ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་དྲུག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པ་ཕུན་སུམ་ཚོགས་པའི་ངང་གྲོལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོར། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་དྲུག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པས་གྲོས་རིམ་སོ་སོ་ལེགས་གྲུབ་བྱུང་སྟེ་ཀན་ལྷོའི་ཟློས་གར་ཚོམས་ཆེན་དུ་ཕུན་སུམ་ཚོགས་པའི་ངང་གྲོལ།

ཐེངས་འདིའི་ཚོགས་ཆེན་ལ་ཞུགས་འོས་པའི་འཐུས་མི254ཡོད་ཅིང་དངོས་སུ་ཞུགས་པའི་འཐུས་མི221ཡོད་པས། ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་མི་གྲངས་དང་མཐུན་པ་ཡིན།

ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའམ་ལག་བསྟར་ཀྲུའུ་ཞི་ཨན་ཅིན་ལུང་གིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར། ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཡུས་ཁྲིན་ཧུའེ་དང་ཨན་ཅིན་ལུང་། ཀྲའོ་ལིན་ཡུན། ཞུས་ཆང་། བཀྲ་ཤིས་འཚོ། ཧོ་མོའུ་པའོ་སོགས་བསྡོམས་པས་མི 34ཀྲུའུ་ཞིའི་སྟེགས་བུར་བཞུགས་ཡོད།

ཐེངས་འདིའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ནི་ཡུས་ཁྲིན་ཧུའེ་དང་ཨན་ཅིན་ལུང་། ཀྲའོ་ལིན་ཡུན། ཞུས་ཆང་། བཀྲ་ཤིས་འཚོ། ཧོ་མོའུ་པའོ། ཧྲི་ཡོན་ཧྥུན། ཚེ་རིང་དོན་གྲུབ། ལི་རུའེ་ཕིན། དབྱང་ཅན་གོ ལིའང་མིང་ཀོང་། དབྱང་ཀྲི་ཚའེ། དབྱང་ཁྲང་ཏེ། ཏུང་ཡན་ཆིན་བཅས་ཡིན།

ཀྲུའུ་ཞིའི་སྟེགས་བུར་བཞུགས་མཁན་ད་དུང་ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཡོན་ཞིན་ཧོ། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཧོའུ་ཞའོ་ཧྥུན། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ལིའུ་ཧྥུན། ཁུལ་དཔོན་གཞོན་པ་ནམ་མཁའ་སངས་རྒྱས་དང་ཧྲི་ཀྲན་ལིའང་། ཞིང་ཆེན་སྤྱི་བདེ་ཐིང་གི་ཐིང་ཀྲང་གཞོན་པའམ་ཁུལ་དཔོན་གཞོན་པ། ཁུལ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ཕུའུ་ཁྲོན་ཧུང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཡ་ནན་དང་ཀྲའོ་ཧུང་ཚའེ། དབྱང་ཞའོ་ནན། ཨན་ཞུས་ལིན། ཏུང་ཀྲིན་གོ རྨིན་ཀྲན་པིའོ། སྒྲོལ་མ་སྐྱབས། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འགོ་གཙོ་ལི་ཞའོ་ཉིང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འགོ་གཙོ་མ་ལུང་ཆོན། ཁུལ་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་ཆོན་ཡུང་ཁང་བཅས་ཡོད།

ཁུལ་དམངས་ཆེན་གྱི་འཐུས་མི་མ་ཡིན་པའི་ཀན་ལྷོར་སྡོད་པའི་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་འཐུས་མི་དང་། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་དང་ཁུལ་མི་དམངས་སྲིད་གཞུང་གི་བྱ་བྱེད་སྡེ་ཁག་དང་ཐད་གཏོགས་སྡེ་ཁག་གི་འགན་ཁུར་བ་གཙོ་བོ། ཁུལ་ལྟ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འགོ་གཙོ་གཞོན་པ། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འགོ་གཙོ་གཞོན་པ། ཞིང་ཆེན་ལ་གཏོགས་པའི་ཀན་ལྷོར་སྡོད་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བ་གཙོ་བོ་དང་། རྫོང་དང་གྲོང་ཁྱེར་སོ་སོའི་ལྟ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། མི་དམངས་ཁྲིམས་ཁང་གི་འགོ་གཙོ་དང་མི་དམངས་ཞིབ་དཔྱོད་ཁང་གི་འགོ་གཙོ་བཅས་ཐེངས་འདིའི་གྲོས་ཚོགས་སུ་ཟུར་ཞུགས་བྱས།

གྲོས་ཚོགས་ཀྱིས་ལག་པ་ཡར་བཀྱགས་ནས་བརྡས་ཐག་གཅོད་པའི་བྱེད་སྟངས་སྤྱད་དེ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་བྱ་བའི་སྙན་ཞུ་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ2018ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང 2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ 2018ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང 2019ལོའི་ཁུལ་ཡོངས་དང་ཁུལ་རིམ་པའི་ནོར་སྲིད་སྔོན་རྩིས་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་དང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་།

བརྡས་ཐག་བཅད་ཅིང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའིཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ས་གནས་ཁྲིམས་འཛུགས་སྲོལ་ཡིགསྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་།《ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཀླུ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་སྲོལ་ཡིག》སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་དྲུག་པའི་མི་དམངས་འཐུས་མི་ཚོགས་ཆེན་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་བཙུགས་པའི་གཏན་འབེབས་སྐོར་གྱི་ཆོད་གྲོས་ལ་གྲོས་འཆམ་བྱུང་།

ཨན་ཅིན་ལུང་གིས་བཤད་པར། ཐེངས་འདིའི་གྲོས་ཚོགས་ནི་རང་ཁུལ་གྱིས་ཕྱོགས་ཡོངས་ནས་དབུལ་ཐར་མཁྲེགས་གཏོར་དང་འབྱོར་འབྲིང་དུས་མཉམ་དུ་མངོན་འགྱུར་བྱུང་བའི་རྒྱལ་ཁ་གཏིང་ལོན་གྱི་གནད་འགག་གི་ལོ་ཡིན། གྲོས་ཚོགས་ཀྱི་སྐབས་སུ། ཚོགས་ཞུགས་འཐུས་མི་ཡོངས་ཀྱིས་འགན་འཁྲི་དང་ལས་འགན་ཡིད་ལ་དམ་པོ་བཟུང་ཞིང་མི་དམངས་ཀྱི་མངགས་བཅོལ་ཡིད་ལ་དམ་པོ་བཅངས་ནས། ཁུལ་ཨུའི་ཇུས་གཞི་དང་བཀོད་སྒྲིག་དང་ཁུལ་ཡོངས་ཀྱི་ལྟེ་བའི་བྱ་བར་དམ་པོར་དམིགས་ནས་འགན་འཁྲི་ལག་བསྟར་ནན་མོ་དང་ཀན་ལྷོའི་བཅོས་སྒྱུར་དང་གོང་འཕེལ་ཇུས་ཆེན་ལ་ཐབས་འདོན་ཇུས་འབུལ་བྱས་ཤིང་། ཁུལ་ཡོངས་ཀྱི་འཆམ་མཐུན་དང་བརྟན་ལྷིང་གི་ཇུས་བཟང་ལ་བྱས་རྗེས་བཞག་ཅིང་བསམ་བློ་གཅིག་གྱུར་དང་ཡིད་ཆེས་བརྟན་པོ། སྟོབས་ཤུགས་གཅིག་སྒྲིལ། འབད་འབུངས་ཡར་བརྩོན་སྒོས་མདུན་དུ་སྐྱོད་པའི་དམིགས་འབེན་མངོན་འགྱུར་བྱུང་། གྲོས་ཚོགས་ཀྱི་མཇུག་འབྲས་ལས་ཏང་གི་བཞེད་དགོངས་དང་མི་དམངས་ཀྱི་འདོད་བློ་གཅིག་གྱུར་ཡིན་པ་གང་ལེགས་སྒོས་མཚོན་པ་དང་དུས་རབས་གསར་བའི་བཅོས་སྒྱུར་དང་གོང་འཕེལ་གྱི་བླང་བྱ་གསར་བ་ལག་བསྟར་བྱས་ཤིང་། གཅིག་བསྡུས་སྒོས་ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་ཚུར་སྣང་བྱས་ཤིང་ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་རེ་འདོད་གསར་བར་མཐུན་པར་བྱས་པས། འདི་ནི་དམངས་གཙོ་དང་མཐུན་སྒྲིལ། བདེན་འཚོལ་དང་ཡར་ཐོན་གྱི་ཚོགས་ཆེན་ཞིག་ཡིན།

ཨན་ཅིན་ལུང་གིས་བསྟན་པར། 2019ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར70ལོན་པའི་ལོ་ཡིན་ལ། ཕྱོགས་ཡོངས་ནས་དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ལ་རྒྱལ་ཁ་ལེན་པའི་ལོ་ཡིན་ཞིང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་གྱི་གནད་འགག་གི་ལོའང་ཡིན། ལོ་རྒྱུས་ཀྱི་གོ་སྐབས་དང་གོ་སྐབས་འགྲན་སློང་། སྲིད་ཇུས་ཀྱི་གོ་སྐབས་དེ་ཇི་ལྟར་ཕྱོགས་ཡོངས་ནས་དབུལ་སྐྱོར་མཁྲེགས་གཏོར་ལ་རྒྱལ་ཁ་ལོན་པ་དང་ཤུགས་ཆེན་སྒོས་ཞིང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་དང་། དཔལ་འབྱོར་སྤྱི་ཚོགས་སྐྱོན་བྲལ་དང་རྒྱུན་མཐུད་ངང་གོང་འཕེལ་གྱི་འགུལ་ཤུགས་གལ་ཆེན་དུ་འགྱུར་རྒྱུ་དང་། འཐུས་མི་ཚོགས་ཆེན་གྱི་ངོས་འཛིན་གཅིག་མཐུན་གོང་བུ་འགྲིལ་བ་དང་ཤུགས་མཉམ་གཅིག་ཏུ་སྒྲིལ་བའི་སྟོབས་ནུས་དེ་མདུན་སྐྱོད་ཀྱི་འགུལ་ཤུགས་སུ་འགྱུར་བར་བྱས་ནས་དུས་རབས་གསར་བའི་ཀན་ལྷོའི་བཅོས་སྒྱུར་དང་གོང་འཕེལ། གཏན་འཇགས་བཅས་ཀྱི་ལེའུ་གསར་བ་འབྲི་དགོས། ཚོགས་ཆེན་གྱིས་གཏན་ཁེལ་བྱས་པའི་འབད་བརྩོན་དམིགས་འབེན་མངོན་འགྱུར་བྱ་དགོས་ན་ང་ཚོས་ངེས་པར་དུ་ཆབ་སྲིད་ཀྱི་སྣེ་ཁྲིད་བྱས་ཤིང་ཐོག་མའི་ཕུགས་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་དམ་པོ་བཅངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱིས་དགོངས་པར་དྲག་ཆས་སྤྲས་ནས། མུ་མཐུད་དུ་མི་དམངས་མང་ཚོགས་ཀྱི་ཐོབ་པའི་སྣང་བ་དང་བདེ་སྐྱིད་ཀྱི་སྣང་བ། བདེ་འཇགས་ཀྱི་སྣང་བར་ཤུགས་སྣོན་དགོས།

ཨན་ཅིན་ལུང་གིས་དུས་རབས་གསར་བ་ནི་འབད་འཐབ་བྱེད་མཁན་གྱི་དུས་རབས་ཡིན་ལ། ཕུགས་འདུན་དོན་གཉེན་མཁན་གྱི་དུས་རབས་ཡིན། ཚོགས་ཆེན་མཇུག་གྲོལ་རྗེས། ཚང་མ་རང་རང་གི་ལས་གནས་སུ་ཕྱིན་ཏེ་ཀྲུང་གོའི་ཕུགས་འདུན་གྱི་ཀན་ལྷོའི་ལེའུ་གསར་བར་འབད་བརྩོན་ཆེན་པོས་མངོན་འགྱུར་བྱེད་པའི་རླབས་ཆེན་ལག་ལེན་ཁྲོད་དུ་ཞུགས་ནས། འཐུས་མི་ཚང་མས་ཡིད་ཆེས་སྔར་ལས་བརྟན་པོ་དང་སྤྲོ་སེམས་སྔར་ལས་ཆེན་པོ། སྤྱོད་ཚུལ་སྔར་ལས་ཏན་ཏིག་གི་སྒོ་ནས་ཐེངས་འདིའི་གྲོས་ཚོགས་ཐོག་ཆོག་མཆན་བཀོད་པའི་སྙན་ཞུ་སོ་སོ་དང་གྲོས་གཞི་སོ་སོ་ལག་ལེན་མཐར་ཕྱིན་བྱ་དགོས་པའི་བླང་བྱ་བཏོན།།          

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།