ཀྲུང་གོ་བོད་ཀྱི་དྲ་བ།

འབྲུག་ཆུ་རྫོང་གིས་ཐབས་མང་སྤྱད་དེ་ཞིང་བའི་ཆེད་ལས་མཉམ་ལས་ཁང་གི་འཕེལ་རྒྱས་ཆུ་ཚད་མཐོར་འདེགས་སུ་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-04-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་གིས་ཐོན་ལས་དབུལ་སྐྱོར་དེ་དབུལ་ཐར་མཁྲེགས་གཏོར་གྱི་རྩ་བའི་ཐབས་ཇུས་དང་། ཞིང་བའི་ཆེད་ལས་མཉམལས་ཁང་རྒྱ་ཆེར་སྤེལ་རྒྱུ་དེ་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་ཐབས་ལམ་གཙོ་བོར་བཟུང་སྟེ། ཞིང་བའི་ཆེད་ལས་མཉམ་ལས་ཁང་འཕེལ་རྒྱས་གཏོང་བའི་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་ནས་མ་དངུལ་དང་ཤེས་ལྡན་མི་སྣ་སོགས་ཀྱི་ཐད་རོགས་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ཤིང་། ཞིང་པའི་ཆེད་ལས་མཉམ་ལས་ཁང་བདེ་ཐང་དང་ཚད་ལྡན་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་དང་། མཉམ་ལས་ཁང་གི་དཔེ་སྟོན་སྣེ་ཁྲིད་ནུས་པ་ཆེ་རུ་བཏང་བ། ཐོན་ལས་དབུལ་སྐྱོར་དང་གྲོང་གསེབ་དར་རྒྱས་གཏོང་བ་བཅས་ཀྱི་ཁྲོད་མཉམ་ལས་ཁང་གི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།

ཁེ་ཕན་མཉམ་འབྲེལ་ལམ་སྲོལ་གསར་འབྱེད་བྱས་ནས་མཉམ་ལས་ཁང་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པ།

ཐོན་ལས་རིགས་བདུན་གྱི་རོགས་སྐྱོར་འདེམས་བྱང་གསར་གཏོད་ཁྱབ་གདལ་བཏང་ནས་རྣམ་གྲངས་སྐུལ་ལྕག་ལམ་སྲོལ་འཛུགས་པ། མཉམ་ལས་ཁང་གིས་དབུལ་ཕོངས་དུད་ཚང་སྣེ་ཁྲིད་བྱས་པའི་གནས་ཚུལ་ལྟར། རོགས་སྐྱོར་སྲིད་ཇུས་དང་ཐོན་ལས་དངུལ་བུན་དོན་འཁྱོལ་བྱས་ནས་མཉམ་ལས་ཁང་ལ་སྣེ་ཁྲིད་ཀྱི་བྱ་དགའ་སྤྲོད་པ་དང་། སྣེ་འདྲེན་ཁེ་ལས་ཀྱིས་དབུལ་ཕོངས་མང་ཚོགས་ཀྱི་ལག་ཏུ་ཉོ་སྒྲུབ་དང་། ལས་སྣོན། ཉོ་འཚོང་བྱས་པའི་ཞིང་འབྲོག་ཐོན་ལས་ཀྱི་མང་ཉུང་ལྟར། མ་དངུལ་བྱ་དགའ་སྟེར་བ་ལག་བསྟར་བྱས་ནས་སྣེ་འདྲེན་ཁེ་ལས་ལ་ཉོ་སྒྲུབ་དང་བྱ་དགའ་སྤྲོད་པ་དང་། དེས་མཉམ་ལས་ཁང་དང་སྣེ་འདྲེན་ཁེ་ལས་ཀྱིས་དབུལ་ཕོངས་དུད་ཚང་ཀྱི་སྣེ་ཁྲིད་པའི་ཧུར་སེམས་ལ་སྐུལ་སྤེལ་བྱེད་པ། ཞིང་འབྲོག་ཐོན་ལས་དེ“སྣེ་འདྲེན་ཁེ་ལས+ཆེད་ལས་མཉམ་ལས་ཁང+ཞིང་དུད”བཅས་ཟུང་དུ་འབྲེལ་བའི་ཐོན་ལས་སྦྲེལ་ཐག་གི་རྣམ་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། 

དབུལ་སྐྱོར་མ་དངུལ་སྟབས་བསྟུན་ངང་སྤྱད་དེ་མཉམ་ལས་ཁང་གཉིས་རྒྱལ་ཡོང་རྒྱུར་སྐུལ་འདེད་གཏོང་བ།

དུད་ཚང་གི་ཐོན་ལས་རོགས་སྐྱོར་མ་དངུལ་སྟབས་བསྟུན་ངང་སྤྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ་དབུལ་ཐར་མཁྲེགས་གཏོར་ལ་རྨང་གཞི་བརྟན་པོ་ཞིག་འདིང་དགོས། 2018ལོར་དབུལ་ཕོངས་དུད་ཚང་གི་ཐོན་ལས་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར1.18དོན་འཁྱོལ་བྱས་པ་དང་། མང་ཚོགས་ཀྱིས་རང་བདག་དང་རང་མོས་ངང་དུད་ཚང་དུ་ཐོན་ལས་རོགས་སྐྱོར་རྣམ་གྲངས་དུད་ཚང8963ལ་མ་དངུལ་སྒོར་ཁྲི4900བཏང་ཡོད་པ་རེད། མིག་སྔར། རྫོང་ཡོངས་ཀྱིས་དུད་ཚང་ལ་རོགས་སྐྱོར་མ་དངུལ་སྒོར་ཁྲི6896བཏང་ནས་སྣེ་འདྲེན་ཁེ་ལས(ཞིང་པའི་ཆེད་ལས་མཉམ་ལས་ཁང་)85ཡིས་དབུལ་ཕོངས་མི་འབོར5908དུད་ཚང་དབུལ་པོ20809ལ་སྣེ་ཁྲིད་བྱས་པ་རེད། 

 ཕྱི་འདྲེན་ནང་སྐྲུན་རྒྱུན་འཁྱོངས་བྱས་ཏེ་མཉམ་ལས་ཁང་བདེ་ཐང་ཚད་ལྡན་ངང་འཕེལ་རྒྱས་གཏོང་བ། 

འབྲུག་ཆུ་རྫོང་སྲིད་གཞུང་གིས་ཀན་སུའུ་འཛུགས་སྐྲུན་མ་འཇོག་སྒྲིག་ཆས་བཟོ་སྐྲུན་ཚད་ཡོད་ཀུང་སི་དང《དབུལ་སྐྱོར་རྣམ་གྲངས་ཀྱི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན》ལ་མིང་རྟགས་བཀོད་པ་དང་། ཀྲུང་ཐན་ཁེ་ལས་ཀྱིས་ཀྲུང་བོད་ལུགས་སྨན་རྩྭ་མཉམ་ལས་གསར་སྤེལ་གྲོས་མཐུན་འཇོག་པ། ཚོང་འགུགས་མ་འདྲེན་བྱས་ནས་འབྲུག་ཆུ་ཐེན་ཧོ་ཤ་མོའི་ལས་རིགས་ཚད་ཡོད་འགན་འཁྲི་ཀུང་སིས་ཤ་མོའི་རིགས་ཞིབ་འཇུག་གསར་སྤེལ་བྱས་པ་ནང་འདྲེན་དང་བཟའ་བྱའི་ཤ་མོ་ཞིབ་འཇུག་གསར་སྤེལ་དང་། ཐོན་སྐྱེད། ལས་སྣོན། ཕྱིར་ཚོང་བཅས་གཞི་གཅིག་ཏུ་འདུས་པའི་“ལས་ཞུགས་དབུལ་སྐྱོར་འཁོར་ཁང་”བསྐྲུན་ནས་ཆེད་ལས་མཉམ་ལས་ཁང་གི་དབུལ་ཕོངས་དུད་ཚང་ལ་སྣེ་ཁྲིད་བྱས་པ་རེད། 

ཚོང་རྟགས་ཀྱིས་སྣེ་ཁྲིད་པ་རྒྱུན་འཁྱོངས་བྱས་ནས་ཕྱིར་ཚོང་ཐབས་ལམ་ཤར་བགྲོད་བྱེད་པ།

“ཐོན་རྫས་གསུམ་དང་མཚོན་རྟགས་གཅིག་”གི་ཁས་ལེན་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་དགོས། འབྲུག་ཆུའི་བོད་བྱ་དང་། སྟར་ཀ  གཡེར་མ་བཅས་ལ་རྒྱལ་ཁབ་ས་ཁམས་མཚོན་རྟགས་ཐོ་འགོད་སྲུང་སྐྱོང་ཐོན་རྫས་ཀྱི་ལག་ཁྱེར་ཐོབ་ཡོད། མིག་སྔའི་བར་དུ། རྫོང་ཡོངས་ཀྱིས་སྤྱི་གནོད་མེད་པའི་ཞིང་ལས་ཐོན་རྫས3དང་། ལྗང་མདོག་བཟའ་བཅའ2། སྤྱི་གནོད་མེད་པའི་ཞིང་ལས་ཐོན་རྫས་ཐོན་ཁུལ4བཅས་ཁས་ལེན་བྱས་ཤིང་། ཀན་སུའུ་ཞིང་ཆེན་གྱི་གྲགས་ཅན་ཚོང་རྟགས3 །ཀན་ལྷོ་ཁུལ་གྱི་གྲགས་ཅན་ཚོང་རྟགས2 ། ཀན་སུའུ་ཡི་གྲགས་ཅན་ཐོན་རྫས་2བཅས་སྐྱེད་སྲིང་བྱས་པ་རེད། བདེ་ཐང་མྱུར་བགྲོད་མེ་འཁོར་སོགས་གྲགས་ཅན་དྲ་ཐོག་ཚོང་དོན་ལས་སྟེགས་ཀྱིས་འབྲུག་ཆུར་ཐད་ཚོང་ཐད་ཉོ་ལས་སྟེགས་བཙུགས་ནས་དྲ་ཐོག་ཚོང་དོན་ལས་སྟེགས་ཉོ་སྒྲུབ་ལྟེ་གནས་དང་འབྲུག་ཆུར་ཉོ་སྒྲུབ་འདོད་འདུན་གཏན་འཁེལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་འབྲུག་ཆུའི་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་ཐབས་ལམ་རྒྱ་ཆེར་བཏང་བ་རེད། 

ཐོན་ཁུངས་མ་དངུལ་གཅིག་གྱུར་གྱིས་སྡེབ་སྒྲིག་བྱས་ནས་མཉམ་ལས་ཁང་འཕེལ་རྒྱས་དང་རྒྱ་སྐྱེད་དུ་གཏོང་བ།

“ཚོད་ལྟ་སྔོན་ལ་བྱེད་པ་དང་། རིམ་བགྲོད་གོང་འཕེལ། གཅིག་གྱུར་སྐུལ་སྤེལ”བཅས་ཀྱི་རྩ་དོན་གཞིར་བཟུང་སྟེ། ཞིང་སྡེའི་ཐོན་ཁུངས་རྒྱུ་ནོར་སྤྱད་དེ་ཞིང་པའི་ཆེད་ལས་མཉམ་ལས་ཁང94སྒྲིག་འཛུགས་བྱས་ནས“འགྱུར་བ་གསུམ”གྱི་སྒྱུར་བཅོས་ཚོད་ལྟའི་ནང་ཞུགས་ནས་ཞིང་དུད1531(དེའི་ནང་དབུལ་ཕོངས་དུད་ཚང1287ཚུད་པ)ལ་སྣེ་ཁྲིད་བྱས་ཏེ་རིགས་སོ་སོའི་མ་རྐང་འཇོག་པའི་རོགས་སྐྱོར་མ་དངུལ་སྒོར་ཁྲི4281དང་། རྨོ་ཞིང་མུའུ4568། ནགས་ས་མུའུ28388།  ངལ་རྩོལ་ནུས་ཤུགས570། ཁང་པ་དང་འཕྲུལ་ཆས་སྒྲིག་ཆས་སོགས་གཏན་འཇགས་རྒྱུ་ནོར་ལ་ཕབ་ན་སྒོར་ཁྲི1600ཙམ་ཟིན་ཡོད་པ་རེད། ནོར་སྲིད་དང་དངུལ་རྩའི་འཇའ་ཤིང་ཕྱོགས་བསྡུས་ཀྱིས་སྤྱད་དེ་ཐོན་ལས་འཕེལ་རྒྱས་ཀྱི་མ་དངུལ་དཀོན་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱེད་པ། དེ་དང་ཆབས་ཅིག་ཏུ“ཕྱི་རུ་སྐྱོད་པ་དང་ནང་འདྲེན་བྱེད་པའི”བྱེད་ཐབས་སྤྱད་དེ་ཞིང་འབྲོག་ལས་ཀྱི་སྤྱོད་གོ་ཆོད་པའི་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་། གསོ་སྦྱོང་བྱས་པ་བརྒྱུད་མང་ཚོགས་ཀྱི་ཞིང་འབྲོག་ལས་ཀྱི་སྤྱོད་གོ་ཆོད་པའི་རྩལ་ནུས་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བས་རྫོང་ཡོངས་ཀྱི་ཐོན་ལས་དབུལ་སྐྱོར་ལས་དོན་སྤེལ་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།  །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།