ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཀླུ་ཆུ་རྫོང་གི“བོད་ཁྱིམ་སྤྲོ་སྐྱིད་ཁང”གིས་ཞིང་འབྲོག་པའི་མཐོང་རྒྱ་ཆེ་རུ་ཕྱིན་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-06-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

u=2863218838,3978224416&fm=173&app=25&f=JPEG.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་དགོན་ཆགས་གྲོང་ཚོ་ནི་རྒྱལ་ཡོངས་ས་གནས་ཁག་གི་ཡུལ་སྐོར་བ་དང་པར་རྒྱག་ལ་དགའ་ཞེན་བྱེད་མཁན་ཚོའི་སུམ་རྩེན་གནས་ལྟ་བུ་ཡིན་ལ། ཡུལ་དེའི་ཞིང་འབྲོག་པས་ཡུལ་སྐོར་ལ་བརྟེན་ནས་ཕྱུག་འགྱུར་བྱེད་པའི“བསོད་ནམས་ཀྱི་ཞིང་ས”ལྟ་བུ་རེད།

ཀླུ་ཆུ་རྫོང་གིས་སྣོད་བཅུད་ཡུལ་སྐོར་གྱི་འཐབ་ཇུས་དང་གནད་སྨིན་དབུལ་སྐྱོར་གྱི་རྣམ་གྲངས་ལ་སྐུལ་འདེད་གཏོང་བ་དང་སྦྲགས་རྫས་ཚའི་རོང་གི་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་ལེགས་ཆར་བརྟེན་ནས་དགོན་ཆགས་གྲོང་ཚོའི་ཞིང་འབྲོག་པས་ཡུལ་སྐོར་ལས་རིགས་གཉེར་ནས“བོད་ཁྱིམ་སྤྲོ་སྐྱིད་ཁང”དང“འབྲོག་ཁྱིམ་སྤྲོ་སྐྱིད་ཁང”སོགས་ཡུལ་སྐོར་ཆེད་ལས་མཉམ་ལས་ཁང་བཙུགས་པས་མི70ཙམ་ཡོད་པའི་ཡུལ་སྐོར་ཚོགས་པར་སྣེ་ལེན་ཞུ་བའི་ཆ་རྐྱེན་འཛོམས་ཡོད་པ་རེད།

མགོན་པོ་བཀྲ་ཤིས་ནི་གྲོང་ཚོ་དེའི“བོད་ཁྱིམ་སྤྲོ་སྐྱིད་ཁང”གཉེར་མཁན་དང་པོ་རེད།

མགོན་པོ་བཀྲ་ཤིས་ཀྱིས་ཐུན་མོང་མ་ཡིན་པའི་ས་ཁམས་ཀྱི་ཆགས་ཚུལ་དང་། ལྟ་ན་སྡུག་པའི་རང་བྱུང་མཛེས་ལྗོངས། བོད་རིགས་ཀྱི་གོམས་སྲོལ་བཅས་ལ་བརྟེན་ནས་ཁྱད་ལྡན་གྲོང་གསེབ་ཡུལ་སྐོར་ལས་རིགས་གཉེར་བས་ཡུལ་སྐོར་བ་དེ་བས་མང་བའི་ཁས་ལེན་ཐོབ་པ་དང་། “ན་ནིང་ལོ་གཅིག་ནང་དགོན་ཆགས་གྲོང་ཚོས་བོད་ཁྱིམ་སྤྲོ་སྐྱིད་ཁང3གསར་དུ་བཙུགས་ནས་ཟླ7པ་ནས9པ་བར་གྱི་ཡུལ་སྐོར་བ་མང་བའི་དུས་ཚིགས་ཁོ་ནར་ཁྱིམ་ཚང་རེར་ཡོང་འབབ་ཁེ་གཙང་སྒོར་ཁྲི5ནས6བར་བྱུང་ཡོད”ཅེས་བཤད།

u=4133122239,2755985574&fm=173&app=25&f=JPEG.jpg

ལོ28ལ་སླེབས་པའི་འབྲུག་རྒྱལ་ནི་མགོན་པོ་བཀྲ་ཤིས་ཀྱི་བུ་ཡིན་པ་དང་སློབ་ཆེན་ཐོན་རྗེས་ཕ་ཡུལ་དུ་ལོག་ནས་རྫས་ཚའི་རོང་རྒྱལ་ཁབ་རང་བྱུང་སྲུང་སྐྱོང་མཛེས་ལྗོངས་ཁུལ་དུ་ལས་ཀར་ཞུགས། འབྲུག་རྒྱལ་གྱིས“དེ་གར་སླེབས་མྱོང་བའི་མགྲོན་པོ་ཚང་མས་དེ་གའི་དབེན་ཞིང་སྤྲོ་སྣང་དོད་པ་དང་མཁའ་རླུང་གསོས་པར་ཡིད་སྨོན་ཆེན་པོ་བྱས་ཏེ་གཉེན་ཉེ་ཚོར་འོས་སྦྱོར་ཡང་བྱེད་ཀྱི་ཡོད”ཅེས་བཤད་པ་དང་། ཁོང་གིས་རྟག་ཏུ་ཡུལ་སྐོར་བར་སྐད་འཕྲིན་ཨང་རྟགས་སྤྲད་ནས་དེ་གར་ཡུལ་སྐོར་དུ་ཡོང་སྐབས་སྔ་སྣུར་དུ་ཉལ་ཁྲི་མངགས་རྒྱུར་སྟབས་བདེ་བསྐྲུན་གྱི་ཡོད།

ཕྱུགས་རྫི་བ་ནས“བོད་ཁྱིམ་སྤྲོ་སྐྱིད་ཁང”གཉེར་བའི་བར་དང་གསོ་སྤེལ་ལས་རིགས་ནས་ཐོན་ལས་གསུམ་པའི་ཞབས་ཞུ་བྱེད་པའི་བར་ཁྱད་འཕགས་ཀྱི་ས་ཁམས་ཆགས་ཚུལ་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུཌ་སྐྲུན་ལ་བརྟེན་ནས་འབྲོག་པའི་མིག་རྒྱང་ཡངས་སུ་སོང་ཞིང་། སྲོལ་རྒྱུན་གྱི་བསམ་བློར་འགྱུར་ལྡོག་ཕྱིན་པ་དང་སྦྲགས་ཞིང་འབྲོག་པའི་དངུལ་ཁུག་ལྗིད་ཏིག་ཏིག་ཏུ་གྱུར་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།