ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱིས་ལོ་ལྔའི་ནང་དབུལ་པོ་ཁྲི15ཙམ་ཉུང་དུ་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-04-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ལན་ཀྲོའུ་ནས་བསྡུས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་སྤྱི་བསྒྲགས་བྱས་པ་ལྟར་ན། འདས་པའི་ལོ་ལྔའི་རིང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་དབུལ་ཕོངས་མི་འབོར2013ལོའི་ལོ་མཇུག་གི་མི་ཁྲི17.12ནས2018ལོའི་ལོ་མཇུག་གི་མི་ཁྲི2.16བར་མི་ཁྲི14.96ཇེ་ཉུང་དུ་བཏང་ནས་དབུལ་ཕོངས་འབྱུང་ཚད30.43%ནས3.89%བར་མར་ཆག་པ་དང་དབུལ་ཕོངས་གྲོང་ཚོ200དབུལ་ཐར་བྱུང་བ་རེད། 

ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་གཞོན་པ་ཝང་ཅན་ཅུན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཀན་ལྷོ་ཁུལ་གྱིས་གཞི་རྩའི་སྨན་བཅོས་འགན་སྲུང་དང་། ནད་ཚབས་ཆེན་གྱི་འགན་སྲུང་། སྨན་བཅོས་རོགས་སྐྱོབ་བཅས་ཕན་ཚུན་སྦྲེལ་མཐུད་ཀྱི་ལམ་སྲོལ་བཙུགས་ཡོད་དེ། ཁྱོན་ཡོངས་ནས་གཞི་རྩའི་སྨན་བཅོས་འགན་སྲུང་གིས་ཡུལ་གཞན་དུ་སྨན་བཅོས་བྱེད་པར་ཐད་ཀར་རྩིས་རྒྱག་རྒྱུ་ལག་བསྟར་བྱས་ཏེ་དབུལ་ཕོངས་མི་འབོར་འགན་སྲུང་ནང་ཞུགས་ཚད་དང་ཁྱིམ་ཚང་སྨན་པའི་གན་རྒྱ་འཇོག་ཚད་སོ་སོར100%དང99%ཟིན་ཡོད། 

དོ་ཁུར་བྱེད་འོས་པ་ཞིག་ནི་རྒྱལ་སྤྱི་དང་རྒྱལ་ནང་གི་དཔལ་འབྱོར་མར་ཆག་པའི་གནོན་ཤུགས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པའི་གནས་ཚུལ་འོག  2018ལོར་ཀན་ལྷོ་ཁུལ་གྱི་དཔལ་འབྱོར་དམིགས་ཚད་གཙོ་བོ་བརྟན་ཐོག་ཡར་འཕེལ་བྱུང་བ་དང་། ཕྱོགས་མང་པོ་ཞིག་གི་དམིགས་ཚད་འཕར་ཚད་དེ་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་དང་། དམིགས་ཚད་ཁག་གཅིག་གིས་དེ་སྔའི་ཀན་སུའུ་ཡི་རྗེས་ལུས་ཀྱི་རྣམ་པ་བསྒྱུར་ཡོད། 

ཝང་ཅན་ཅུན་གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཀན་ལྷོ་ཁུལ་གྱིས་སྤྱི་ཡོངས་ཀྱི་དཔལ་འབྱོར་དམིགས་ཚད“ལྡོག་པའི་ངང་འཕར་བ”དང་དབུལ་ཕོངས་ཉུང་གཏོང་གི་ལས་འགན་ཚད་བརྒལ་ངང་མངོན་འགྱུར་བྱུང་བ་དེ་གཙོ་བོ་ཡུལ་སྐོར་ལས་རིགས་དང་འབྲོག་ལས་འཕེལ་རྒྱས་ལས་བྱུང་བ་རེད་ཅེས་ངོ་སྤྲོད་བྱས། དེའི་ཁྲོད། སྐྱེ་ཁམས་དཔལ་ཡོན་འབྱོར་འབྲིང་གྲོང་ཚོ(ཡུལ་སྐོར་ཆེད་ལས་གྲོང་ཚོ་ཚུད་པ)1003ཁོ་ན་ཡིས་ཁུལ་དེའི་དུད་ཚང9740ཡི་དབུལ་ཕོངས་མི་འབོར་ཁྲི4.14དབུལ་ཐར་བྱུང་རྒྱུར་སྐུལ་ཁྲིད་བྱས་པ་རེད། ཀན་ལྷོ་ཁུལ་གྱིས་ད་དུང་ཕྱིར་དམིགས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཞིང་། མིག་སྔར་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་ཁེ་ལས་མང་པོ་ཞིག་སྐྱེད་སྲིང་བྱས་པ་དང་། ཁེ་ལས་སྒྲིག་འཛུགས་བྱས་ནས་ཤང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་དང་དེ་བཞིན་བལ་ཡུལ་དང་། སིང་ཀ་ཕོར། ཧན་གོ། འཇར་པན་སོགས་ས་ཁུལ་དང་རྒྱལ་ཁབ་ཏུ་དཔལ་འབྱོར་ཚོང་དོན་གྱི་ངོ་འཕྲད་གྲོས་མོལ་བྱས་ནས་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས44སྒྲུབ་པ་དང་མ་དངུལ་ནང་འདྲེན་སྒོར་དུང་ཕྱུར55.5ཟིན་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།