༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང་ Internet Explorer 7 བཅས་སྤྱོད་རོགས་གནང་།
中国藏族网通
li མདུན་ཤོག - གསར་འགྱུར།- བོད་ཁུལ་གསར་འགྱུར།- མཚོ་སྔོན།
ཟླ3པ་ནས་བཟུང་མཚོ་སྔོན་གྱི་གཞུང་ལམ་འཛུགས་སྐྲུན་ལས་གཞི་ཁག་སོ་སོ་ཕྱོགས་ཡོངས་ནས་ཡང་བསྐྱར་ལས་འགོ་ཚུགས་པ།
རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར། 2010-03-17 10:57 ཞིན་ཧྭ་དྲ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་ལས་གཞི་འཛུགས་སྐྲུན་ཚང་མ་བྲེལ་མྱུར་སྒོས་འཛུགས་སྐྲུན་བྱེད་པའི་དུས་སྐབས་སུ་ཐོན་ཞིང་། མཚོ་སྔོན་གྱི་འཛུགས་སྐྲུན་བྱེད་བཞིན་པའི་གཞུང་ལམ་གཙོ་བོའི་འཛུགས་སྐྲུན་ལས་གཞི་དག་མིག་སྔར་ཡང་བསྐྱར་འཛུགས་སྐྲུན་བྱེད་འགོ་བརྩམས།

རྒྱུས་ལོན་བྱས་པ་ལྟར་ན། མཚོ་སྔོན་གྱི་འཛུགས་སྐྲུན་བྱེད་བཞིན་པའི་གཞུང་ལམ་གཙོ་བོའི་བཟོ་འགོད་ལས་གཞི་ནངG315ལམ་གྱི་དིང་ཅིན་རི་བོ་ནས་ཏ་ཚེ་ཏན་བར་དང་། ཏ་ཚེ་ཏན་ནས་ཚའར་ཧན་བར། གཏེར་ལེན་ཁ་ནས་ཏ་ཚེ་ཏན་བར་བཅས་ཀྱི་རིམ་པ་གཉིས་པའི་གཞུང་ལམ་དང་། G315ལམ་གྱི་ཚ་ཧན་ནོ་ནས་གཏེར་ལེན་ཁ་བར་དང་། ཆུ་སྔོན་ནས་ཀོན་མིན་བར་གྱི་རིམ་པ་གསུམ་པའི་གཞུང་ལམ། ཟི་ལིང་ནས་གཅིག་སྒྲིལ་བར་གྱི་ཁྲི་ཀ་ནས་རྟ་བོ་བར་གྱི་རིམ་པ་གཉིས་པའི་གཞུང་ལམ་སོགས་ཡོད་པ་དང་། བཟོ་སྐྲུན་ལས་གཞི་འཛུགས་སྐྲུན་ལས་ཁུངས་སོ་སོས་བཟོ་སྐྲུན་ལག་བསྟར་བྱ་བར་ཞིབ་ཚགས་ཀྱིས་བཀོད་སྒྲིག་བྱས་ཡོད་པ་མ་ཟད་ཧུར་བརྩོན་གྱིས་ལག་བསྟར་བྱེད་བཞིན་ཡོད།

མིག་སྔར། G215གཞུང་ལམ་གྱི་ཏིང་ཅིན་རི་བོ་ནས་ཏ་ཚེ་ཏན་བར་དང་། ཏ་ཚེ་ཏན་ནས་ཚའར་ཧན་བར་གྱི་གསར་དུ་ལས་འགོ་ཚུགས་པའི་ནུབ་རྒྱུད་ཀྱི་མྱུར་བགྲོད་གཞུང་ལམ་གྱི་དུས་སྐབས་གཉིས་པའི་བཟོ་འགོད་ལས་ལས་གཞི་སྐོར་ཞིག་ལས་འགོ་བརྩམས་པ་དང་། གཞན་གཞུང་ལམ་གཙོ་བོའི་བཟོ་འགོད་ཀྱི་ལས་གཞི་དག་ཀྱང་སྔ་རྗེས་སུ་བྲེལ་མྱུར་སྒོས་ལག་བསྟར་བྱེད་བཞིན་པའི་སྒང་ཡིན།  །

པར་དབང་གསལ་བསྒྲགས། རང་རེའི་དྲ་བ་ངོ་སྤྲོད། འབྲེལ་གཏུགས་བྱེད་ཚུལ།
གློག་འཕྲིན་ཡིག་སྒམ། tibet3@126.com ཁ་པར། 0971-8455441
©2008 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག