ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོར་ཀན་སུའུ་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་རྟེན་འགན་སྲུང་གི་ཚད་གཞི་ཡང་བསྐྱར་མཐོ་རུ་གཏོང་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-03-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་ཞིང་ཆེན་དམངས་སྲིད་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར། ཀན་སུའུ་ཞིང་ཆེན་གྱིས་མུ་མཐུད་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་རྟེན་འགན་སྲུང་གི་མཛུབ་སྟོན་ཚད་གཞི་དང་ཁ་གསབ་བྱེད་ཚད། དམིགས་བསལ་དཀའ་ཁག་ཅན་གྱི་གསོ་སྐྱོང་གི་ཁ་གསབ་ཚད་གཞི་མཐོ་རུ་གཏོང་རྒྱུ་ཡིན་ཏེ། ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་མ་མཐའི་འཚོ་རྟེན་འགན་སྲུང་གི་རིགས་དང་བོ་དང་གཉིས་པ། ཞིང་སྡེའི་དམིགས་བསལ་དཀའ་ཁག་ཅན་གྱི་ཡོང་འབབ་ཐད་ཀྱི“སྲིད་ཇུས་རང་བཞིན་གྱི་དབུལ་ཐར”མངོན་འགྱུར་བྱུང་དུ་འཇུག་རྒྱུ། ཐེངས་འདིའི་ཚད་གཞི་མཐོ་རུ་གཏོང་རྒྱུ་ནི2019ལོའི་ཟླ1པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་དང་། ཟླ6པའི་ཟླ་མཇུག་བར་དུ་ཁ་གསབ་འབྱོར་དུ་འཇུག་རྒྱུ་ཡིན་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། 2019ལོར། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་གྱི་མ་མཐའི་འཚོ་རྟེན་འགན་སྲུང་གི་མཛུབ་སྟོན་ཚད་གཞི8%མཐོ་རུ་གཏོང་རྒྱུ་སྟེ། ཟླ་རེར་མི་རེར་ཆ་སྙོམས་སྒོར485ནས་སྒོར524རུ་མཐོ་རུ་གཏོང་རྒྱུ་དང། ཆ་སྙོམས་སུ་ཁ་གསབ་བྱེད་ཚད་དེ་ཟླ་རེར་མི་རེར་ཆ་སྙོམས་སྒོར420ནས་སྒོར455རུ་མཐོ་རུ་གཏོང་རྒྱུ། ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་མ་མཐའི་འཚོ་རྟེན་འགན་སྲུང་གི་མཛུབ་སྟོན་ཚད་གཞི8%མཐོ་རུ་གཏོང་རྒྱུ་སྟེ། རིགས་དང་བོ་དང་གཉིས་པར་ཟླ་རེར་ཁ་གསབ་བྱེད་ཚད་སྒོར310དང་སྒོར290ནས་སྒོར335དང་སྒོར318རུ་མཐོ་རུ་གཏོང་རྒྱུ། རིགས་གསུམ་པ་དང་བཞི་བར་ཁ་གསབ་བྱེད་ཚད་མཐོ་རུ་གཏོང་རྒྱུ་མིན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དམིགས་བསལ་དཀའ་ཁག་ཅན་གྱི་རོགས་སྐྱོར་གསོ་སྐྱོང་དེ་རྒྱལ་ཁབ་དང་ཞིང་ཆེན་གྱི་འབྲེལ་ཡོད་སྲིད་ཇུས་ཀྱི་གཏན་འབེབས་ལྟར། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དམིགས་བསལ་དཀའ་ཁག་ཅན་གྱི་རོགས་སྐྱོར་གསོ་སྐྱོང་གི་ཚད་གཞི་དེ་གཞི་རྩའི་འཚོ་བའི་ཚད་གཞི་དང་གཉོར་སྐྱོང་གི་ཚད་གཞི་གཉིས་སུ་བཀར་རྒྱུ་རེད། 

2019ལོར་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དམིགས་བསལ་དཀའ་ཁག་ཅན་གྱི་གཞི་རྩའི་འཚོ་བའི་ཚད་གཞི་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་རྟེན་འགན་སྲུང་ཚད་གཞིའི་ལྡབ1.3ལས་མི་དམའ་བ་ལྟར་དུ་གཏན་འབེབས་བྱ་རྒྱུ་དང། གྲོང་ཁྱེར་དང་ཞིང་སྡེའི་དམིགས་བསལ་དཀའ་ཁག་ཅན་གྱི་གསོ་སྐྱོང་གི་གཞི་རྩའི་འཚོ་བའི་ཚད་གཞི་སོ་སོ་ལོ་རེར་མི་རེར་ཆ་སྙོམས་སྒོར8174དང་སྒོར5226ལས་མི་དམའ་བ་བྱ་རྒྱུ། གཉོར་སྐྱོང་གི་ཚད་གཞི་དམངས་སྲིད་པུའུ་ཡི་འབྲེལ་ཡོད་བླང་བྱ་ལྟར། ད་ལོ་ནས་བཟུང་། ཀན་སུའུ་ཞིང་ཆེན་གྱི་གཉོར་སྐྱོང་གི་ཚད་གཞི་དེ་འཚོ་བའི་རང་མགོ་འཁྱོངས་པའི་ནུས་པ་ཡོད་པ་དང་། འཚོ་བའི་རང་མགོ་འཁྱོངས་པའི་ནུས་པ་ཁག་ཅིག་མེད་པ། འཚོ་བའི་རང་མགོ་འཁྱོངས་པའི་ནུས་པ་མེད་པ་བཅས་གནས་ཚུལ་རིགས་གསུམ་ལྟར་དུ། རིམ་པ་གསུམ་དུ་བཀར་ནས་སོ་སོ་མི་རེར་ལོ་རེར་སྒོར1200དང་། སྒོར2400 སྒོར3600ལས་མི་དམའ་བའི་ཁ་གསབ་རོགས་དངུལ་སྟེར་རྒྱུ་རེད།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།