ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་རྒྱ་མཚོ་རྡོ་སྣུམ་གྱི་ཏུང་ཧྲི་ཀྲང་ངམ་ཏང་ཙུའུ་ཡི་ཧྲུའུ་ཅི་དབྱང་ཧྭ་ཡིས་ཀན་ལྷོ་ཁུལ་གྱི་དམིགས་གཏད་རོགས་སྐྱོར་དང་གནད་ཁེལ་དབུལ་སྐྱོར་བྱ་བར་རྟོག་ཞིབ་གནང་།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2019-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གོའི་རྒྱ་མཚོ་རྡོ་སྣུམ་སྤྱི་ཁྱབ་ཀུང་སིའི་ཏུང་ཧྲི་ཀྲང་ངམ་ཏང་ཙུའུ་ཡི་ཧྲུའུ་ཅི་དབྱང་ཧྭ་ཡིས་ཀན་ལྷོ་ཁུལ་དུ་དམིགས་གཏད་རོགས་སྐྱོར་དང་གནད་ཁེལ་དབུལ་སྐྱོར་བྱ་བར་རྟོག་ཞིབ་བྱས། གཞི་རྩའི་སྨན་བཅོས་སོགས་དམངས་འཚོའི་གནད་དོན་ནི་ཐེངས་འདིའི་རྟོག་ཞིབ་བྱ་བའི་གཙོ་གནད་ཡིན་པ་དང་། ཐོན་ལས་རོགས་སྐྱོར་ནི་ཀྲུང་གོ་རྒྱ་མཚོ་རྡོ་སྣུམ་གྱི་ཁ་གཏད་རོགས་སྐྱོར་བྱ་བའི་ནང་དོན་གཙོ་བོ་ཡིན།

གཙོས་གྲོང་ཁྱེར་རྒྱ་མཁར་སྲང་ལམ་རྒྱ་ར་གོང་མའི་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་ནས་ག་ས་ཀུན་ཏུ་བོད་ཀྱི་ཁྱད་ཆོད་ལྡན་པའི་སྡོད་ཁང་དང་གཙང་དག་གི་སྲང་ལམ་མཐོང་ཐུབ། སྡེ་སྡོད་ལས་བྱེད་པས་བཤད་རྒྱུར་སྡེ་བའི་འཆར་གཞི་ལྟར་ན་ཐོན་ལས་དང་ཡུལ་སྐོར། སྐྱེ་ཁམས། ཞབས་ཞུ་བཅས་ཀྱི་བྱེད་ཐབས་སྤྱད་ནས་སྡེ་མིའི་ཡོང་འབབ་མཐོར་འདེགས་གཏོང་རྒྱུ། སྡེ་བ་ཡོངས་ཀྱི་གནད་ཁེལ་དབུལ་སྐྱོར་བྱ་ཡུལ་ཚང་མ་དབུལ་ཐར་བྱས་ཡོད་པ་ཤེས་རྗེས། དབྱང་ཧྭ་ཤིན་ཏུ་དགའ་ནས་ཁོ་ཚོའི་གཞིས་ཁྱིམ་བདེ་སྐྱིད་དང་ཡོང་འབབ་སྔར་ལས་ཇེ་མཐོར་ཡོང་བར་སྨོན་འདུན་ཞུས།

ཁ་གཏད་རོགས་སྐྱོར་ས་གནས་ཀྱི་ལས་བྱེད་མང་ཚོགས་ཀྱི་བཞུགས་མོལ་ཚོགས་འདུའི་སྟེང་། དབྱང་ཧྭ་ཡིས་ཐབས་མང་མཉམ་སྤྱོད་དང་ཤུགས་ཚད་ཇེ་ཆེར་བཏང་ནས། “སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”གྱི་འབུར་ཐོན་གནད་དོན་ཐག་གཅོད་དང་། ནུས་ཤུགས་ཡོད་རྒུས་གནད་ཁེལ་དབུལ་སྐྱོར་མཁྲེགས་གཏོར་བྱ་བ་ཕྱོགས་ཡོངས་ནས་ལེགས་པོར་བསྒྲུབ་དགོས་ཞེས་ནན་གྱིས་བསྟན།

རྟོག་ཞིབ་བྱེད་སྐབས་སུ། དབྱང་ཧྭ་ཡིས་བསང་ཆུ་རྫོང་མར་ཐང་གྲོང་རྡལ་གྱི་ལྟེ་བའི་སློབ་ཆུང་ལ་ཀྲུང་གོའི་རྒྱ་མཚོ་རྡོ་སྣུམ་དབྱི་ལ་ཁེ་ཚད་ཡོད་ཀུང་སིའི་བཟོ་ཚོགས་ཀྱིས “གཅིག་ལ་གཅིག་གཏད”རོགས་སྐྱོར་བྱ་འགུལ་དུ་གྲབས་གསོག་བྱས་པའི་གཅེས་སེམས་རོགས་དངུལ་བརྒྱུད་སྤྲོད་བྱས་ཤིང་། གཙོས་གྲོང་ཁྱེར་ཁ་གྱ་སྨད་ཤང་གི་ཕྱུགས་ལས་སྨན་བཅོས་ས་ཚིགས་ལ་ཡུལ་དངོས་ལྟ་ཞིབ་བྱས།

ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བཀྲ་ཤིས་འཚོ། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཧོའུ་ཞའོ་ཧྥུན། ཁུལ་དཔོན་གཞོན་པའམ་གཙོས་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ལིའུ་ཡུང་ཀོ་བཅས་ཀྱིས་རྟོག་ཞིབ་ལ་འགྲོ་རོགས་བྱས།།                                                             

རྩོམ་སྒྲིག་པ། : ཀླུ་མོ་མཚོ།