ཀྲུང་གོ་བོད་ཀྱི་དྲ་བ།

ཟི་ལིང་ནས་གཙོས་དང་ཁྲིན་ཏུའུ་བརྒྱུད་པའི་ལྕགས་ལམ་ལས་ཀན་སུའུ་ཞིང་ཆེན་མཚམས་ཀྱི་ལས་གཞི་གསར་འཛུགས་ཀྱི་སྤྱི་ཚོགས་བརྟན་ལྷིང་ཉེན་ཁ་དཔྱད་འཇོག་གི་སྤྱི་བསྒྲགས།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2019-03-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་གསར་སྐྲུན་ལྕགས་ལམ་དེ་མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་གནས་ཡོད། བརྒྱུད་ལམ་གཙོ་བོ་ནི་བྱང་གི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དང་ལྷོ་ཡི་མཚོ་ཤར་གྲོང་ཁྱེར་གྱི་དཔའ་ལུང་རྫོང་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གཅན་ཚ་རྫོང་། རེབ་གོང་རྫོང་བརྒྱུད་ལ། དེ་ནས་ཤར་ལྷོའི་ཕྱོགས་ནས་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བསང་ཆུ་རྫོང་དང་གཙོས་གྲོང་ཁྱེར། ཀླུ་ཆུ་རྫོང་བཅས་རིམ་པ་བཞིན་བརྒྱུད་པ་དང་། ལྷོ་རྒྱུད་ཀྱི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་མཛོད་དགེ་རྫོང་བརྒྱུད་དེ་འཛུགས་སྐྲུན་བྱེད་བཞིན་པའི་ཁྲིན་གཟི་ལྕགས་ལམ་གྱི་སྤང་བཟང་སྡེ་བའི་ལྕགས་ལམ་ས་ཚུགས་དང་སྦྲེལ། ཁྲིན་གཟི་ལྕགས་ལམ་དང་མཉམ་སྐུད་བྱས་དེ་ཁྲིན་ཏུའུ་ཧྲུའུ་ཉོར་དང་སྦྲེལ། བརྒྱུད་ལམ་ཡོངས་ལ་སྤྱི་ལེ841.838ཡོད་ལ། ལས་གཞི་འཛུགས་སྐྲུན་བྱེད་བཞིན་པའི་ཁྲིན་གཟི་ལྕགས་ལམ་ལ་སྤྱི་ལེ307.748དང་ལན་ཤིན་མྱུར་བགྲོད་ལྕགས་ལམ་གྱི་ཟི་ལིང་ནས་མཚོ་ཤར་བྱང་ལམ་བར་ལ་སྤྱི་ལེ24.968གསར་འཛུགས་བྱས་པའི་མཚོ་ཤར་ནུབ་ལམ་ནས་སྤང་བཟང་སྡེ་བའི་བར་གྱི་ལྕགས་ལམ་གྱི་རིང་ཚད་ལ་སྤྱི་ལེ495.073ཡོད། དེའི་ཁྲོད་དུ་མཚོ་སྔོན་ཞིང་ཆེན་གྱི་མངའ་ཁོངས་སུ་གསར་སྐྲུན་རིང་ཚད་སྤྱི་ལེ138.741ཡོད་པ་དང་། ཀན་སུའུ་ཞིང་ཆེན་གྱི་མངའ་ཁོངས་སུ་གསར་སྐྲུན་རིང་ཚད་སྤྱི་ལེ183.47ཡོད་པ། སི་ཁྲོན་ཞིང་ཆེན་གྱི་མངའ་ཁོངས་སུ་གསར་སྐྲུན་རིང་ཚད་སྤྱི་ལེ172.862ཡོད། 

ལས་གཞི་འདི་ནི་“དར་གོས་འགྲུལ་ལམ་གྱི་དཔལ་འབྱོར་ཁུལ་” དང “འབྲི་ཆུའི་དཔལ་འབྱོར་ཁུལ་”བཅས་དཔལ་འབྱོར་ཁུལ་གཉིས་ལ་འབྲེལ་བ་བྱེད་པར་ཤུགས་བསྣན་ཏེ། ནུབ་རྒྱུད་གསར་སྤེལ་གྱི་ཐབས་ཇུས་དོན་འཁྱོལ་བྱས་ནས་ས་ཁོངས་དཔལ་འབྱོར་མཐུན་འབྲེལ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་དགོས་ངེས་དང་། ས་ཁོངས་ཀྱི་ལམ་གྱི་ཆགས་གཞི་འཐུས་ཚང་དུ་བཏང་ནས་བགྲོད་ལམ་གྱི་བདེ་འཇགས་རང་བཞིན་དང་བློ་གཏད་ཆོག་པའི་རང་བཞིན་ཇེ་མཐོར་གཏོང་བའི་དགོས་ངེས། ལམ་རྒྱུད་ཀྱི་རྒྱལ་སའི་ཡུལ་སྐོར་ཐོན་ཁུངས་གསར་འབྱེད་དང་ཐོན་ལས་རིམ་འཕར་ལ་སྐུལ་འདེད་བཏང་ནས་གྲོང་རྡལ་ཅན་དུ་བསྒྱུར་བར་ཇེ་མགྱོགས་སུ་གཏོང་བའི་དགོས་ངེས། ལམ་རྒྱུད་ཀྱི་དབུལ་ཕོངས་ས་ཁུལ་གྱི་རྗེས་ལུས་ཀྱི་རྣམ་པ་བཅོས་སྒྱུར་བྱས་ཏེ་དབུལ་སྐྱོར་ཐོན་འབྱེད་བྱེད་པ་ཇེ་མགྱོགས་སུ་གཏོང་བའི་དགོས་ངེས། གྲངས་ཉུང་མི་རིགས་ས་ཁུལ་གྱི་སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོབ་བྱས་ཏེ་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད། མཐོ་གྲང་ས་ཁུལ་དུ་གངས་འཁྱགས་ཀྱི་གནོད་འཚེ་འགོག་རྒོལ་བྱེད་པ་དང་ཐབས་ཇུས་ལག་བསྟར་བྱེད་པར་འགན་སྲུང་གི་དགོས་ངེས་བཅས་ཡིན། 

ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིསརྒྱལ་ཁབ་ཀྱི་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་གལ་ཆེན་གཏན་འཇགས་རྒྱུ་རྫས་ལ་མ་དངུལ་འཇོག་པའི་ལས་གཞིའི་སྤྱི་ཚོགས་བརྟན་ལྷིང་ཉེན་ཁ་དཔྱད་འཇོག་གི་གནས་སྐབས་ཀྱི་ལག་བསྟར་བྱ་ཐབས།(འཕེལ་རྒྱས་བཅོས་སྒྱུར་མ་དངུལ་འཇོག་པ[2012]ཨང 2492)དངརྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་གལ་ཆེན་གཏན་འཇགས་རྒྱུ་རྫས་ལ་མ་དངུལ་འཇོག་པའི་ལས་གཞིའི་སྤྱི་ཚོགས་གཏན་འཇགས་དབྱེ་ཞིབ་ལེ་ཚན་དང་དཔྱད་འཇོག་སྙན་ཞུ་རྩོམ་སྒྲིག་གི་རྩ་གནད་ཚོད་ལྟའི་བརྡ་ཐོ།(འཕེལ་རྒྱས་བཅོས་སྒྱུར་མ་དངུལ་འཇོག་པ[2013]ཨང་428)པའི་བླང་བྱ་ལྟར་ཕྱོགས་གསུམ་པའི་སྒྲིག་གཞི་ཀན་སུའུ་ཀྲོན་ཧེའུ་ཧྲིན་ཏཱ་ལས་གཞིའི་བློ་འདྲི་ཚད་ཡོད་ཀུང་སི་ལ་མངག་བཅོལ་བྱས་ཏེ་ཟི་ལིང་ནས་ཁྲིན་ཏུའུ་ལྕགས་ལམ་གསར་འཛུགས་བྱེད་པའི་(ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ས་ཁོངས་ནང་དུ།)འཛུགས་སྐྲུན་ལས་གཞི་ལ་སྤྱི་ཚོགས་བརྟན་འཇགས་ཀྱི་ཉེན་ཁར་དཔྱད་འཇོག་བྱས། ད་ལྟ་ལས་གཞི་འདིའི་སྤྱི་ཚོགས་བརྟན་འཇགས་ཀྱི་ཉེར་ཁར་དཔྱད་འཇོག་ལ་དམངས་ཡོངས་ཞུགས་པའི་སྤྱི་བསྒྲགས་སྤེལ་བ་གཤམ་གསལ། 

གཅིག  ལས་གཞིའི་གནས་ཚུལ་མདོར་བསྡུས། 

1 ལས་གཞིའི་མིང་། ཟི་ལིང་ནས་གཙོས་དང་ཁྲིན་ཏུའུ་བརྒྱུད་པའི་ལྕགས་ལམ་ཁྲོད་ཀན་སུའུ་ཞིང་ཆེན་མཚམས་ཀྱི་ལྕགས་ལམ་འཛུགས་སྐྲུན་བྱེད་པའི་ལས་གཞི།  

2 འཛུགས་སྐྲུན་གྱི་ས་གནས།  ཤར་ལྷོའི་ཕྱོགས་ནས་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བསང་ཆུ་རྫོང་དང་གཙོས་གྲོང་ཁྱེར། ཀླུ་ཆུ་རྫོང་བཅས་རིམ་པ་བཞིན་བརྒྱུད་པ་དང་། དེ་ནས་ལྷོ་ཕྱོགས་ནས་སི་ཁྲོན་ཞིང་ཆེན་ལ་བརྒྱུད། 

3 འཛུགས་སྐྲུན་གྱི་ནང་དོན།  ལས་གཞི་འདིར་ཀན་སུའུ་ཞིང་ཆེན་གྱི་ས་ཁོངས་ཀྱི་ལམ་ཐིག་རིང་ཚད་ལ་སྤྱི་ལེ183.47ཡོད་པ་དང་། རྒན་གྱ་དང་བསང་ཆུ།  ཐང་དཀར་ནང་། གཙོས། འབོ་ར། ཀླུ་ཆུ། ཟམ་ཚ། ལྷ་མོའི་དགོན་བཅས་འབབ་ཚུགས8གསར་དུ་བཀོད་ཡོད་ལ། གསར་འཛུགས་བྱེད་རྒྱུར་ཟམ་ཆེ་མ་ཆུང་གསུམ་སྤྱི་ལེ30.994/56དང་། ཕུག་ལམ་སྤྱི་ལེ136.320/39ཡོད་ལ། ཟམ་པ་དང་ཕུག་ལམ་གྱི་སྤྱི་རིང་ཚད་ལ་སྤྱི་ལེ167.314ཡོད་པ་དེས་སྤྱི་རིང་ཚད་ཀྱི91.19%ཟིན།  

4 དཔྱད་འཇོག་ལས་ཁུངས། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། 

5 ལས་གཞིར་མ་དངུལ་གཏོང་བའི་གཞི་རྒྱ།  ལས་གཞིའི་ཚོད་རྩིས་སྤྱི་དངུལ་སྒོར་དུང་ཕྱུར901.878དང་། ཀན་སུའུ་ཞིང་ཆེན་ས་ཁོངས་ཀྱི་ཚོད་རྩིས་སྤྱི་དངུལ་སྒོར་དུང་ཕྱུར343.99དང་། དེའི་ཁྲོད་དུ་གཏན་འཇགས་མ་རྩ་གཏོང་བ་སྒོར་དུང་ཕྱུར309.06བཅས་ཡིན། 

6 ལས་གཞི་འཛུགས་སྐྲུན་གྱི་དུས་ཡུན།  ལམ་ཐིག་ཡོངས་ལ་དུས་མཉམ་དུ་འཛུགས་སྐྲུན་དང་ཁག་བགོས་སྒོ་འབྱེད་ཀྱི་འཆར་གཞི་ལག་བསྟར་བྱས་ཏེ། གཙོས་ནས་སྤང་བཟང་སྡེ་བའི་བར་གྱི་ལས་ཀ་སྤྱིའི་དུས་ཡུན་ནི་ཟླ་བ66(ལོ 5.5)དེ་ཐོག་མར་ལས་འགོ་འཛུགས་པ་དང་། ཟི་ལིང་ནས་གཙོས་བར་གྱི་ལས་ཀ་སྤྱིའི་དུས་ཡུན་ནི་ཟླ་བ84(ལོ 7)དེ་རྗེས་སུ་ལས་འགོ་འཛུགས་རྒྱུ། 

གཉིས། སྤྱི་ཚོགས་བརྟན་ལྷིང་ཉེན་ཁ་དཔྱད་འཇོག་བྱེད་པའི་འགན་ཁུར་ལས་ཁུངས་དང་འབྲེལ་གཏུགས་ཁ་པར། 

ལས་ཁུངས་ཀྱི་མིང་།  ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང།

ལས་ཁུངས་ཀྱི་ས་གནས།  ཀན་སུའུ་ཞིང་ཆེན་གཙོས་གྲོང་ཁྱེར་ཆུ་རྒྱུད་ལམ་གྱི་སྒོ་རྟགས་ཨང 199པ། 

འབྲེལ་གཏུགས་བྱེད་ས།  མགོན་པོ་སྐྱབས།  འབྲེལ་གཏུགས་ཁ་པར 0941-8213578

གསུམ།  དཔྱད་འཇོག་ལས་ཁུངས་དང་འབྲེལ་གཏུགས་ཁ་པར། 

ལས་ཁུངས་ཀྱི་མིང་།  ཀན་སུའུ་ཀྲོན་ཧེའུ་ཧྲིན་ཏཱ་ལས་གཞིའི་བློར་འདྲིའི་ཚད་ཡོད་ཀུང་སི། 

ལས་ཁུངས་ཀྱི་ས་གནས།  ལན་ཀྲོའུ་གྲོང་ཁྱེར་ཆི་ལི་ཧོ་ཁུལ་ཅན་ནན་ལམ་གྱི་སྒོ་རྟགས་ཨང 118རོན་ཤིན་ཐོག་ཁང་གི 10ཐོག 

འབྲེལ་གཏུགས་བྱེད་ས།  བང་ཅིན་ཝེ།  འབྲེལ་གཏུགས་ཁ་པར 0931-6117086

གློག་རྡུལ་ཡིག་སྒམ 51118000@qq.com 

བཞི།  དམངས་ཡོངས་ཞུགས་པའི་བསམ་འཆར་དང་བྱ་བ་གཙོ་བོ། 

དམངས་ཡོངས་ཀྱི་བསམ་འཆར་བསྡུ་ལེན་བྱེད་པའི་ནང་དོན་གཙོ་བོ་སྟེ། སྲིད་གཞུང་གི་ལས་ཁུངས་ཀྱིས་གལ་ཆེའི་ལས་གཞིའི་ཐོག་མའི་ལས་ཀ་སྤེལ་སྐབས་སྤྱི་ཚོགས་བརྟན་ལྷིང་ཉེན་ཁར་རྟོག་དཔྱད་དབྱེ་ཞིབ་བྱེད་པ་རྩ་འཛུགས་བྱས་ཏེ།  ལས་གཞི་ལག་བསྟར་བྱེད་པར་སྤྱི་ཚོགས་བརྟན་ལྷིང་ཉེན་ཁའི་རྒྱུ་རྐྱེན་གང་དག་ཡོད་པ་དང་། མང་ཚོགས་ཀྱི་ཁེ་ཕན་ལ་ཤུགས་རྐྱེན་ཡོད་མེད།  ལས་གཞི་འདི་ལ་རེ་འདུན་གང་ཡོད་པ། ཉེན་ཁའི་གནས་དང་ཉེན་ཁ་འབྱུང་བའི་ཡོང་ཚོད་རིང་བཞིན་དང་ཤུགས་རྐྱེན་ཚད་འཚོལ་ཞིབ་དང་བསྡུ་སྒྲིག་བྱས་ཏེ། སྤྱི་ཚོགས་བརྟན་ལྷིང་ཉེན་ཁ་འགོག་རྒོལ་བྱེད་པར་གནས་བསྟུན་ལག་བསྟར་བྱེད་པའི་ཐབས་ལམ་དང་རེ་བ། འབྲེལ་ཡོད་མང་ཚོགས་ཀྱི་བསམ་འཆར་འདྲི་རྩད་བྱས་ནས་ཉེན་ཁ་འགོག་རྒོལ་བྱེད་པའི་འཆར་གཞི་བཏོན་པ་དང་། འབྲེལ་ཡོད་ཐབས་ལམ་བཀོལ་རྗེས་སྤྱི་ཚོགས་བརྟན་ལྷིང་ཉེན་ཁར་རིམ་པ་བཏོད་པའི་རེ་བ་བཏོན།

1ཁེ་ཕན་གྱི་འབྲེལ་བ་ཡོད་པའི་ལས་ཁུངས་དང་མི་སྒེར་སུ་དང་སུ་ཡིན་ན། ལས་གཞི་སྤྱི་ཚོགས་བརྟན་ལྷིང་ཉེན་ཁ་དབྱེ་ཞིབ་བྱེད་པའི་དུས་སུ་ལས་གཞི་འཛུགས་སྐྲུན་ལས་ཁུངས་དང་དཔྱད་འཇོག་ལས་ཁུངས་ལ་ལས་གཞིར་འཛུགས་སྐྲུན་ལ་བཀོལ་ཆོག་པའི་བསམ་འཆར་དང་རེ་བ་འདོན་ཆོག  

2ཁེ་ཕན་གྱི་འབྲེལ་བ་ཡོད་པའི་ལས་ཁུངས་དང་མི་སྒེར་སུ་དང་སུ་ཡིན་ན། ལས་གཞི་སྤྱི་ཚོགས་བརྟན་ལྷིང་ཉེན་ཁ་དབྱེ་ཞིབ་བྱེད་པའི་དུས་སུ་ཉེན་ཁ་འགོག་རྒོལ་དང་ཞི་མཐུན་ཡོང་བའི་བསམ་འཆར་དང་རེ་བ་འདོན་ཆོག  

3ལས་གཞི་འཛུགས་སྐྲུན་ལས་ཁུངས་དང་དཔྱད་འཇོག་ལས་ཁུངས་ཀྱིས་ནན་ཏན་སྒོས་མང་ཚོགས་ཀྱི་བསམ་འཆར་ལ་ཉན་ཏེ། ཚན་རིག་དང་ལྡན་པ།  འདྲ་མཉམ་དྲང་བདེན། ཁྲིམས་མཐུན་གྱིས་ལས་གཞི་སྤྱི་ཚོགས་བརྟན་ལྷིང་ཉེན་ཁ་ལ་དབྱེ་ཞིབ་གྱི་བྱ་བ་སྤེལ་དགོས།   

ལྔ།  མང་ཚོགས་ཀྱིས་བསམ་འཆར་འདོན་པའི་རྣམ་པ། 

སྤྱི་བསྒྲགས་བཀྲམ་པ་ནས་བཟུང་ལས་ཚོགས་ཀྱི་ཉིན10ཡི་ནང་དུ་མང་ཚོགས་ཀྱིས་ཁ་པར་དང་གློག་རྡུལ་ཡིག་འཕྲིན། འཕྲིན་ཡིག་གི་ལམ་ནས་ལས་གཞི་འཛུགས་སྐྲུན་ལས་ཁུངས་དང་དཔྱད་འཇོག་ལས་ཁུངས། ས་གནས་སྲིད་གཞུང་དང་འབྲེལ་ཡོད་ལས་ཁུངས་ལ་བསམ་འཆར་འདོན་དགོས།།

              ཀན་སུའུ་ཀྲོན་ཧེའུ་ཧྲིན་ཏཱ་ལས་གཞིའི་བློ་འདྲི་ཚད་ཡོད་ཀུང་སི།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།