ཀྲུང་ གོ་ བོད་ ཀྱི་ དྲ་ བའི་ འཕྲིན། ད་ ལོར་ མཚོ་ སྔོན་ ཞིང་ ཆེན་ སྟོང་ སྐོར་ རྫོང་ གི་ ཉི་ ཟླ་ རི་ བོ་ ཤང་ གིས་ ནུབ་ སྤེལ་ ཤར་ གསོ་ ལས་ གཞི་ ལ་ བརྟེན་ ཏེ། ཕྱུགས་ ཟོག་ གསོ་ སྤེལ་ ཁྱིམ་ ཚང 970ལྷག་ ལ་ རོགས་ སྐྱོར་ བྱས་ པ་ དང་། ཚད་ གཞི་ མཐོ་ བའི་ ཕྱུགས་ སྐྱིལ་ བརྒྱད་ ཅུ་ ལྷག་ ལས་ ནས། དཔལ་ འབྱོར་ གྱི་ ཕན་ འབྲས་ སྒོར་ ཁྲི 720ལྷག་ བླངས།
སྟོང་ སྐོར་ རྫོང་ གི་ ཉི་ ཟླ་ རི་ བོ་ ཤང་ ནི་ རི་ བོ་ མང་ ཞིང་ བདེ་ ཐང་ ཉུང་ བའི་ ས་ ཁུལ་ ཞིག་ ཡིན་ ལ། ཤང་ ཡོངས་ ཀྱི་ མི་ རེར་ ཆ་ སྙོམས་ སྒོས་ ཞིང་ ས་ མུའུ་ གཉིས་ མ་ གཏོགས་ མེད་ པས། ཞིང་ ལས་ ཐོན་ སྐྱེད་ ཀྱི་ ཡོང་ སྒོ་ དམའ་ བ་ དང་ ཞིང་ བ་ མང་ ཚོགས་ ཀྱི་ འཚོ་ བའི་ ཐད་ ལ་ དཀའ་ ཁག་ ཧ་ ཅང་ ཆེ། ཉི་ ཟླ་ རི་ བོ་ ཤང་ གི་ ཐོན་ སྐྱེད་ དང་ འཚོ་ བའི་ ཆ་ རྐྱེན་ ལེགས་ བཅོས་ བྱེད་ པ་ དང་ ཞིང་ བ་ མང་ ཚོགས་ དབུལ་ ཕོངས་ ལས་ ཐར་ དུ་ འཇུག་ ཆེད། སྟོང་ སྐོར་ རྫོང་ གིས་ ཕྱུགས་ ལས་ ཐོན་ སྐྱེད་ དེ་ ཉི་ ཟླ་ རི་ བོ་ ཤང་ གི་ ཞིང་ བ་ མང་ ཚོགས་ ཕྱུག་ བསྒྱུར་ གྱི་ ལམ་ དུ་ སྐྱོད་ པའི་ ཐབས་ ལམ་ གལ་ ཆེན་ ཞིག་ ཏུ་ བརྩིས་ ཏེ་ དམ་ འཛིན་ བྱས་ ནས། དཔལ་ འབྱོར་ གྱི་ ཕན་ འབྲས་ དང་ སྐྱེ་ ཁམས་ ཀྱི་ ཕན་ འབྲས་ མངོན་ གསལ་ བླངས། དེ་ དང་ མཉམ་ དུ་ ཉི་ ཟླ་ རི་ བོ་ ཤང་ གིས་ ལས་ གཞིའི་ མ་ དངུལ་ བརྩོན་ ལེན་ བྱས་ ཏེ། གསོ་ སྤེལ་ ལས་ རིགས་ འཕེལ་ རྒྱས་ སུ་ བཏང་ བ་ དང་ གསོ་ སྤེལ་ གཞི་ ཁྱོན་ སྔར་ ལས་ རྒྱ་ སྐྱེད་ པས། ཕྱུགས་ ལས་ ཐོན་ སྐྱེད་ དེ་ ཤང་ ཡོངས་ ཀྱི་ ཞིང་ བ་ མང་ ཚོགས་ དབུལ་ ཐར་ ཕྱུག་ སྒྱུར་ བྱེད་ པའི་ ཐབས་ ལམ་ གཙོ་ བོ་ ཞིག་ ཏུ་ གྱུར། །