ཏུ་སྐྱོད་དགོས་ཞེས་ནན་གྱིས་བསྟན། ཧའོ་ཕུན་དང་ཝང་ཅན་ཅོན། ཀྲང་ཅན་མེན། ཝང་ཡུས་པོ། ཡན་ཅིན་ཧེ། ཁྲིན་ལིས་ཧྭ། ཀའོ་ཧྭ། ཝང་ལིས་མེན་སོགས་གྲོས་ཚོགས་སུ་ཞུགས།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།