ཀྲུང་གོ་བོད་ཀྱི་དྲ་བ།

ཀླུ་ཆུ་རྫོང་གིས་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་ལས་གཞིའི་འཆར་འགོད་དང་ཇུས་གཞིའི་ཆེད་མཁས་པའི་དཔྱད་ཞིབ་གྲོས་ཚོགས་བསྡུས།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2019-03-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་གིས་རྩ་འཛུགས་བྱས་ཏེ2019ལོའི་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་ལས་གཞིའི་འཆར་འགོད་དང་ཇུས་གཞི་ཡི་ཆེད་མཁས་པའི་དཔྱད་ཞིབ་གྲོས་ཚོགས་བསྡུས།

དཔྱད་ཞིབ་གྲོས་ཚོགས་སྟེང་དུ། ཇུས་འགོད་ལས་ཁུངས་སོ་སོའི་ལས་བྱེད་མི་སྣ་ཡིསPPTསོགས་ཀྱི་བྱ་ཐབས་སྤྱད་ནས་སྡེ་བ་སོ་སོའི་འཆར་འགོད་དང་ཇུས་གཞི་མཚམས་སྦྱོར་ཞིབ་ཕྲ་བྱས་པ་དང་། ཆེད་མཁས་པ་སོ་སོས་རང་རང་གི་ཆེད་ལས་ཀྱི་ཐད་ནས་དག་བཅོས་ཀྱི་བསམ་འཆར་དང་གྲོས་གཞི་བཏོན།

གྲོས་ཚོགས་ཀྱིས་བསྟན་དོན། ཇུས་འགོད་ལས་ཁུངས་སོ་སོས་གཟབ་ནན་གྱིས་ཆེད་མཁས་པས་བཏོན་པའི་དག་བཅོས་ཀྱི་བསམ་འཆར་ལྟར་མགྱོགས་མྱུར་གྱིས་དག་བཅོས་དང་འཐུས་ཚང་དུ་གཏོང་དགོས་པ་མ་ཟད། ཆེད་མཁས་པས་བཏོན་པའི་བསམ་འཆར་ལ་རེ་རེ་བཞིན་དུ་ལེན་འདེབས་དགོས་པ། ཤང་དང་གྲོང་རྡལ་སོ་སོས་ཧུར་ཐག་སྒོས་ལས་རིགས་གཅིག་པའི་སྡེ་ཁག་དང་ཇུས་འགོད་ཁང་ལ་མཐུན་སྦྱོར་འབྲེལ་མཐུད་བྱས་ཏེ། ཇུས་གཞི་དོན་འཁྱོལ་ལག་བསྟར་བྱ་ཐུབ་པ་ཁག་ཐེག་བྱ་དགོས་ཤིང་། དཔལ་འབྱོར་གྱི་ཕན་འབྲས་ཆེ་ཤོས་འདོན་སྤེལ་བྱས་ནས་སྔར་ལས་མང་བའི་རོང་འབྲོག་མང་ཚོགས་ལ་ཕན་ཁེ་ཐོབ་པ་བྱ་དགོས། རྫོང་སྐྱེ་ཁམས་གཞུང་ལས་ཁང་གིས་མགྱོགས་མྱུར་སྒོས་དག་བཅོས་དང་འཐུས་ཚང་དུ་བཏང་ཡོད་པའི་འཆར་འགོད་དང་ཇུས་གཞི་ཁུལ་རིམ་པའི་སྡེ་ཁག་ལ་ཡར་ཞུ་བྱས་ཏེ་ཐོ་འགོད་བྱ་དགོས་པ་དང་། ལས་གཞི་སྔ་མོ་ནས་འཛུགས་སྐྲུན་བྱེད་འགོ་རྩོམ་པ་ཁག་ཐེག་བྱ་དགོས།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།