ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་ཉེར་ལྔ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་བསྡུས་ཤིང་། ཚོགས་ཐོག་ནས་སང་ལོའི་མཚོ་སྔོན་གྱི་དམངས་ཚིས་བཟོ་སྐྲུན་ཆེན་མོ་བཅུ་དང་བརྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས།

གྲོས་ཚོགས་ལས་སང་ལོའི་ཟླ་དང་པོའི་ནང་དུ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ་བསྡུ་རྒྱུ་ཐག་བཅད་པ་དང་། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་གྲོང་ཁྱེར་བྱ་བའི་གྲོས་ཚོགས་གཉིས་ཀྱི་དགོངས་དོན་དངོས་འབེབས་དོན་འཁྱོལ་དང་། ཁྱོན་ཡོངས་ནས་དཔལ་འབྱོར་གནས་སྟངས་ལ་དབྱེ་ཞིབ་བྱེད་པ། སང་ལོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བྱ་བར་བཀོད་སྒྲིག་གང་ལེགས་བྱས་ཏེ། གྲོང་ཁྱེར་བྱ་བ་གཏིང་ཟབ་དུ་སྤེལ་བར་ཡར་སྐུལ་བྱས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ད་ལོ་ནས་བཟུང་། དཔལ་འབྱོར་མར་འགྲིབ་གནོན་ཤུགས་ཆེ་ལ་ནོར་སྲིད་ཡོང་འབབ་འཕར་སྣོན་དལ་བའི་གནས་བབ་འོག་ཏུ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དམངས་ཚིས་ལེགས་བཅོས་བྱ་བ་གལ་ཆེན་དུ་བརྩིས་ནས། དམངས་ཚིས་ལས་དོན་ཐད་མ་དངུལ་གཏོང་ཤུགས་ཇེ་དྲག་ཏུ་བཏང་མཐར། ལོ་མགོར་གཏན་འབེབས་བཟོས་པའི་འཆར་གཞི་དུས་ལྟར་ཡོངས་འགྲུབ་བྱས།

 གྲོས་ཚོགས་ལས་བསྟན་དོན། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་སྐབས་ནི་མཚོ་སྔོན་ཞིང་ཆེན་གྱི་དམངས་ཚིས་ལས་དོན་ཐད་མ་དངུལ་གཏོང་ཚད་ཆེས་ཆེ་བ་དང་འབྲེལ་ཡོད་སྲིད་ཇུས་བཏོན་པ་ཆེས་མང་པ། མི་དམངས་མང་ཚོགས་ལ་ཕན་ཁེ་ཐོབ་ཚད་ཆེས་མང་པའི་དུས་སྐབས་ཤིག་ཡིན་པས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་ཕན་བདེ་བླ་མེད་བསྐྲུན། དེང་སྐབས་དང་མ་འོངས་པའི་དུས་ཡུན་གང་འཚམ་ཞིག་གི་རིང་དུ། དབུལ་ཐར་མཁྲེགས་གཏོང་བྱ་བ་དཀྱིལ་སྙིང་དུ་བཟུང་ནས། རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་དགོས་ན། ཅིས་ཀྱང་དམངས་དོན་བྱ་བ་རླབས་ཆེན་ཏུ་བརྩིས་ཏེ། དམངས་ཚིས་ཁྱབ་ཁོངས་བཅོས་སྒྱུར་བྱ་བ་གཏིང་ཟབ་དུ་སྤེལ་དགོས་ལ། མགོ་ཁྲིད་རྩ་འཛུགས་བྱ་བར་ཤུགས་སྣོན་པ། སྲིད་ཇུས་ཀྱི་ཡོངས་ཁྱབ་རང་བཞིན་ཇེ་དྲག་ཏུ་གཏོང་བ། མ་དངུལ་ཧྲག་བསྡུས་ཀྱི་ཐབས་ལམ་ཇེ་མང་དུ་གཏོང་བ། མ་དངུལ་གཏོང་ཤུགས་བར་མ་ཆད་པའི་ངང་ཇེ་དྲག་བཅས་སུ་བཏང་ནས། སང་ལོའི་དབུར་ཐར་མཁྲེགས་གཏོར་བྱ་བ་འཐུས་སྒོ་ཚང་བའི་ངང་སྤེལ་བར་རྨང་གཞི་བརྟན་པོ་འདིང་དགོས། དམངས་ཕན་སློབ་གསོའི་ལས་དོན་དང་ལས་ཞུགས་ལས་སྐྲུན། མཁར་གྲོང་ཡོང་སྒོ་འཕར་སྣོན། སྤྱི་ཚོགས་འགན་སྲུང་ལམ་ལུགས་འཐུས་ཚང་ཅན་དུ་བསྒྱུར་བ། འབྱོར་འབྲིང་སྤྱི་ཚོགས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་བ། སྡོད་དམངས་ཀྱི་འདུག་ཁང་ཆ་རྐྱེན་ཇེ་བཟང་ལ་གཏོང་བ། སྤྱི་བའི་ཞབས་ཞུའི་བྱེད་ནུས་སྟོབས་ལྡན་དུ་བསྒྱུར་བ། ལོ་ལོན་རྒན་པར་ཐུགས་ཁུར་བྱེད་པའི་བཟོ་སྐྲུན་བྱ་བ་ཡར་ལྡན་བཅས་སུ་སྤེལ་མཐར། དམངས་ཚིས་ལེགས་བཅོས་ཀྱི་ཆུ་ཚད་བར་མ་ཆད་པའི་ངང་ཇེ་མཐོར་གཏང་ཐུབ་དགོས་ཟེར།

ཚོགས་ཐོག་ན«མཚོ་སྔོན་ཞིང་ཆེན་དར་གོས་ཚོང་ལམ་དཔལ་འབྱོར་མ་ལག་ཁྲོད་ཟབ་ཞུགས་བྱེད་པ་དང་དུས་རབས་ཉེར་གཅིག་པའི་མཚོ་ཐོག་དར་གོས་ཚོང་ལམ་བསྐྲུན་པའི་ལག་བསྟར་ཐབས་ཇུས» ། «དབུལ་ཐར་མཁྲེགས་གཏོར་བྱ་བ་ཡོངས་འགྲུབ་བྱེད་པར་ཕན་པའི་ལག་བསྟར་དགོངས་འཆར»«ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྤྱི་ཚོགས་རིང་ལུགས་སྲིད་གྲོས་དམངས་ཚིས་འཛུགས་སྐྲུན་བྱེད་དགོས་པའི་སྐོར་གྱི་དགོངས་འཆར»བཅས་ལ་ཞིབ་བཤེར་ཆོག་མཆན་ཐོབ།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།