ཀྲུང་གོ་བོད་ཀྱི་དྲ་བ།

ཞིང་ཆེན་དམངས་ཨུའི་རྟོག་ཞིབ་ཚན་ཆུང་གིས་ཀན་ལྷོ་ཁུལ་གྱི་མི་རིགས་བྱ་བར་རྟོག་ཞིབ་བྱས་པ།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2019-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཀན་སུའུ་ཞིང་ཆེན་དམངས་ཨུའི་སྐོར་ཞིབ་པ་གཞོན་པ་ཡུས་ཧྲི་ཡུང་གིས་ཞིང་ཆེན་དམངས་ཨུའི་རྟོག་ཞིབ་ཚན་ཆུང་ཁྲིད་དེ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་ཡོང་ནས་མི་རིགས་བྱ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས།

ཡུས་ཧྲི་ཡུང་འཁོར་དང་བཅས་པ་སྔ་རྗེས་སུ་ལིན་ཐན་རྫོང་དང་ཅོ་ནེ་རྫོང་། གཙོས་གྲོང་ཁྱེར་དུ་སོང་ནས་མི་རིགས་བྱ་བར་ཡུལ་དངོས་རྟོག་ཞིབ་བྱས། གཙོས་གྲོང་ཁྱེར་དུ་ཚོགས་པའི་སྙན་ཞུ་གྲོས་ཚོགས་སུ་ཁུལ་དམངས་ཨུ། འབྲེལ་ཡོད་རྫོང་དང་གྲོང་ཁྱེར་གྱི་སྡེ་ཁག་གི་འགན་ཁུར་བས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་བྱ་བའི་གནས་ཚུལ་སྙན་ཞུ་ཕུལ།

སྙན་ཞུ་ལ་ཉན་རྗེས་ཡུས་ཧྲི་ཡུང་གིས་ཀན་ལྷོ་ཁུལ་གྱི་མི་རིགས་བྱ་བ་ལ་ཁས་ལེན་གང་ལེགས་བྱས་པ་དང་། ཀན་ལྷོ་ཁུལ་གྱི་ཏང་གིས་མི་རིགས་བྱ་བར་གཅིག་བསྡུས་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་པར་སྔར་ལས་ཤུགས་སྣོན་དགོས་ལ། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བ་གཏིང་ཟབ་ཏུ་གཏོང་བ་དང་། མི་རིགས་བྱ་བར་འཕྲད་པའི་གནད་དོན་གསར་བ་ཐག་གཅོད་འཚམ་པོ་བྱས་ནས་ཁུལ་ཡོངས་ཀྱི་མི་རིགས་བྱ་བ་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་ཁག་ཐེག་བྱ་དགོས་པའི་བླང་བྱ་བཏོན།

ཡུས་ཧྲི་ཡུང་གིས་ཀན་ལྷོ་ཁུལ་གྱི་འབྲེལ་ཡོད་སྡེ་ཚན་སོ་སོས་དངོས་གནས་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་བྱེད་པ་ད། མི་རིགས་མཐུན་སྒྲིལ་གསར་གཏོད་ཀྱི་བྱ་བ་སྤེལ་བ། ཁྲིམས་ལྟར་མི་རིགས་བྱ་བ་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་ནས་ཏང་གི་རིགས་སོ་སོའི་མི་རིགས་སྲིད་ཇུས་སྔར་ལས་དོན་འཁྱོལ་བྱེད་པ། དངོས་ནས་ཁྲིམས་ལྟར་རིགས་སོ་སོའི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ། མི་རིགས་བྱ་བ་ཚན་རིག་ཅན་གྱི་ཆུ་ཚད་ཤུགས་ཆེན་སྒོས་མཐོར་འདེགས་སུ་བཏང་ནས། ཀན་ལྷོ་ཁུལ་གྱིས་སྤུས་ཚད་མཐོ་བའི་བཅོས་སྒྱུར་འཕེལ་རྒྱས་ལ་སྐུལ་བ་དང་ཆུ་ཚད་མཐོ་བའི་འབྱོར་འབྲིང་གི་མི་རིགས་བྱ་བར་ཁོར་ཡུག་ལེགས་པོ་ཞིག་འཛུགས་སྐྲུན་བྱ་དགོས་ཞེས་ནན་གྱིས་བསྟན།།                                                                                                                     

རྩོམ་སྒྲིག་པ། : ཀླུ་མོ་མཚོ།