ཀྲུང་གོ་བོད་ཀྱི་དྲ་བ།

དཔའ་རིས་བོད་སྨན་སྨན་རྫས་འདེབས་འཛུགས་རྟེན་གཞི་ཡིས་རི་སྐྱེས་བོད་སྨན་སྨན་རྫས་འདེབས་འཛུགས་ཀྱི་ལག་རྩལ་གསར་བ་བཏོན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1555898497641676.jpg

འདི་ནི་འདེབས་འཛུགས་རྟེན་གཞི་ཡི་རི་སྐྱེས་བོད་སྨན་སྨན་རྫས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། བོད་སྨན་དང་བོད་སྨན་སྨན་རྫས་དགོས་མཁོ་མུ་མཐུད་ཇེ་ཆེར་སོང་བ་དང་། སྨན་རྫས་སྔོག་འདོན་བྱེད་ཚད་དེ་སྐྱེ་འཚར་གྱི་ཚད་ལས་ཧ་ཅང་ཆེ་བ་དང་སྐྱེ་འཚར་ཁོར་ཡུག་ལའང་གཏོར་བརླག་ཐེབས་ཡོད་ཅིང་། ཧྭ་རུའེ་རི་སྐྱེས་བོད་སྨན་གྱི་ཐོན་ཁུངས་ལ་སྲུང་སྐྱོང་བྱས་ནས་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་ཅན་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་འགན་སྲུང་བྱ་ཆེད། ཀན་སུའུ་ཞིང་ཆེན་དཔའ་རིས་བོད་རིགས་རང་སྐྱོང་རྫོང་བོད་ལུགས་གསོ་རིག་དང་བོད་སྨན་གསར་སྤེལ་ཞིབ་འཇུག་སུའོ་ཡིས་རྣམ་གྲངས་བརྩོན་ལེན་ཧུར་ཐག་བྱས་ཏེ་རི་སྐྱེས་བོད་སྨན་སྨན་རྫས་འདེབས་འཛུགས་དཔེ་སྟོན་རྟེན་གཞི་བཙུགས་པ་རེད། 2011ལོ་ནས་བཟུང་། དཔའ་རིས་རྫོང་བོད་ལུགས་གསོ་རིག་དང་བོད་སྨན་གསར་སྤེལ་ཞིབ་འཇུག་སུའོ་ཡིས་གོང་རིམ་འབྲེལ་ཡོད་སྡེ་ཚན་གྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་བོད་སྨན་སྨན་རྫས་འདེབས་འཛུགས་ཀྱི་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས་པ་རེད། བོད་ལུགས་གསོ་རིག་དང་བོད་སྨན་གསར་སྤེལ་ཞིབ་འཇུག་ཁང་གིས་སྔ་རྗེས་སུ་བསེ་རུ་ར་སོགས་སྨན་སྤྱོད་རིན་ཐང་མཐོ་ལ་དཔལ་འབྱོར་ཕན་འབྲས་མངོན་གསལ་དོད་པའི་རི་སྐྱེས་བོད་སྨན་སྨན་རྫས་སྣ་ཚོགས་ཚོད་འདེབས་བྱས་ཏེ་གཞི་ཁྱོན་ཆེན་པོས་འདེབས་འཛུགས་ཁྱབ་གདལ་གཏོང་རྒྱུར་དགོས་ངེས་ཀྱི་ལག་རྩལ་ཆ་རྐྱེན་མཁོ་འདོན་བྱས་པ་རེད།

1555898514852301.jpg

འདི་ནི་འདེབས་འཛུགས་རྟེན་གཞི་ཡི་རི་སྐྱེས་བོད་སྨན་སྨན་རྫས་རེད།

1555898525342752.jpg

འདི་ནི་འདེབས་འཛུགས་རྟེན་གཞི་ཡི་རི་སྐྱེས་བོད་སྨན་སྨན་རྫས་རེད།

དཔའ་རིས་རྫོང་གི་རི་སྐྱེས་བོད་སྨན་སྨན་རྫས་འདེབས་འཛུགས་དཔེ་སྟོན་རྟེན་གཞིའི་འདེབས་འཛུགས་རྒྱ་ཁྱོན་མུའུ50ཟིན་པ་དང་རྟེན་གཞི་དེ་བསྐྲུན་པས་དཔའ་རིས་རྫོང་གི་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་ཅན་གྱི་གསར་སྤེལ་གོ་རིམ་ལ་སྐུལ་མ་ཆེན་པོ་ཐེབས་ནས་ས་གནས་དེ་གའི་རི་སྐྱེས་བོད་སྨན་གྱི་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད་པ་རེད། འདེབས་འཛུགས་གྲུབ་ཆ་ལེགས་སྒྲིག་བྱས་པ་བརྒྱུད། “རྟེན་གཞི+ཞིང་དུད”འདེབས་འཛུགས་བྱེད་སྟངས་ཁྱབ་གདལ་ཧུར་ཐག་བྱས་པ་དང་། བོད་སྨན་གྱི་སྨན་རྫས་འདེབས་པའི་རྒྱ་ཁྱོན་ཆེ་རུ་བཏང་བ། ས་གནས་དེ་གའི་ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་བ་བཅས་བྱས་པས་དབུལ་ཐར་མཁྲེགས་གཏོར་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།

1555898624354649.jpg

འདི་ནི་ས་གནས་དེ་གའི་ཞིང་འབྲོག་པས་བོད་སྨན་སྨན་རྫས་འདེབས་འཛུགས་རྟེན་གཞིར་ངལ་ལས་བྱེད་བཞིན་པའི་ཚུལ་རེད། 

1555898666934786.jpg

འདི་ནི་ས་གནས་དེ་གའི་ཞིང་འབྲོག་པས་བོད་སྨན་སྨན་རྫས་འདེབས་འཛུགས་རྟེན་གཞིར་ངལ་ལས་བྱེད་བཞིན་པའི་ཚུལ་རེད། 

མིག་སྔར་དཔའ་རིས་རྫོང་གི་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་ལ་ཁྱད་ལྡན་ལེགས་ཆ་མངོན་གསལ་དོད་པོ་ཐོན་ནས་བོད་ལུགས་གསོ་རིག་གི་ཞབས་ཞུ་དང་། བོད་སྨན་ཐོན་སྐྱེད། བོད་སྨན་སྨན་རྫས་ཀྱི་ཐོན་ཁུངས་སྲུང་སྐྱོང་བཅས་མ་ལག་ཆེན་པོ་གསུམ་བསྐྲུན་ནས་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་ཀྱི་རྣམ་པ་གསར་པ་བཏོད་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།