ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།“དུས་ཆེན་གཉིས”སྐབས་ནི་ཤ་དང་ཟས་རིགས་ཐོན་རྫས་ཉོ་ཚད་ཆེས་མང་བའི་དུས་ཡིན་པས། ཚོང་རར་ཤ་དང་ཟས་རིགས་མཁོ་སྤྲོད་བྱེད་པའི་བྱ་བར་འགན་སྲུང་བྱེད་ཆེད། མཚོ་སྔོན་ཞིང་ཆེན་གྱིས་དུས་ཆེན་གཉིས་སྐབས་ཀྱི་ཤ་དང་ཟས་རིགས་བདེ་འཇགས་ཆེད་དོན་ཁྲིམས་སྐྱོང་ཞིབ་བཤེར་བྱ་འགུལ་སྤེལ། གསར་འགོད་པས་ཚེས་ཉེར་གཅིག་ཉིན་ཞིང་ཆེན་ཞིང་ཕྱགས་ཐིན་ཕྱུགས་ཟོག་སྨན་བཅོས་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། རེབ་འདིའི་ཞིབ་བཤེར་བྱ་བ་དེ་ཉིས་སྟོང་བཅོ་ལྔ་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་ཉིན་ནས་ཉིས་སྟོང་བཅུ་དྲུག་ལོའི་ཟླ་གཉིས་པའི་ཚེས་ཉེར་ལྔ་ཉིན་བར་སྤེལ་རྒྱུ་ཡིན་པ་དང་། གཙོ་བོ་ཁྱིམ་ཚང་གི་བཤའ་ཟོག་ཐོན་སྐྱེད་དང་ཁྱིམ་བྱ་སྐྱེལ་འདྲེན་བྱེད་པའི་བྱ་བ་གཉིས་ལ་ཞིབ་བཤེར་བྱེད་རྒྱུ་ཡིན་པ་མ་ཟད། གང་འདོད་དུ་ཟོག་བཤའ་བ་དང་། སྒྲིག་ཁྲིམས་དང་འགལ་ནས་ཁྱིམ་ཕྱུགས་སྐྱེལ་འདྲེན་བྱེད་པ་སོགས་ཀྱི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བྱེད་རྒྱུ་རེད།

རེབ་འདིའི་ཞིབ་བཤེར་བྱ་བ་དེ་ཞིབ་བཤེར་བྱེད་ས་གཙོ་བོར་སྔར་ལས་ཞིབ་བཤེར་བྱེད་རྒྱུ་མ་ཟད། དངུལ་ཆད་གཅོད་ཤུགས་ཇེ་ཆེར་གཏོང་བ་ལས་གཞན། ད་རུང་ས་གནས་སོ་སོས་ད་རུང་དུས་ཆེན་སྐབས་ཀྱི་ལས་རེས་དང་འཚུབ་བསྟུན་དོ་དམ་བཀའ་སྒུག་མི་སྣ་བཀོད་སྒྲིག་བྱས་ནས། ལས་རེས་ཀྱི་སྒྲིག་ལམ་ནན་མོ་དང་། དུས་ཚོད་ཉེར་བཞིའི་རིང་ལ་ལས་རེས་བྱེད་པའི་ལམ་ལུགས་དངོས་འབེབས་ནན་མོ་བྱེད་དགོས་པ་མ་ཟད། ལས་རེས་གཏུག་བཤེར་དང་ཞུ་གཏུག་ཁ་པར་ཁྱབ་སྒྲོག་བྱས་ནས། འཚུབ་བསྟུན་དོན་རྐྱེན་བྱུང་ཚེ་གཟབ་ནན་སྒོས་ཐག་བཅད་ལྟར་སྙན་ཞུའི་ལམ་ལུགས་ལག་བསྟར་བྱེད་དགོས་པ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་འཚུབ་བསྟུན་བྱ་བ་བཟང་བོར་སྒྲུབ་དགོས། སྤྱི་ཚོགས་ཞུ་གཏུག་དང་གཏུག་བཤེར་དོན་རྐྱེན་ལ་རིམ་བཞིན་དཔྱད་ཞིབ་བྱེད་དགོས་པ་མ་ཟད། དུས་ཐོག་ཏུ་དཔྱད་ཞིབ་ཐག་གཅོད་མཇུག་འབྲས་ལས་ཞུ་གཏུག་དང་གཏུག་བཤེར་མི་སྣ་དཔྱད་ཞིབ་བྱེད་དགོས་ཟེར།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།