ཀྲུང་གོ་བོད་ཀྱི་དྲ་བ།

གཙོས་གྲོང་ཁྱེར་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་།  

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-03-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གཙོས་གྲོང་ཁྱེར་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱེད་པའི་ལས་ཀར་ཚད་མཐོའི་མཐོང་ཆེན་བྱས་ནས་ལས་དོན་འདི་ཉིད་གནད་འཕིགས་དབུལ་སྐྱོར་ལག་བསྟར་བྱེད་པའི་གཞི་རྟེན་གསར་བ་ཞིག་ཏུ་བཟུང་སྟེ། ཞིང་འབྲོག་གྲོང་ཚོ་འཕེལ་རྒྱས་ཀྱི་ལག་ལེན་གསར་བ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལས་སྟེགས་གསར་པ་ཡིན་ལ། ཤང་གྲོང་གི་རྣམ་པ་ཧྲིལ་པོ་དེ་གྲོང་ཁྱེར་གྱི་“གཞོང་ལྗོངས་མེ་ཏོག་བཞད་པ”ནས“མེ་ཏོག་རྣམ་པར་བཞད་པར”འཕོ་འགྱུར་འབྱུང་བར་སྐུལ་འདེད་གཏོང་དགོས།

2018ལོར་གྲོང་ཁྱེར་ཡོངས་སུ་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱེད་པའི་རྣམ་གྲངས་ནང་ཤང་གསུམ་དང་གྲོང་རྡལ་གསུམ། སྲང་ལམ་གཉིས་བཅས་འདུས་པའི་རང་བྱུང་གྲོང་ཚོ28ཡོད་ཅིང་། དེར་རོང་འབྲོག་མང་ཚོགས་ཀྱི་དུད་ཚང790དང་མི4695ཡོད། ནུས་ཤུགས་ཡོད་དགུའི་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད། ནན་ཏན་སྒོས“965356”འཛུགས་སྐྲུན་གྱི་ཚད་གཞི་ལྟར། དམངས་སྲོལ་རིག་གནས་དང་ས་ཁོངས་རིག་གནས་ཀྱི་ཁྱད་ཆོས་ཟུང་འབྲེལ་བྱས་ཏེ། རྣམ་པ་སྒྱུར་བཀོད་ལེགས་འགྲུབ་བྱུང་བ་དང་། ཁང་པའི་ནང་གི་དུད་ཚང536ལ་ཕྱོགས་བདུན་གྱི་ཆ་ནས་བསྒྱུར་བ། སྲང་ལམ་ཨར་འདམ་སྨི་གྲུ་བཞི་མ17717བཟོས་བ། ཆུ་ལམ་སྨི7988གསར་དུ་བསྐྲུན་པ། ངོགས་སྲུང་སྦྱར་རྩིག་སྨི་གྲུ་བཞི་ལྷམ་པ630བཟོས་པ།  ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་གཙོ་བོ16དང་། སྤྱི་པའི་གསང་སྤྱོད་ཁང8། གསོ་ཚགས་དྲོད་ཁང25 བཅས་གསར་དུ་བསྐྲུན་པ་དང་།  གསོ་ཚགས་དྲོད་ཁང57ལེགས་གྲུབ་བྱུང་ཡོད། དམངས་ཕན་ཟམ་པ9དང་། ཐང་ཆེན10། གྲོང་གསེབ་ཀྱི་གར་སྟེགས10གསར་དུ་བསྐྲུན་པ་རེད། སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱས་པ་དེས་ཞིང་འབྲོག་གྲོང་ཚོའི་སྤྱི་ཡོངས་ཀྱི་རྣམ་པར་གནམ་ས་བླ་འོག་ཏུ་སྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་དུ་བཅུག་པ་དང་ཞིང་འབྲོག་པའི་བདེ་སྐྱིད་སྟོན་གྲངས་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཡོད་དུ་བཅུག །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།