ཀྲུང་གོ་བོད་ཀྱི་དྲ་བ།

2018ལོར་ཀན་ལྷོ་ཁུལ་གྱི་མི་གྲངས་ཁྲི2.7དབུལ་ཐར་བྱུང་བས་དབུལ་ཕོངས་འགྱུར་ཚད3.87%མར་འགྲིབ་བྱུང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-03-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཕྱིར་བསྒྲགས་བྱས་པ་ལྟར་ན། 2018ལོར། ཀན་ལྷོ་ཁུལ་དུ་དབུལ་ཕོངས་སྡེ་བའི་ཆེད་ལས་མཉམ་ལས་ཁང་དང་ཐུན་མོང་དཔལ་འབྱོར་ཡོངས་སུ་ཁེབས་པ་མངོན་འགྱུར་བྱུང་བས། ཁྱིམ་ཚང་ཁྲི3.39ཡི་དབུལ་ཕོངས་མི་གྲངས་ཁྲི13.36མ་རྐང་ནང་ཞུགས་ནས་གཏན་འཇགས་ཀྱི་ཁེ་སྦོགས་ཐོབ་པ་དང་། ཁྱིམ་ཚང2043གྱི་དབུལ་སྐྱོར་ཡུལ་སྤོར་ལས་གཞི་ལས་འགོ་བརྩམས་ཤིང་། དབུལ་སྐྱོར་འཁོར་ཁང62བསྐྲུན་ནས། དབུལ་ཕོངས་ངལ་རྩོལ་བ་མི3070བསྡུ་ལེན་བྱས་པས། ཁུལ་ཡོངས་སུ་དབུལ་ཕོངས་མི་གྲངས་ཁྲི2.7དང་དབུལ་ཕོངས་སྡེ་བ166དབུལ་ཐར་བྱུང་བས། དབུལ་ཕོངས་འགྱུར་ཚད8.54%ནས3.87%ལ་མར་ཆག  གཙོས་གྲོང་ཁྱེར་དབུལ་ཕོངས་རྫོང་ལས་ཐར་བ་དང་། ཀླུ་ཆུ་དང་རྨ་ཆུ། བསང་ཆུ། ཐེ་བོ། ཅོ་ནེ་བཅས་རྫོང་ཁག་ལྔ་ཡི་དབུལ་ཞྭ་ཕུད་པའི་བྱ་བར་ཁུལ་རིམ་པའི་ཐོག་མའི་དཔྱད་འདེམས་ཐོབ། 

རྒྱུས་ལོན་བྱས་པ་ལྟར་ན། 2018ལོར། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་དབུལ་ཕོངས་ཁྱིམ་ཚང12659ཡི “ཁྱིམ་གཅིག་ཇུས་གཅིག”གི་གནད་ཁེལ་དབུལ་སྐྱོར་འཆར་གཞི་དང་དབུལ་ཐར་ཁྱིམ་ཚང641གི་རྒྱུན་འཁྱོངས་དང་མཐོར་འདེགས་འཆར་གཞི་དོན་འཁྱོལ་ནན་མོ་བྱས་ཤིང་། ཐོན་ལས་དབུལ་སྐྱོར་དང་སློབ་གསོ་དབུལ་སྐྱོར། ལས་ཞུགས་དབུལ་སྐྱོར། བདེ་ཐང་དབུལ་སྐྱོར་དང་མཐིལ་རྟོགས་འགན་སྲུང་སོགས་རྒྱབ་སྐྱོར་སྲིད་ཇུས་དང་ལས་གཞི་དོན་ཐོག་ཏུ་འཁྱོལ་བར་བྱས་པས། དབུལ་ཐར་མཁྲེགས་གཏོར་གྱི་གནད་ཁེལ་རང་བཞིན་དང་ཕན་ནུས་རང་བཞིན་མངོན་གསལ་དོད་པོས་ཆེ་རུ་ཕྱིན། །                                                             

རྩོམ་སྒྲིག་པ། : ཀླུ་མོ་མཚོ།