༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང་ Internet Explorer 7 བཅས་སྤྱོད་རོགས་གནང་།
中国藏族网通
li མདུན་ཤོག - གསར་འགྱུར།- བོད་ཁུལ་གསར་འགྱུར།- མཚོ་སྔོན།
མཚོ་སྔོན་གྱིས་ཤང་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་བྱེད་ཐབས་གསར་བ་བཏོན་ནས་ཁ་གསབ་ཚད་གཞི་བཅོས་བསྒྱུར་བྱས་པ།
རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར། 2010-03-15 10:45 མཚོ་སྔོན་གསར་འགྱུར་དྲ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་གྱིས་ཤང་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་བྱེད་ཐབས་གསར་བ་བཏོན་ནས་འགན་སྲུང་བྱེད་ཡུལ་དང་ཁ་གསབ་ཚད་གཞི་བཅོས་བསྒྱུར་བྱས་ཤིང་། མ་མཐའི་འཚོ་བའི་འགན་སྲུང་བྱེད་ཡུལ་ལ་འཁོར་སྐྱོད་དོ་དམ་བྱེད་ཐབས་ལག་བསྟར་བྱས་ཏེ་མ་མཐའི་འཚོ་བའི་འགན་སྲུང་བྱ་བའི་ཡོངས་བསྒྲགས་དང་བདེན་དྲང་ཡོང་བར་སྐུལ་འདེད་བྱེད་པ་དང་། ཤང་གྲོང་གི་དཀའ་ངལ་མང་ཚོགས་འགན་སྲུང་བྱེད་འོས་པར་འགན་སྲུང་བྱེད་པ་མངོན་འགྱུར་བྱེད་རྒྱུ་རེད།

ཟླ3པའི་ཚེས12ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་བྱས་པ་ལྟར་ན། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས་ཞིང་ཆེན་དམངས་སྲིད་ཐིན་དང་ཞིང་ཆེན་ནོར་སྲིད་ཐིན་གྱི་མཚོ་སྔོན་ཞིང་ཆེན་ཤང་གྲོང་སྡོད་དམངས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་གྱི་འཁོར་སྐྱོད་དོ་དམ་བྱེད་ཐབས་སྐོར་གྱི་ཡིག་ཆ་བརྒྱུད་སྤེལ་བྱས་ཏེ། རྫོང་རིམ་པ་ཡན་གྱི་ནོར་སྲིད་སྡེ་ཁག་ནི་ཤང་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་བྱེད་ཡུལ་གྱི་འཁོར་སྐྱོད་དོ་དམ་བྱ་བའི་གཙོ་གཉེར་སྡེ་ཁག་ཡིན་པ་དང་། ས་ཁུལ་དེའི་མ་མཐའི་འཚོ་བའི་འགན་སྲུང་གི་འཁོར་སྐྱོད་དོ་དམ་ལག་བསྟར་བྱེད་ཐབས་གཏན་འཁེལ་དང་ལག་བསྟར་བྱེད་རྒྱུ་རེད། གཙོ་གཉེར་སྡེ་ཁག་གིས་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་ཐོབ་ཐང་ཡོད་པའི་མི་རེར་དུས་ཚིགས་རེར་ཞིབ་བཤེར་ཐེངས་རེ་བྱེད་རྒྱུ་ཡིན་པ་དང་། ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་བྱེད་ཡུལ་ལ་ལོ་ཕྱེད་རེའི་ནང་ཞིབ་བཤེར་ཐེངས་རེ་བྱེད་རྒྱུ་རེད།   །

པར་དབང་གསལ་བསྒྲགས། རང་རེའི་དྲ་བ་ངོ་སྤྲོད། འབྲེལ་གཏུགས་བྱེད་ཚུལ།
གློག་འཕྲིན་ཡིག་སྒམ། tibet3@126.com ཁ་པར། 0971-8455441
©2008 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག