ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱིས་སློབ་གསོ་དབུལ་སྐྱོར་དང་སློབ་བྱོལ་ཚོད་འཛིན། སློབ་ཞུགས་འགན་སྲུང་བཅས་ཀྱི་བྱ་བའི་བཞུགས་མོལ་གྲོས་ཚོགས་བསྡུས།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2019-04-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་སློབ་གསོ་དབུལ་སྐྱོར་དང་སློབ་བྱོལ་ཚོད་འཛིན། སློབ་ཞུགས་འགན་སྲུང་བཅས་ཀྱི་བྱ་བའི་བཞུགས་མོལ་གྲོས་ཚོགས་གཙོས་སུ་བསྡུས། ཧྲིན་ཀྲང་གཞོན་པ་ཀྲང་ཧྲི་ཀྲིན་ཚོགས་འདུར་ཞུགས་པ་མ་ཟད་སྤྱོད་ཚུལ་ལེགས་པོར་བརྟེན་ནས་ཞིབ་ཚགས་ཀྱི་སྟེང་ནས་འབད་བརྩོན་ལྷུར་ལེན་བྱས་ཏེ། ཚན་ཁག་སོ་སོའི་ཆེས་དམའ་བའི་ཚད་ཐིག་དང་དམིགས་འབེན་འགྱུར་བ་མེད་པ་ཁག་ཐེག་དང་། དུས་རིམ་སོ་སོའི་སློབ་བྱོལ་ཚོད་འཛིན་དང་སློབ་ཞུགས་འགན་སྲུང་གི་ལས་འགན་ལེགས་འགྲུབ་ཡོང་བ་ཁག་ཐེག་བྱ་དགོས་ཞེས་ནན་གྱིས་བསྟན།

ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་ཚོགས་འདུའི་གཙོ་འགན་ཁུར་བ་མ་ཟད་གཏམ་བཤད། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་ཅ་ཉིང་དང་ཞིང་ཆེན་སློབ་གསོ་ཐིང་གི་ཐིང་ཀྲང་ཝང་ཧེ་ཡན། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ལིའུ་ཧྥུན་གྲོས་ཚོགས་སུ་ཞུགས།

ཚོགས་ཐོག་ཏུ། ལིའུ་ཧྥུན་གྱིས་ཀན་ལྷོ་ཁུལ་གྱི་སློབ་གསོ་དབུལ་སྐྱོར་དང་སློབ་བྱོལ་ཚོད་འཛིན། སློབ་ཞུགས་འགན་སྲུང་བཅས་ཀྱི་བྱ་བའི་གནས་ཚུལ་ཡར་ཞུ་བྱས། ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འགན་ཁུར་བ་དང་། གཙོས་དང་བསང་ཆུ། རྨ་ཆུ་དང་ཀླུ་ཆུ་བཅས་རྫོང་དང་གྲོང་ཁྱེར་སྲིད་གཞུང་སློབ་གསོ་དོ་དམ་གྱི་འགན་ཁུར་བ། གཙོས་གྲོང་ཁྱེར་སློབ་ཆུང་བཞི་བའི་འགན་ཁུར་བ་སོགས་ཀྱིས་རང་མངའ་ཁོངས་ཀྱི་སློབ་གསོ་དབུལ་སྐྱོར་དང་སློབ་བྱོལ་ཚོད་འཛིན། སློབ་ཞུགས་འགན་སྲུང་གི་བྱ་བའི་གནས་ཚུལ་ཡར་ཞུ་ཞིབ་མོ་བྱས།

ཅ་ཉིང་དང་ཝང་ཧེ་ཡན་གྱིས་ཀན་ལྷོ་ཁུལ་གྱི་སློབ་གསོ་དབུལ་སྐྱོར་དང་སློབ་བྱོལ་ཚོད་འཛིན། སློབ་ཞུགས་འགན་སྲུང་གི་བྱ་བར་མཛུབ་སྟོན་གྱི་གཏམ་བཤད། ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་སློབ་གསོ་ཐིང་གི་འབྲེལ་ཡོད་འགན་འཁུར་བ་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཁ་གཏད་དྲུང་ཡིག་ཆེན་མོ་གཞོན་པ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་སློབ་གསོ་དབུལ་སྐྱོར་དང་སློབ་བྱོལ་ཚད་འཛིན། སློབ་ཞུགས་འགན་སྲུང་བྱ་བའི་འགོ་ཁྲིད་ཚོ་ཆུང་གི་ཁོངས་མི་དང་སྡེ་ཁག་གི་འགན་ཁུར་བ་སོགས་ཚོགས་འདུར་ཞུགས།། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།