ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོར་ཀན་སུའུ་ཡིས་གྲོང་གསེབ་ཀྱི་གསང་སྤྱོད་ཁྲི50སྒྱུར་བཀོད་བྱ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-04-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  གསར་འགོད་པས་ཉེ་ཆར་ཀན་སུའུ་ཞིང་ཆེན་དང་ཞིང་ལས་གྲོང་གསེབ་ཐིན་ནས་ཤེས་རྟོགས་བྱས་པ་ལྟར་ན། ད་ལོར་ཀན་སུའུ་ཞིང་ཆེན་གྱིས་གྲོང་གསེབ་ཀྱི་ཁྱིམ་སྤྱོད་འཕྲོད་བསྟེན་གསང་སྤྱོད་ཁྲི50ཡན་སྒྱུར་བཀོད་དང་སྒྲིག་གཞི་ཚང་བའི་གྲོང་ཚོ70%ལ་འཕྲོད་བསྟེན་གྱི་སྤྱི་པའི་གསང་སྤྱོད1ཡོད་པར་བྱ་རྒྱུ་དང་། 2020ལོར་འཕྲོད་བསྟེན་གསང་སྤྱོད་ཁྱབ་ཚད50%ཡན་ཟིན་ནས་སྒྲིག་གཞི་ཚང་བའི་གྲོང་ཚོར་འཕྲོད་བསྟེན་གྱི་སྤྱི་པའི་གསང་སྤྱོད་སྤྱིར་ན་ཁྱབ་པར་བྱ་རྒྱུ་རེད།

ཀན་སུའུ་ཡིས་ས་གནས་ཁག་ལ་ས་བབ་ཆ་རྐྱེན་མི་འདྲ་བར་གཞིགས་ནས་གསང་སྤྱོད་སྒྱུར་བཀོད་བྱེད་སྟངས་ལུགས་མཐུན་འདེམས་དགོས་པ་སྟེ། གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུའི་མདོང་ལམ་དྲ་བ་ཁྱབ་པའི་གྲོང་གསེབ་ཏུ་ཆུ་བཤལ་གཏོང་ཆོག་པའི་གནོད་མེད་ཅན་གྱི་འཕྲོད་བསྟེན་གསང་སྤྱོད་ཁྱབ་གདལ་གཏོང་བ་དང་། ཞིང་དུད་ཀྱི་སྡོད་གནས་བལྟོས་བཅས་ཀྱིས་གཅིག་སྡུད་ཡིན་པའི་གྲོང་ཚོར་དྲ་མིག་གསུམ་ཅན་གྱི་ཆབ་གཞོང་རྣམ་པའི་གནོད་མེད་ཅན་གྱི་འཕྲོད་བསྟེན་གསང་སྤྱོད་ཁྱབ་གདལ་གཏོང་བ། ཐན་པ་བསྟན་ཤུགས་ཆེ་བའི་རི་ཁུལ་དང་མཐོ་གྲང་ས་ཁུལ་དང་དེ་བཞིན་སྡོད་གནས་བལྟོས་བཅས་ཀྱིས་ཁ་ཐོར་ཡིན་པའི་གྲོང་ཚོར་འཕྲོད་བསྟེན་གྱི་ཆུ་མེད་གསང་སྤྱོད་ཁྱབ་གདལ་གཏོང་བ་བཅས་བྱ་རྒྱུའི་བླང་བྱ་བཏོན་པ་རེད།

གཞན་ཡང་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོར་ཀན་སུའུ་ཞིང་ཆེན་གྱིས་སྒོར་དུང་ཕྱུར3ལྷག་ཙམ་གྱི་བྱ་དགའ་དང་ཁ་གསབ་ཀྱི་མ་དངུལ་བཏང་ནས་འཕྲོད་བསྟེན་གསང་སྤྱོད་རེར་སྒོར1500ཡི་ཚད་གཞི་ལྟར་བྱ་དགའ་དང་ཁ་གསབ་སྤྲོད་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།