ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2007ལོའི་ཟླ8པར། མཚོ་སྔོན་ཡུས་ཧྲུའུ་ས་ཁུལ་ནས་ཡོང་བའི་བོད་རིགས་དྭ་ཕྲུག་བྱིས་པ་བཅུ་ལྷག་ལུའོ་ཉིན་ཞིང་ཆེན་ཨན་ཧྲན་གྲོང་ཁྱེར་ཞིག་ཡན་མན་རིགས་རང་སྐྱོང་རྫོང་ཆན་དབྱིན་གྲོང་རྡལ་ལྟེ་གནས་སློབ་ཆུང་དུ་སོང་ནས་སློབ་སྦྱོང་བྱས། བྱིས་པ་རྣམས་ཉིན་རྒྱུན་གྱི་འཚོ་བའི་ཁྲོད་དངོས་ཡོད་དཀའ་ཁག་མང་པོ་ལ་འཕྲད་པས། སློབ་གྲྭའི་དགེ་རྒན་ལིས་ཞིག་ཅོན་གྱིས་དང་བླངས་སྒོས་བྱིས་པ་འདི་རྣམས་ལ་བདག་སྐྱོང་བྱེད་པའི་ལས་འགན་ཕྲག་ཏུ་བླངས། ཉེ་བའི་ལོ་གསུམ་རིང་ལ། ལིས་ཞིག་ཅོན་གྱིས་སྐད་རིགས་མི་གཅིག་པ་སོགས་ཀྱི་དཀའ་ཁག་མང་པོ་ཁྱད་དུ་བསད་ནས་བྱིས་པ་རྣམས་ལ་ལྷད་མེད་ཀྱི་ཐུགས་ཁུར་དང་རོགས་སྐྱོར་གནང་བས། བྱིས་པ་རྣམས་ཀྱིས་བྱམས་བརྩེའི་ངང་ཁོ་མོ་ལ“ཨ་མ་དགེ་རྒན”ཞེས་འབོད་བཞིན་ཡོད། དེ་མ་ཟད་ཁོ་མོའི་བྱས་རྗེས་ལ་ས་གནས་དེའི་མང་ཚོགས་ཀྱི་བསྟོད་བསྔགས་ཐོབ་ཡོད།
ལིས་ཞིག་ཅོན་དང་མཉམ་དུ་འཚོ་སྡོད་བྱེད་བཞིན་པའི་བོད་རིགས་བྱིས་པ་འདི་དག་གི་མི་ཚེའི་དམིགས་འབེན་ནི་སློབ་ཆེན་ལ་རྒྱུགས་སྤྲད་དེ་ཤེས་བྱ་མང་པོ་ཞིག་བསླབ་རྗེས་ཕ་ཡུལ་དུ་ལོག་ནས་ཕ་ཡུལ་འཛུགས་སྐྲུན་བྱེད་རྒྱུ་དེ་རེད། །

སློབ་གྲྭ་འགྲོ་བའི་ལམ་བར་དུ། ལིས་ཞིག་ཅོན་དང་བྱིས་པ་རྣམས་ཀྱིས་ཁ་བརྡ་བྱེད་བཞིན་པ།

སྒྲོག་ཙེ་དང་སྐུབ་སྟེགས་མང་པོ་མེད་པས་ལིས་ཞིག་ཅོན་དང་བྱིས་པ་རྣམས་ཀྱིས་མཉམ་དུ་ཟ་མ་ཟ་བཞིན་ཡོད།

ལིས་ཞིག་ཅོན་གྱིས་དགོང་མོའི་རང་སྦྱོང་སྐབས་སུ་བསྐྱར་སྦྱོང་ལ་མཛུབ་སྟོན་བྱེད་བཞིན་པ།
