ཀྲུང་གོ་བོད་ཀྱི་དྲ་བ།

ཅོ་ནེ་རྫོང་གིས་དབུལ་སྐྱོར་མཁྲེགས་གཏོར་ཐད་དམངས་ཕྱུག་ཐོན་ལས་གསོ་སྤེལ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-02-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་བསྣན་པ། 2018ལོའི་ལོ་མཇུག་ཏུ་རྫོང་ཡོངས་ཀྱི“དབུལ་ཞྭ་ཕུད་པའི”དམིགས་འབེན་ལས་འགན་འགྲུབ་ཆེད། གཙོ་བོ་འགན་འཁྲི་ཏན་ཏིག་སྒྲུབ་པའི་སྟེང་ནུས་ཤུགས་བཏོན་ཏེ། ཐོན་ལས་དབུལ་སྐྱོར་འགོ་ཁྲིད་ཚན་ཆུང་ལེགས་སྒྲིག་བྱས་ཤིང་ཐོན་ལས་དབུལ་སྐྱོར་ཆེད་འགན་ཚན་ཆུང་བཙུགས་ནས། ཁྱད་ལྡན་ཐོན་ལས་ཀྱི་ཁྱིམ་གཅིག་ཇུས་གཅིག་གི་གནད་ཁེལ་ངང་ཁྱིམ་ཚང་ལ་ཞུགས་ཐུབ་པར་བྱས་ཤིང་། ཐོན་ལས་དབུལ་སྐྱོར་གྱིས་མང་ཚོགས་ལ་དངོས་ཕན་ཐོབ་སྟེ་གྲུབ་འབྲས་དངོས་སུ་མཐོང་ཐུབ་པ་བྱུང་།

ཐོན་ལས་གསོ་སྤེལ་མགྱོགས་སུ་བཏང་བ། དམངས་ཕྱུག་ཐོན་ལས་གསོ་སྤེལ་དང་རོགས་སྐྱོར་བྱེད་པའི་རྨང་གཞིའི་སྟེང་དུ། གཙོ་བོ་དབུལ་སྐྱོར་ཐོན་ལས་ཀྱི་མ་དངུལ་བསྡུ་བའི་ཐད་དུ་ནུས་ཤུགས་བཏོན་ཏེ2018ལོར་ཐོན་ལས་མ་དངུལ་སྒོར་དུང་ཕྱུར1.63བཏང་བ་དང་། རབས་དང་པོའི་ནོར་སྲིད་ཀྱི་ཆེད་སྤྱོད་དབུལ་སྐྱོར་མ་དངུལ་ལས་སྒོར་ཁྲི2000ཡིས་རྫོང་ཡོངས་ཀྱི་ཡིག་ཚགས་བསྐྲུན་ནས་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་ལ་ཀྲུང་བོད་སྨན་རྫས་འདེབས་འཛུགས་བྱས་ཤིང་། སྤུས་ལེགས་ནས་དང་སྤུས་ལེགས་སྐེ་ཚེ་འདེབས་འཛུགས་བྱེད་པར་རོགས་སྐྱོར་བྱས། རབས་གསུམ་པའི་ནོར་སྲིད་ཀྱི་ཆེད་སྤྱོད་མ་དངུལ་ཁྲོད་དུ་ཐོན་ལས་དབུལ་སྐྱོར་གྱི་མ་དངུལ་སྒོར་ཁྲི1637བཀོད་སྒྲིག་བྱས་ནས་དབུལ་ཐར་བྱུང་བའི་ཁྱིམ་ཚང2047ལ་ཁྱིམ་ཚང་རེར་སྒོར་ཁྲི0.8ཀྱི་རོགས་སྐྱོར་བྱས་ནས། ཐོན་ལས་ཁྱིམ་ཚང་ལ་ཐོན་པར་རོགས་སྐྱོར་བྱས་པའི་མ་དངུལ་གཉེར་སྐྱོང་བྱེད་ས་གསར་བར་མ་རྐང་དུ་བཞག་ནས་མ་རྐང་ལྟར་ཁེ་སྤོགས་བགོ་འགྲེམ་བྱས།

ཀྲུང་དབྱང་གི་ནོར་སྲིད་ཀྱི“ཁུལ་གཉིས་དང་རྫོང་གཅིག”གི་ཐོན་ལས་གསོ་སྤེལ་རོགས་སྐྱོར་མ་དངུལ་སྒོར་ཁྲི3506གཅིག་གྱུར་གྱིས་བཀོད་སྒྲིག་བྱས་ནས། དབུལ་ཐར་བྱུང་མེད་པའི་ཁྱིམ་ཚང1753ལ་ཁྱིམ་ཚང་རེར་མ་རྐང་སྒོར་ཁྲི2རེ་བཀོད་སྒྲིག་བྱས། “ཁུལ་གཉིས་དང་རྫོང་གཅིག”གིས་དབུལ་སྐྱོར་ཆེད་སྤྱོད་མ་དངུལ་དང་ནོར་སྲིད་ཀྱི་ཆེད་སྤྱོད་དབུལ་སྐྱོར་མ་དངུལ་ཁྲོད་སྒོར་ཁྲི6000བཀོད་སྒྲིག་བྱས་ཏེ་དབུལ་ཕོངས་སྡེ་བའི་འོད་ཤུགས་རོགས་སྐྱོར་སྡེ་བ་རིམ་པའི་ཆུ་གློག་ས་ཚིགས་ལས་གཞི་འཛུགས་སྐྲུན་ཐད་བཀོལ་བ་དང་། སྤྱིའི་གཞི་ཁྱོན་ཀྲའོ་ཝ20ཡོད་ལ་ཁེ་ཕན་ཐོབ་པའི་དབུལ་ཕོངས་སྡེ་བ40དང་དབུལ་ཕོངས་ཁྱིམ་ཚང2858ཡོད།

སྲིད་ཇུས་ནང་འདྲེན་བྱས་པ་བརྒྱུད་ལས་གཞི་རོགས་སྐྱོར་དང་ལག་རྩལ་ཞབས་ཞུ་སོགས་ཀྱི་བྱ་ཐབས་སྤྱད་དེ་གཙོ་བོ་རོང་འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་འཕར་བའི་སྟེང་ནུས་ཤུགས་བཏོན་ཏེ། ཧུར་བརྩོན་སྒོས་ཞིང་ཕྱུགས་ལས་ཀྱི་རྣམ་པ་གསར་བའི་བདག་གཉེར་གཙོ་གཞི་གོང་འཕེལ་ཐད་དུ་འབད་པ་བྱས། མིག་སྔར། རྫོང་ཡོངས་སུ་ཐོ་འགོད་བྱས་ཟིན་པའི་ཁེ་ལས114ཡོད་པ་དང་ཞིང་ཆེན་རིམ་པའི་རྐང་འཛིན་ཁེ་ལས1ཡོད་ལ་ཞིང་ཆེན་རིམ་པའི་རྐང་འཛིན་ཁེ་ལས 3ནང་འདྲེན་བྱས་ཡོད། རྫོང་རིམ་པའི་རྐང་འཛིན་ཁེ་ལས6དཔྱད་འཇོག་བྱས། རྫོང་ཡོངས་སུ་རོང་འབྲོག་དམངས་ཀྱི་ཆེད་ལས་མཉམ་ལས་ཁང848ཡོད་པ་དང་དེའི་ཁྲོད་དུ་དབུལ་ཕོངས་སྡེ་བའི་མཉམ་ལས་ཁང469ཡོད། དབུལ་ཕོངས་སྡེ་བ་ཡོངས་ལ་མཉམ་ལས་ཁང་གིས་ཁྱབ་པ་མངོན་འགྱུར་བྱུང་། ཅོ་ནེ་རྫོང་གློག་རྡུལ་ཚོང་དོན་སྐྱེལ་འདྲེན་གཉེར་ཚོང་ལྟེ་གནས་བཙུགས་པ་དང་། རྫོང་ཡོངས་ཀྱི་ཞིང་ཕྱུགས་ལས་ཐོན་རྫས་དྲ་ཐོག་ནས་ཉོ་འཚོང་བྱས་ཐུབ་པ་བྱུང་། མིག་སྔར་ཐུག་བར་དུ་རྫོང་ཡོངས་ཀྱི་གློག་རྡུལ་ཚོང་དོན་ཁེ་ལས་ཀྱི་དྲ་ཐོག་ནས་ཉོ་འཚོང་བྱས་པའི་མ་དངུལ་སྒོར་ཁྲི200ལ་བསླེབས། ། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།