ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཞིང་ཆེན་སྲིད་གྲོས་ཀྱི་རྟོག་ཞིབ་ཚན་ཆུང་གིས་ཀན་ལྷོ་ཁུལ་གྱི་གྲོང་ཁྱེར་ཞོད་འགོག་མྱུར་བསྟུན་ཐག་གཅོད་དང་བདེ་འཇགས་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2019-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་སྲིད་གྲོས་སྤྱི་ཚོགས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧོའུ་ཝུན་པིན་འཁོར་དང་བཅས་པ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་ཡོང་ནས། གྲོང་ཁྱེར་ཞོད་འགོག་མྱུར་བསྟུན་ཐག་གཅོད་དང་བདེ་འཇགས་བྱ་བར་རྟོག་ཞིབ་བྱས།

རྟོག་ཞིབ་ཚན་ཁག་སྔ་གཞུག་ཏུ་འབྲུག་ཆུ་རྫོང་སན་ཡན་ཡུས་ལུང་ཁུག་དང་། ཧྥུན་ཏས་ས་ཁུལ་གསར་བའི་ཆར་ཚད་ས་ཚིགས། ཅོ་ནེ་རྫོང་པུན་ཅོ་ཁོག པེ་ཐཱ་རུ་ཁག་ཆེ་བའི་སྐུད་མེད་སྔོན་བརྡ་རྒྱང་བསྒྲགས་ས་ཚིགས།  ལིན་ཐིན་རྫོང་ཞི་ཧོ་ཐན་ཆུ་ཞོད་དང་གཙོས་གྲོང་ཁྱེར་འགག་ཆུའི་ཆུ་ཞོད་གཉིས་འགོག་པའི་ཆུ་རགས་ལས་བསྐྲུན། གཡང་སྡེ་གྲོང་སྡེ་གསར་བའི་ལྟ་དཔྱད་ས་ཚིགས་བཅས་ལ་ཡུལ་དངོས་རྟོག་ཞིབ་བྱས་པ་དང་། འབྲེལ་ཡོད་འགན་ཁུར་མི་སྣས་ཞོད་འགོག་གི་སྤྱིའི་གནས་ཚུལ་གསལ་བོ་ཞིག་ངོ་སྤྲོད་བྱས།

རྟོག་ཞིབ་མཇུག་སྒྲིལ་རྗེས་བཞུགས་མོལ་ཚོགས་འདུ་བསྡུས། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཞུས་ཆང་གིས་ཚོགས་འདུའི་གཙོ་འགན་ཁུར། ཁུལ་དཔོན་གཞོན་པ་ཝང་ཅན་ཅུན་གྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་ཁུལ་ཡོངས་ཀྱི་གྲོང་ཁྱེར་གྱི་ཞོད་འགོག་མྱུར་བསྟུན་ཐག་གཅོད་དང་བདེ་འཇགས་བྱ་བ་ཡར་ཞུ་བྱས། ཁུལ་མྱུར་བསྟུན་ཅུས་དང་ཁུལ་སྡོད་ཁང་འཛུགས་སྐྲུན་ཅུས། ཁུལ་ཁྲལ་བསྡུ་ཅུས། གཙོས་གྲོང་ཁྱེར་གྱི་འབྲེལ་ཡོད་ལས་ཁུངས་ཀྱིས་ལས་རིགས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། གྲོང་ཁྱེར་གྱི་ཞོད་འགོག་མྱུར་བསྟུན་ཐག་གཅོད་དང་བདེ་འཇགས་ཀྱི་བྱ་བར་བསམ་འཆར་དང་གྲོས་གཞི་བཏོན། 

ཧོའུ་ཝུན་པིན་གྱིས་ཡར་ཞུ་དང་བསམ་འཆར་ལ་ཉན་རྗེས། ཀན་ལྷོ་ཁུལ་གྱི་གྲོང་ཁྱེར་གྱི་ཞོད་འགོག་མྱུར་བསྟུན་ཐག་གཅོད་བྱ་བར་གདེང་འཇོག་ཆེན་པོ་བྱས་པ་མ་ཟད་བླང་བྱ་བཏོན། ཁོས་མུ་མཐུད་དུ་གྲོང་ཁྱེར་གྱི་ཞོད་འགོག་མྱུར་བསྟུན་ཐག་གཅོད་དང་བདེ་འཇགས་བྱ་བར་མཐོང་ཆེན་དང་། དམངས་འཚོའི་བྱ་བ་གལ་ཆེན་དུ་བརྩིས་ཏེ། རྒྱ་ཆེའི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ཁག་ཐེག་བྱེད་པ་དང་། དོན་དངོས་དང་བསྟུན་ནས་མང་ཚོགས་ཀྱི་བདེ་སྐྱིད་དང་། བདེ་འཇགས་ཀྱི་སྣང་བ། བློར་འབབ་ཚད་ཇེ་མཐོར་གཏོང་བ་དང་མཉམ་དུ། གྲོང་ཁྱེར་གྱི་ཞོད་འགོག་མྱུར་བསྟུན་ཐག་གཅོད་བྱེད་པའི་ཉམས་མྱོང་དང་བྱེད་ཐབས་ཞིབ་འཇུག་དང་འཚོལ་སྙེག་བྱས་ནས། གྲོང་ཁྱེར་གྱི་བྲུབས་ཆུ་བདེ་འཇགས་ངང་སྒྲོལ་བར་རྨང་གཞི་བརྟན་པོ་འདིང་དགོས་ཞེས་བསྟན།

ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཨན་ཞུས་ལིན་དང་ཁུལ་སྲིད་གྲོས་ཀྱི་གྲོས་གཞི་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་། ཁུལ་ཆུ་གློག་ཅུས་སོགས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བས་རྟོག་ཞིབ་བྱེད་པར་འགྲོ་རོགས་བྱས།།        

རྩོམ་སྒྲིག་པ། : ཀླུ་མོ་མཚོ།