༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང་ Internet Explorer 7 བཅས་སྤྱོད་རོགས་གནང་།
中国藏族网通
li མདུན་ཤོག - གསར་འགྱུར།- བོད་ཁུལ་གསར་འགྱུར།- མཚོ་སྔོན།
མཚོ་སྔོན་གྱི་འཐུས་ཚབ་ཚོགས་པས་མཚོ་སྔོན་བོད་ཁུལ་གྱི་ཆུ་བེད་འཛུགས་སྐྲུན་ལ་ས་གནས་ཆ་སྡེབ་མ་དངུལ་མེད་པར་གཏོང་དགོས་པའི་བསམ་འཆར་བཏོན་པ།
རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར། 2010-03-11 10:09 མཚོ་སྔོན་གསར་འགྱུར་དྲ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པས་མཚོ་སྔོན་བོད་ཁུལ་གྱི་ཆུ་བེད་འཛུགས་སྐྲུན་ས་ཆའི་ཆ་སྡེབ་མ་དངུལ་མེད་པར་གཏོང་དགོས་པའི་བསམ་འཆར་བཏོན།

བསམ་འཆར་ལས་བསྟན་དོན། མཚོ་སྔོན་བོད་ཁུལ་གྱི་ཁུལ6དང་རྫོང33གྱི་ས་ཁོངས་རྒྱ་ཁྱོན་གྱིས་ཞིང་ཆེན་ཡོངས་རྒྱ་ཁྱོན་གྱི96.7%ཟིན། རང་བྱུང་གི་ཆ་རྐྱེན་ཐབས་ཆགས་ཡིན་པ་དང་སྐྱེ་ཁམས་ཁོར་ཡུག་ཞན་ལ། ལྷག་པར་དུ་མཚོ་སྔོན་བོད་ཁུལ་གྱི་ཆུ་བེད་རྨང་གཞི་སྒྲིག་ཆས་ཞན་པས་རོང་འབྲོག་པའི་འཚོ་བའི་སྤུས་ཚད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ཆུ་བེད་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ་སྔ་མོ་ནས་བོད་ཁུལ་གྱི་རྒྱ་ཆེའི་མང་ཚོགས་ཀྱིས་བཅོས་བསྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་པ་དང་། དབུལ་ཕོངས་རྗེས་ལུས་ཀྱི་རྣམ་པ་འགྱུར་ལྡོག་འབྱུང་བ་ནི་བོད་ཁུལ་གྱི་ཡུན་རིང་བདེ་འཇགས་མངོན་འགྱུར་བྱེད་པའི་གཞི་རྩའི་བྱེད་ཐབས་ཡིན།

མཚོ་སྔོན་གྱི་ས་གནས་ནོར་སྲིད་ལ་དཀའ་ཁག་ཆེ་བར་གཞིགས་ཏེ། ཁུལ་རིམ་པ་མན་གྱི་སྲིད་གཞུང་སྡེ་ཁག་གིས་ཆུ་བེད་འཛུགས་སྐྲུན་གྱི་ཆ་སྡེབ་མ་དངུལ་དངོས་འབེབས་བྱེད་མི་ཐུབ་པ་དང་། ཞིང་ཆེན་རིམ་པའི་ནོར་སྲིད་ལ་དངོས་ཡོད་ཀྱི་དཀའ་ཁག་ཆེ་བས། འཐུས་ཚབ་ཚོགས་པས་མཚོ་སྔོན་བོད་ཁུལ་གྱི་འཐུང་ཆུ་བདེ་འཇགས་དང་། ཞིང་ཆུ་འདྲེན་ས་མཐུད་སྐྲུན་གྱི་ཆ་སྡེབ་མ་དངུལ་དང་ཆུ་གྲོན་བསྒྱུར་བཅོས། ཆུ་མཛོད་ཞིག་གསོ། ས་ཆུ་ནུས་པ་སྲུང་འཛིན། འབྲོག་ཁུལ་གྱི་ཆུ་བེད། ཆུ་ལོག་སྔོན་འགོག་སོགས་ཀྱི་ཆུ་བེད་བཟོ་འགོད་ཀྱི་ས་ཆའི་ཆ་སྡེབ་མ་དངུལ་མེད་པར་གཏོང་དགོས་པའི་བསམ་འཆར་བཏོན། །

པར་དབང་གསལ་བསྒྲགས། རང་རེའི་དྲ་བ་ངོ་སྤྲོད། འབྲེལ་གཏུགས་བྱེད་ཚུལ།
གློག་འཕྲིན་ཡིག་སྒམ། tibet3@126.com ཁ་པར། 0971-8455441
©2008 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག