༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང་ Internet Explorer 7 བཅས་སྤྱོད་རོགས་གནང་།
中国藏族网通
li མདུན་ཤོག - གསར་འགྱུར།- བོད་ཁུལ་གསར་འགྱུར།- མཚོ་སྔོན།
ན་ནིང་མཚོ་སྔོན་གྱིས་མ་དངུལ་སྒོར་དུང་ཕྱུར་གཅིག་ལྷག་བཏང་ནས་གནོད་ཐེབས་མང་ཚོགས་ལ་རོགས་སྐྱོར་བྱས་པ།
རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར། 2010-02-09 10:29 ཞིན་ཧྭ་དྲ་བ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་བྱས་པ་ལྟར་ན། 2009ལོར། མཚོ་སྔོན་ཞིང་ཆེན་ལ་ཉེ་བའི་ལོ10རིང་ཆེས་ཚབས་ཆེ་བའི་རང་བྱུང་གནོད་འཚེ་བྱུང་བ་དང་། མང་ཚོགས་ཁྲི232ལ་གནོད་པ་ཐེབས། དེ་བས་མཚོ་སྔོན་ཞིང་ཆེན་གྱིས2009ལོར་རྒུད་སྐྱོབ་མ་དངུལ་སྒོར་དུང་ཕྱུར1.24བཏང་ནས་གནོད་ཐེབས་ས་ཁུལ་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་དང་སྤྱི་ཚོགས་བརྟན་འཇགས་ལ་ཁེག་ཐེག་བྱས།

    མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱི་ཐིན་ཀྲང་ཀུན་དབྱང་གིས་མཚམས་སྦྱོར་བྱེད་རྒྱུར། 2009ལོའི་ཚུན་དུ། མཚོ་སྔོན་ལ་སྔ་རྗེས་སུ་གངས་སྐྱོན་དང་དྲོད་གྲང་དམའ་བ། ཐན་སྐྱོན། སེར་བ། ས་འགུལ། རི་ཉུལ་བ་དང་ནད་འབུ་སོགས་རང་བྱུང་གི་གནོད་པ་ཚབས་ཆེན་ཐེབས། རང་བྱུང་གི་ཆ་རྐྱེན་ཞན་པ་དང་གནོད་པ་འབྱུང་ཐེངས་མང་བའི་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་ཞིང་ཆེན་རང་བྱུང་གནོད་འཚེ་རོགས་སྐྱོར་མྱུར་སྐྱོབ་བྱེད་ཐབས་གཏན་འཁེལ་བྱས་པ་དང་། རིམ་པ་སོ་སོའི་སྲིད་གཞུང་གིས་རང་བྱུང་གནོད་འཚེ་ལ་མྱུར་སྐྱོབ་དང་རོགས་སྐྱོར་བྱེད་པའི་བྱ་བའི་ལམ་ལུགས་བཙུགས། ན་ནིང་། མཚོ་སྔོན་ཞིང་ཆེན་གྱིས་རྒུད་སྐྱོབ་མ་དངུལ་སྒོར་དུང་ཕྱུར1.24བཏང་ནས་གནོད་ཐེབས་མང་ཚོགས་ཁྲི96ལ་རོགས་སྐྱོར་བྱས་ཤིང་། ཁང་བ་རྡིབ་པའི་ཁྱིམ་ཚངm4416ལ་བསྐྱར་སྐྲུན་བྱས་པས་ཕན་འབྲས་ལྡན་པའི་སྒོ་ནས་གནོད་ཐེབས་མང་ཚོགས་ཀྱི་གཞི་རྩའི་ཐོན་སྐྱོན་འཚོ་བར་ཁེག་ཐེག་བྱས།  །

 

པར་དབང་གསལ་བསྒྲགས། རང་རེའི་དྲ་བ་ངོ་སྤྲོད། འབྲེལ་གཏུགས་བྱེད་ཚུལ།
གློག་འཕྲིན་ཡིག་སྒམ། tibet3@126.com ཁ་པར། 0971-8455441
©2008 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག