ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་དྲུག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་འཐུས་མི་ཚོགས་པ་སོ་ སོས་སྲིད་གཞུང་གི་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས་པ།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2019-01-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པའི་ཚེས15ཉིན་གྱི་ཕྱི་དྲོར། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་དྲུག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་འཐུས་མི་ཚོགས་པ་སོ་སོས་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ཀྲའོ་ལིན་ཡུན་གྱིས་ཕུལ་བའི སྲིད་གཞུང་གི་བྱ་བའི་སྙན་ཞུདང ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི2018ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་ཞུ (ཡིག་ཐོག)དང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི2018ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང2019ལོའི་ཁུལ་ཡོངས་དང་ཁུལ་རིམ་པའི་ནོར་སྲིད་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུ (ཡིག་ཐོག)བཅས་ལ་གྲོས་ཞིབ་བྱས།

གྲོས་ཞིབ་བྱེད་པའི་ཁྲོད་དུ་འཐུས་མི་རྣམས་ཀྱིས་གཅིག་མཐུན་གྱིས་བསམས་པར། ཁུལ་དཔོན་ཀྲའོ་ལིན་ཡུན་གྱིས་ཕུལ་བའི་ཐེངས་འདིའི སྲིད་གཞུང་གི་བྱ་བའི་སྙན་ཞུཡིས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དངོས་འབེབས་བྱས་ཏེ། འདས་པའི་ལོ་གཅིག་གི་སྲིད་གཞུང་གི་བྱ་བའི་ཕྱོགས་བསྡོམས་དམིགས་སར་འབྱོར་ཡོད་ཅིང་རྗེས་ཀྱི་ལོ་གཅིག་གི་འཕེལ་རྒྱས་ལ་བསམ་གཞིགས་བསྩལ། སྙན་ཞུའི་རིག་ལམ་ཁ་གསལ་ཞིང་དམིགས་འབེན་མཐོ་བ་དང་ཁྱད་ཆོས་མང་ལ། 2018ལོ་ནི་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར 40ལོན་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པར་འགོ་བརྩམ་པའི་ལོ་ཡང་ཡིན་པས། ཀན་ལྷོ་གོང་འཕེལ་གྱི་ལོ་རྒྱུས་སྟེང་དོན་སྙིང་གལ་ཆེན་ལྡན། དབུལ་སྐྱོར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པ་དང་ཞིང་སྡེ་དར་སྤེལ་ཐབས་ཇུས་ཀྱི་ལས་གཞི་ཆེན་པོ་གཉིས་ཀྱི་སྟེང་ལ་གནད་ཁེལ་ངང་ནུས་ཤུགས་བཏོན་ཏེ་ཁོངས་ཡོངས་ཡུལ་སྐོར་ལ་གད་སྙིགས་མེད་པ་དང་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱེད་པར་ནུས་ཤུགས་ཡོད་ཚད་བཏོན་ནས། རིག་གནས་ཡུལ་སྐོར་ཐོན་ལས་དང་དེང་རབས་ཞིང་ཕྱུགས་ལས་ཀྱི་ཐོན་ལས་གཉིས་སྟོབས་ལྡན་དུ་གཏོང་བའི་སྟེང་གང་ནུས་ཅི་ལྕོག་བྱས་པ་དང་། དམངས་འཚོར་འགན་ལེན་དང་གཏན་འཇགས་སྲུང་སྐྱོང་གི་རྨང་གཞི་ཆེན་པོ་གཉིས་ཀྱི་སྟེང་དུ་སྟོབས་ཤུགས་ཡོད་ཚད་ཕུལ་ནས་ད་ལོ་དང་སང་ལོའི་བྱ་བའི་གོང་འཕེལ་ལ་སྲ་བརྟན་གྱི་རྨང་གཞི་བཟང་བོ་བཏིང་ཡོད་པའི་སྙན་ཞུ་ལེགས་པོ་ཞིག་ཡིན་པས།  མུ་མཐུད་དུ “ཤུགས་འདོན་པ་བརྒྱད”སྐུལ་སྤེལ་དང“སྐྱེ་ཁམས་ཆེན་མོ་ལྔ”གནད་ཁེལ་གཅིག་བསྡུས། “ལྔའི་བཅུ་གསུམ”གཏིང་ཟབ་སྒོས་ལག་བསྟར་བྱ་རྒྱུ་དང་མཛེས་ཤིང་སྐྱིད་པའི་ཀན་ལྷོ་གསར་བ་འཛུགས་སྐྲུན་བྱ་རྒྱུར་དངོས་ཡོད་ཀྱི་དོན་སྙིང་དང་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ཞིག་ལྡན།

གྲོས་ཞིབ་བྱེད་པའི་སྐབས་སུ་འཐུས་མི་རྣམས་ཀྱིས་རང་ཉིད་ཀྱི་ལས་རིགས་དང་བྱ་བ། རང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། བསམ་ཚུལ་གླེང་བ་དང་བར་ཁྱད་འཚོལ་ཞིང་གྲོས་གཞི་དང་བསམ་འཆར་མང་པོ་བཏོན།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།