ཀྲུང་གོ་བོད་ཀྱི་དྲ་བ།

ལན་ཀྲོའུ་ནས་གཙོས་བར་དང་ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་ལས་གཞིའི་དུས་འགོའི་བྱ་བའི་མཐུན་སྦྱོར་སྐུལ་སྤེལ་གྲོས་ཚོགས་བསྡུས་པ།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2019-03-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ལན་ཀྲོའུ་ནས་གཙོས་བར་དང་ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་ལས་གཞིའི་དུས་འགོའི་བྱ་བའི་མཐུན་སྦྱོར་སྐུལ་སྤེལ་གྲོས་ཚོགས་གཙོས་གྲོང་ཁྱེར་དུ་བསྡུས། 

ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད། ལན་ཞིན་ལྕགས་ལམ་ཀན་སུའུ་དང་མཚོ་སྔོན་ཀུང་སིའི་སྤྱི་གཉེར་བ་གཞོན་པ་ཀྲོའུ་ཅུན་གྲོས་ཚོགས་སུ་ཞུགསཔ་དང་། ཁུལ་དཔོན་གཞོན་པ་ཝང་ཅན་ཅུན་གྱིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར།

ལན་ཞིན་ལྕགས་ལམ་ཀན་སུའུ་དང་མཚོ་སྔོན་ཀུང་སི་དང་། ལན་གཙོས་ལྕགས་ལམ་ལིན་ཞ་བཀོད་འདོམས་པུའུ། ཀྲུང་གོའི་ལྕགས་ལམ་རྩད་ཞིབ་ཇུས་འགོད་ཁང་ཟི་ལིང་ནས་ཁྲིན་ཏུའུ་ལྕགས་ལམ་ལས་གཞི་པུའུ། གཙོས་དང་བསང་ཆུ། ཀླུ་ཆུ་རྫོང་གི་ལས་བགོས་རྫོང(གྲོང་ཁྱེར)དཔོན་གཞོན་པ། གོང་འཕེལ་བཅོས་སྒྱུར་ཅུས་སོགས་ཁུལ་དང་རྫོང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་གྲོས་ཚོགས་སུ་ཞུགས།

གྲོས་ཚོགས་སུ། ཞིང་ཆེན་གོང་འཕེལ་བཅོས་སྒྱུར་ཨུས་བསྡུས་པའི་ལན་གཙོས་ལྕགས་ལམ་དང་ཟི་ལང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་གྱི་དུས་འགོའི་བྱ་བའི་མཐུན་སྦྱོར་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་། ལན་གཙོས་ལྕགས་ལམ་དང་ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་གྱི་འབྲེལ་ཡོད་བྱ་བ་སྒྲུབ་ཚུལ་གྱི་སྙན་ཞུ་ཕུལ། གཙོས་དང་བསང་ཆུ། ཀླུ་ཆུ་རྫོང་། དེ་མིན་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་བཅས་ཀྱིས་བསམ་ཚུལ་མཚོན་པའི་གཏམ་བཤད།

རྒྱུས་ལོན་བྱས་པ་ལྟར་ན། ལན་ཀྲོའུ་ནས་གཙོས་བར་གྱི་ལྕགས་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ147ཡོད་པ་དང་། སྤྱིའི་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར239ཡིན། ལམ་ཐིག་ཉིས་གཤིབ་ལྟར་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ200ཡི་ཚད་གཞི་ལྟར་འཛུགས་སྐྲུན་བྱ་རྒྱུ་ཡིན་ལ། མིག་སྔར་ཇུས་འགོད་ལ་ཞིབ་འཇུག་ཞུ་དག་དང་ལམ་ཐིག་ཧྲིལ་བོར་ཁ་གསབ་གཏན་འཁེལ་གྱི་བྱ་བ་སྤེལ་བཞིན་པའི་སྒང་ཡིན། ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་གྱི་ཀན་སུའུ་ལམ་དུམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ186ཡོད་པ་དང་། སྤྱིའི་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར344ཡིན། ལམ་ཐིག་ཉིས་གཤིབ་ལྟར་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ200ཡི་ཚད་གཞི་ལྟར་བསྐྲུན་རྒྱུ་དང་། ལས་གཞི2019ལོར་འཛུགས་སྐྲུན་བྱེད་འགོ་རྩོམ་རྒྱུ་གཏན་ཁེལ་བྱས་ཡོད་པས། རང་ཁུལ་གྱིས་ཇུས་འགོད་ཁང་དང་འཛུགས་སྐྲུན་སྡེ་ཚན་ལ་གཞོགས་འདེགས་ཧུར་ཐག་བྱས་ནས། ཟླ3པའི་ཚེས20ཉིན་གྱི་སྔོན་ལ་ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་ལས་གཞི་སྲུང་སྐྱོང་ཁུལ་བརྒལ་བ་དང་ས་སྤྱོད་སྔོན་བཤེར། འཆར་འགོད་ས་ཆ་འདེམ་པ་སོགས་ཀྱི་དུས་འགོའི་བྱ་བ་ལེགས་འགྲུབ་ཡོང་བ་དང་། ལས་གཞི་འདི་ལོའི་ནང་ལས་འགོ་རྩོམ་པར་ཆ་རྐྱེན་བསྐྲུན་དགོས།

ཀྲའོ་ལིན་ཡུན་གྱིས་ཆབ་སྲིད་ཀྱི་ལངས་ས་ཇེ་མཐོར་བཏང་ནས་ལྕགས་ལམ་གཉིས་ཕན་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། རྒྱལ་ཁབ་ཀྱིས་ཤིན་ཏུ་དབུལ་བོའི་ས་ཁུལ་ལ་རོགས་སྐྱོར་བྱེད་པའི་ལོ་རྒྱུས་ཀྱི་གོ་སྐབས་ཡག་པོ་དམ་འཛིན་བྱེད་པ། རྒྱལ་ཁབ་ཀྱིས་ཤིན་ཏུ་དབུལ་བོའི་ས་ཁུལ་དང་གྲངས་ཉུང་མི་རིགས་ས་ཁུལ་ལ་རོགས་སྐྱོར་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་བེད་སྤྱོད་གང་ལེགས་བྱས་ཏེ། ལྕགས་ལམ་གཉིས་ཀྱི་ལས་གཞིའི་དུས་འགོའི་བྱ་བར་སྐུལ་འདེད་ཧུར་ཐག་བྱ་དགོས་ལ། སྲིད་ཇུས་ཀྱི་ལམ་དང་དབུལ་སྐྱོར་གྱི་ལམ་ལེགས་པོ་བསྐྲུན་དགོས་ཞེས་ནན་གྱིས་བསྟན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།