ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་ཅོ་ནེ་རྫོང་དཔའ་ཡུལ་གྲོང་ཚོས་ལམ་བུ་ཡང་དག་བཙལ་བས་འཚོ་བ་སྐྱིད་པོ་བྱུང་བ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-04-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དཔའ་ཡུལ་གྲོང་ཚོ་ནི་ཅོ་ནེ་རྫོང་ཏ་ཡུས་གྲོག་རོང་མཛེས་ལྗོངས་ཁུལ་གྱི་ཉེ་འགྲམ་དུ་གནས་ཤིང་། ཏ་ཡུས་གྲོག་རོང་དང་བར་ཐག་སྤྱི་ལེ་20ཡོད་པ་དང་མཛེས་ལྗོངས་ཁུལ་དུ་སྐྱོད་པར་བརྒྱུད་དགོས་ངེས་ཀྱི་དཔའ་ཡུལ་གྲོང་ཚོ་ནི་རྗེས་ལུས་ཐེབས་པའི་དབུལ་པོའི་གྲོང་ཚོ་ཞིག་རེད།

དེ་སྔ་གྲོང་ཚོའི་གང་སར་གད་སྙིགས་དབྱུགས་པ་དང་ཁང་པའི་རྒྱབ་མདུན་དུ་གད་སྙིགས་སྤུངས་ནས་བཞག་ཡོད་པའི་ཁར། ཆུ་ཀ་ལ་མེད་ལ་སྣུམ་ནག་ལམ་དང་། མ་དངུལ། ཐོན་ལས་བཅས་མེད་པ་མ་ཟད་ཐ་ན་ལག་ཐོགས་ཁ་པར་གྱི་བརྡ་རྟགས་ཀྱང་གསལ་པོ་མེད”ཅེས་མ་རུ་གྲོང་རྡལ་གྱི་འགན་ཁུར་བས་བཤད། འདི་ལྟ་བུའི་དོན་དངོས་ཀྱི་མདུན་དུ་མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་སྒྲོལ་ཕྱུག་འགྱུར་ཇི་ལྟར་བྱེད་དགོས་པ་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་འཕེལ་རྒྱས་གཏོང་ས་གང་དུ་ཡོད་པ་ལ་འགྱུར་ལྡོག་གཏོང་རྒྱུ་དེ་ནི་སྣག་ཐོག་བཙག་འཁེལ་གྱི་ཐབས་ཤེས་ཡག་པོ་ཞིག་རེད།

2015ལོར། ཀན་ལྷོ་ཀྲོའུ་ཡིས་ས་ཁོངས་ཧྲིལ་པོར་ཡུལ་སྐོར་གྱི་གད་སྙིགས་མེད་པའི“ཁོར་ཡུག་གསར་བརྗེ”དར་སྤེལ་བྱས་པ་དང་ཅོ་ནེ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་དཔའ་ཡུལ་གྲོང་ཚོའི་ཁྱད་ཆོས་མངོན་གསལ་དོད་པའི་རང་བྱུང་གི་ཆ་རྐྱེན་དང་ས་བབ་ཀྱི་ལེགས་ཆར་བསམ་བློ་བཏང་སྟེ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་བྱ་སྤྱོད་ལ་དམིགས་ནས་གྲོང་མིའི་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་བ་གཞི་རྩར་བྱེད་པ་དང་། གྲོང་ཚོའི་སྣོད་བཅུད་ཀྱི་ཡིད་དབང་འགུག་གནས་ཁྱད་ཆོས་སུ་བྱས་ཏེ་དཔའ་ཡུལ་གྲོང་ཚོ་གྲོང་གསེབ་ཡུལ་སྐོར་གྱི་གནད་སྨིན་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བའི་དཔེ་མཚོན་གྲོང་ཚོར་བཏོད་དེ་མང་ཚོགས་ཀྱི་སྣེ་ཁྲིད་ནས་སྣོད་བཅུད་སྤུས་རྟགས་གཏོད་པ་དང་། ཡུལ་སྐོར་གྱི་ཡོང་འབབ་གསོག་པ། ཕྱུག་འགྱུར་ལམ་བུར་སྐྱོད་པ་བཅས་བྱེད་མཁན་རེད།

དཔའ་ཡུལ་གྲོང་ཚོས་རྣམ་གྲངས་ཀྱི་མ་དངུལ་དང་མང་ཚོགས་ཀྱིས་རང་གྲབས་བྱེད་པའི་བྱེད་ཐབས་བརྒྱུད། མ་དངུལ་སྒོར་ཁྲི2503.5གྲབས་གསོག་བྱས་ནས་གྲོང་ཚོ་ཡོངས་ཀྱི་དུད་ཚང136གི་སྡོད་ཁང་སྒྱུར་བཅོས་བྱས་པ་དང་སྦྲགས་རང་བྱུང་སྣོད་བཅུད་དང་། གྲོང་གསེབ་ཀྱི་རིག་གནས། དམངས་སྲོལ་གོམས་གཤིས་བཅས་དང་ཟུང་འབྲེལ་གྱིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བ་དང་ངལ་གསོའི་རིག་གནས་ཐང་ཆེན་གསར་སྐྲུན་དང་། གྲོང་ཚོའི་འགྲོ་ལམ་མཁྲེགས་འགྱུར། ཉི་གློག་སྒྲིག་སྦྱོར། སྡོད་ཁང་གི་རྒྱབ་མདུན་དུ་ལྗང་གསོ་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་བརྒྱུད། མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ཟམ་མི་ཆད་པར་ལེགས་སུ་ཕྱིན་པ་དང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཤུགས་ཆེན་ཕྱིན་ཡོད་པ་རེད།

ཁོར་ཡུག་ལེགས་སུ་ཕྱིན་པ་དང་གྲོང་ཚོ་མཛེས་སུ་ཕྱིན་ཡོད། གནད་སྨིན་དབུལ་སྐྱོར་སྲིད་ཇུས་ཀྱི་གོ་སྐབས་ལ་བརྟེན་ནས་དཔའ་ཡུལ་གྲོང་ཚོས“ཞིང་པའི་སྤྲོ་སྐྱིད་ཁང”དང“བོད་ཁྱིམ་སྤྲོ་སྐྱིད་ཁང” གྲོང་གསེབ་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ། ལྟ་སྐོར་བྱ་ཡུལ་དང་ངལ་གསོ་རྒྱག་ཡུལ་སོགས་གཞི་རྟེན་དུ་བྱས་པའི་ཡུལ་སྐོར་ཐོན་ལས་བཏོད་ཡོད།

རི་ཁུལ་དབུལ་པོར་ཡུལ་སྐོར་དར་སྤེལ་གཏོང་ཐུབ་པ་ནི་ཐོན་ལས་ཀྱི་འཕེལ་རྒྱས་དང་ཁ་འབྲལ་ཐབས་མེད། 2018ལོའི་ཟླ7པར་དཔའ་ཡུལ་གྲོང་ཚོས“འགྱུར་ལྡོག་གསུམ”གྱི་ཚོད་ལྟའི་སྒྱུར་བཅོས་རྣམ་གྲངས་ལག་བསྟར་བྱེད་འགོ་ཚུགས་པ་དང་། གྲོང་ཚོར“ནོར་ལྡན་གླིང་ཁུལ་གཉིས་པ”འཛུགས་སྐྲུན་བྱེད་འགོ་བཙུགས་ཏེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་བཏང་བ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་དེས་ས་གནས་དེ་གའི་ཡུལ་སྐོར་ཐོན་ཁུངས་དང་སྣོད་བཅུད་ལེགས་ཆར་བརྟེན་ཞིང“རྣམ་གྲངས+ཁེ་ལས+མཉམ་སྡེབ་དཔལ་འབྱོར+ཞིང་དུད”ཀྱི་རྣམ་པ་གཞིར་བཟུང་དབུལ་སྐྱོར་རྣམ་གྲངས་ཀྱི་མ་དངུལ་བེད་སྤྱོད་གང་ལེགས་གཏོང་བ་དང་། ཁེ་ལས་ནང་འདྲེན་གྱིས་མ་འཇོག་གཉེར་སྐྱོང་བྱས་པ་མ་ཟད། གྲོང་ཚོའི་མཉམ་སྡེབ་ས་ཆ་མ་རྐང་དུ་བརྩིས་ནས་མ་རྐང་ལ་ཞུགས་ཏེ་དཔའ་ཡུལ་གྲོང་ཚོར་གླིང་ཁུལ་གྱི་ཤིང་ཁང་25དང་། ཡུལ་སྐོར་ཚོང་ཟོག་ཉམས་ལེན་ཁང་། བྱིས་པའི་རོལ་རྩེད་ཁང་བཅས་གཞི་གཅིག་ཅན་གྱི་གླིང་ཁུལ་སྐྲུན་ཡོད་པ། རྣམ་གྲངས་བསྐྲུན་ཟིན་ནས་གཉེར་སྐྱོང་བྱས་རྗེས། གྲོང་གསེབ་ཡུལ་སྐོར་གྱི་སྤུས་ཚད་སྤྱི་ཡོངས་ནས་མཐོ་རུ་འགྲོ་བ་དང་གྲོང་ཚོ་ཡོངས་ཀྱི་མང་ཚོགས་ལ་ཐོན་ཁུངས་མ་རྐང་ལ་ཞུགས་པའི་བསྡུར་ཚད་གཞིར་བཟུང་ཁེ་སྤོགས་བགོ་བཤའ་རག་ནས“ཐོན་ཁུངས་མ་རྩར་སྒྱུར་བ་དང་། མ་དངུལ་རྐང་དངུལ་དུ་སྒྱུར་བ། ཞིང་པ་རྐང་བདག་ཏུ་སྒྱུར་བ”བཅས་དངོས་འབྲེལ་བྱུང་ནས་གྲོང་ཚོ་ཡོངས་ཀྱི་མི་སེར་ལ“འགྱུར་ལྡོག་གསུམ”ལས་བྱུང་བའི་ཁེ་བཟང་རག་ཡོད།

ཡུལ་བབ་དང་མཐུན་པའི་ཁྱད་ལྡན་ཡུལ་སྐོར་ཐོན་ལས་ལ་ཕན་འབྲས་ཐོན་པ་དང་དམངས་འཚོ་དང་འབྲེལ་བའི་ཞན་ཆ་ཚང་མ་ཁ་གསབ་ཐུབ་ཡོད། མིག་སྔའི་བར། པའ་ཡུལ་གྲོང་ཚོར“ཞིང་པའི་སྤྲོ་སྐྱིད་ཁང”དང“བོད་ཁྱིམ་སྤྲོ་སྐྱིད་ཁང”13ཡོད་པས་དུད་ཚང་རེར་ལོར་ཆ་སྙོམས་ཡོང་འབབ་སྒོར་ཁྲི9ཟིན་ཡོད། གྲོང་ཚོར་བསྐྲུན་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་5ཡོད་པ་དེར་ལོར་ཆ་སྙོམས་ཡོང་འབབ་སྒོར་ཁྲི20ཟིན་གྱི་ཡོད། རོགས་སྐྱོར་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་དེ་སྔའི་དུད་ཚང་དབུལ་པོ་མང་པོ་ཞིག་གནད་སྨིན་དབུལ་སྐྱོར་གྱི་སྲིད་ཇུས་དོན་འཁྱོལ་ནུས་ལྡན་བྱས་པ་ལས་དབུལ་ཞྭ་ཕུད་ཐུབ་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།