ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུས་ཧྲུའུ་ཁུལ་ས་འགུལ་གནོད་སེལ་རྒུལ་སྐྱོབ་བཀོད་འདོམས་པུའུ་ཡིས་ཟླ5པའི་ཚེས8ཉིན་ཆེད་དོན་གྲོས་ཚོགས་བསྡུས་ཏེ་སྔ་གཞུག་ཏུ་རིམས་འགོག་འཕྲོད་བསྟེན་དང་ཚོང་ར་འཛུགས་སྐྲུན། ཏང་སྲིད་ལས་ཁུངས་ཀྱི་གནས་སྐབས་གཞུང་དོན་ཁང་བ་འཛུགས་སྐྲུན་བཅས་བྱེད་པའི་གནས་ཚུལ་སྙན་ཞུ་ལ་མཉན།
ཡུས་ཧྲུའུ་ཁུལ་ས་འགུལ་གནོད་སེལ་རྒུལ་སྐྱོབ་བཀོད་འདོམས་པུའུ་ཡིས་ཤུགས་ཆེན་པོས་ཞིག་རོ་གཙང་ཕྱགས་བྱེད་པའི་བྱ་བར་དམ་འབྲེལ་ཡག་པོ་བྱས་ནས་ནན་ཏན་སྒོས་ཁང་ས་ཐོ་འགོད་ཀྱི་བྱ་བ་བཟང་བོ་སྒྲུབ་པ་དང་ཁྱོན་ཡོངས་ནས་བདེ་བླག་ངང་བྱ་བ་ལེགས་འགྲུབ་ཡོང་བར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན་པ་སྟེ། གཅིག ཞིག་རོ་གཙང་ཕྱགས་བྱེད་པའི་གོ་རིམ་ཁྲོད། ཁང་སའི་གནད་དོན་གྱི་ཐད་ལ་རྒྱལ་ཁབ་ཐོན་ཁུངས་སྡེ་ཁག་གིས་དུས་ལྟར་བརྡ་ཐོ་དང་ཁྱབ་བསྒྲགས་སྤེལ་ནས། འབྲེལ་ཡོད་ཀྱི་སྲིད་ཇུས་དྲིལ་བསྒྲགས་བཟང་པོ་བྱས་ཏེ་མང་ཚོགས་ཀྱི་སེམས་བདེ་བློ་བདེ་ངང་བྱ་བ་འདི་བདེ་བླག་ངང་སྤེལ་བ་ཟུང་འབྲེལ་ཡག་པོ་བྱེད་ཐུབ་དགོས་དང་། གཉིས ཞིག་རོ་གཙང་ཕྱགས་བྱེད་པའི་བྱ་བའི་ཐད། མགོ་ཁྲིད་དང་སྤྱིར་བཏང་གི་ལས་བྱེད་པ་རྣམས་ཀྱིས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་བཏོན་ནས། རང་འགུལ་སྒོས་ཞིག་རོ་རྣམས་གཙང་ཕྱགས་བྱེད་དགོས། གསུམ། ཞིག་རོ་གཙང་ཕྱགས་བྱེད་པའི་བྱ་བ་དེ་ལས་ཁུངས་ཀྱི་ལས་བྱེད་པ་རྣམས་སྣེ་ཁྲིད་པ་གཙོ་བོར་བྱས་ཏེ། གོང་འོག་མཉམ་འབྲེལ་ཡག་པོ་བྱེད་དགོས་པ་བཅས་སོ། །
