ཀྲུང་གོ་བོད་ཀྱི་དྲ་བ།

2018ལོའི་ཀན་ལྷོ་ཁུལ་གྱི་གསར་འགྱུར་ཆེན་མོ་བཅུ།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2019-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཅིག ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་རྒྱུན་མཐུད་དང་གཏིང་ཟབ་སྒོས་སློབ་སྦྱོང་དང་དོན་འཁྱོལ་བྱས་པ།

ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུས་གྲོས་ཚོགས་ཐེངས་མང་བོ་བསྡུས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱེད་པར་བཀོད་སྒྲིག་ནན་མོ་བྱས་ཤིང་། ཁུལ་ཨུའི་འབྲེལ་ཡོད་སྡེ་ཁག་གིས་རྫོང་རིམ་པའི་ལས་བྱེད་པ་དང་ཁོ་རིམ་པའི་ལས་བྱེད་པས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སློབ་སྦྱོང་བྱེད་པའི་གསོ་སྦྱོང་འཛིན་གྲྭ་བསྡུས་པ་དང་། རྫོང་སོ་སོ་དང་གྲོང་ཁྱེར། ཁུལ་ཐད་གཏོགས་སྡེ་ཁག་སོ་སོས་རྣམ་པ་མི་འདྲ་ཞིང་གསོན་ཉམས་ལྡན་པའི་གསོ་སྦྱོང་སློབ་སྦྱོང་རྩ་འཛུགས་བྱས། གསོ་སྦྱོང་དང་སློབ་སྦྱོང་བརྒྱུད་དེ། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་རྙོག་འཛིང་ཆེ་བའི་གནས་བབ་ལ་ཁ་ལོ་སྒྱུར་ཐུབ་པ་དང་ཞིབ་ཕྲའི་ལས་དོན་ལ་མཛུབ་ཁྲིད་བྱེད་པའི་ནུས་པ་ཆེས་ཆེར་མཐོར་འདེགས་བཏང་།། 

གཉིས། གཙོས་གྲོང་ཁྱེར་གྱིས་དབུལ་ཐར་བྱ་བ་སྔོན་དུ་མངོན་འགྱུར་བྱུང་བ་དང་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བར་དོན་དངོས་རང་བཞིན་ལྡན་པའི་འཕེལ་རྒྱས་བྱུང་བ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་གསར་སྤེལ་གྱི་ཐབས་ཇུས་དགོངས་པ་དང་ལྷག་པར་དུ་ཀན་སུའུ་ཡི“ཤུགས་འདོན་བརྒྱད”ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གཟིགས་ཞིབ་དང་། ནམ་ཡང་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ “ལས་དོན་དང་པོར”བཟུང་ནས “གནད་ཁེལ”གྱི་བྱ་བ་ལེགས་པར་བསྒྲུབ་པ་དང་། “མེ་ཏོག་འཚག་དྲུབ”ཀྱི་སྙིང་རུས་སྤྱད་དེ་ནན་ཏན་གྱིས་གནད་ཁེལ་དབུལ་སྐྱོར་དང་གནད་ཁེལ་དབུལ་ཐར་གྱི་ཐབས་ཇུས་དོན་འཁྱོལ་བྱས་པས་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ། ཆེད་ལས་མཉམ་ལས་ཁང་རིམ་བཞིན་ཚད་ལྡན་དུ་བཏང་བ་དང་ཐོན་ལས་དབུལ་སྐྱོར་གྱི་གྲུབ་འབྲས་མངོན་གསལ་ཡིན་ལ “དབུལ་སྐྱོར་འཁོར་ཁང”གིས་གནད་ཁེལ་རོགས་སྐྱོར་བྱས་མཐར། ལོ་མཇུག་གི་དབུལ་ཕོངས་མི་འབོར་མི་ཁྲི2.71དབུལ་ཐར་མངོན་འགྱུར་བྱུང་བ་དང་ཞིང་ཆེན་གྱིས་འགན་ཁུར་གནང་བའི་ལས་འགན་ལེགས་གྲུབ་བྱུང་། 2018ལོར། གཙོས་གྲོང་ཁྱེར་གྱིས་དབུལ་ཐར་བྱ་བ་སྔོན་དུ་མངོན་འགྱུར་བྱུང་ཞིང་གྲོང་ཁྱེར་བཙུགས་ནས་ལོ་འཁོར20ལོན་པའི་དུས་སྟོན་ལ་ལེགས་སྐྱེས་མི་དམན་པ་བཞག་ལ། ཁུལ་ཡོངས་ཀྱི་དབུལ་ཐར་ལེགས་གྲུབ་མ་བྱུང་བའི་རྫོང་གཞན་པ་དག་ལ་མིག་དཔེ་དང་ཉམས་མྱོང་མཁོ་འདོན་བྱས།།

གསུམ། སྐྱེ་ཁམས་འཛུགས་སྐྲུན་ཐད་གྲུབ་འབྲས་མི་དམན་པ་བླངས་པ་དང་རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་སྣང་བརྟན་པོའི་ངང་གོང་དུ་འཕར་བ།

ཁོར་ཡུག་གསར་བརྗེ་དང་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་གཞི་འཛིན་ས་བྱས་ནས། ཤུགས་ཆེན་སྒོས་མཛེས་སྡུག་ལྡན་པའི་ཞིང་སྡེ་འཛུགས་སྐྲུན་བྱས་ནས་རོང་འབྲོག་སྡེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཐོན་ལས་གསོ་སྤེལ་དང་གོང་འཕེལ། སྡེ་བའི་རྣམ་པ་གཙང་དག སྤྱི་བའི་ཞབས་ཞུ་དང་སྤྱི་ཚོགས་འགན་སྲུང་འགན་ལེན། གཞི་རིམ་རྩ་འཛུགས་འཛུགས་སྐྲུན། བསམ་པའི་དཔལ་ཡོན་འཛུགས་སྐྲུན་བཅས་ཀྱི་ཐད་གྲུབ་འབྲས་མངོན་གསལ་བླངས་ཡོད། ཕྱོགས་ཡོངས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིང་སྡེའི་མི་སྡོད་ཁོར་ཡུག་ལོ་གསུམ་གྱི་སྒྲིག་བཅོས་བྱ་འགུལ་འཆར་གཞི་ལག་ལེན་མཐར་ཕྱིན་དང་རོང་འབྲོག་སྡེའི་མི་སྡོད་ཁོར་ཡུག་ལེགས་སྒྱུར་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་བར་ཁྱད་ཇེ་ཆུང་དུ་བཏང་སྟེ་མཐུན་སྦྱོར་ངང་གོང་འཕེལ་གྱི་ཁ་ཚ་དགོས་གཏུག་གི་བླང་བྱ་མངོན་འགྱུར་བྱས་ནས། ཁོར་ཡུག་གསར་བརྗེ་དང་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱེད་པ་གཞི་འཛིན་ས་བྱས་ནས་རོང་འབྲོག་སྡེའི་གད་སྙིགས་གཙང་སེལ་དང་ཐག་གཅོད། ཆར་ཆུ་དང་བཙོག་ཆུ་གཙང་འབུད། སྡེ་བའི་རྣམ་པ་མཐོར་འདེགས། རིག་གནས་གཞི་རྒྱུ་མང་དུ་གཏོང་བ་སོགས་ཀྱི་བྱ་བ་ཕྱོགས་ཡོངས་ནས་སྐུལ་སྤེལ་བཏང་སྟེ། ཞིང་ཆེན་ཡོངས་ལ་སྣེ་ཁྲིད་དང་བོད་ཁུལ་ལ་དཔེ་སྟོན་བྱས་ནས་སྡོད་གནས་ལ་འཚམ་པ་དང་ཡུལ་སྐོར་ལ་འཚམ་པ། ལས་ཞུགས་ལ་འཚམ་པའི་སྐྱེ་ཁམས་མི་སྡོད་ཁོར་ཡུག་གསར་གཏོད་བྱས། ཚོང་འགུག་དངུལ་འདྲེན་གྱིས་ལམ་བུ་གསར་བ་བཏོད་ཅིང་ཡུལ་སྐོར་ཡོང་སྒོ་བརྟན་པོའི་ངང་གོང་དུ་འཕར་བ་དང་ཞིང་སྡེ་གོང་འཕེལ་གྱི་ཐབས་ཇུས་རིམ་བཞིན་གོང་དུ་སྤེལ།།

བཞི། ཁུལ་ཡོངས་ཀྱི་ཀུན་སྤྱོད་འཛུགས་སྐྲུན་ལོའི་བྱ་འགུལ་གོ་རིམ་ལྡན་པའི་ངང་སྤེལ་བ་དང་ཀུན་སྤྱོད་བཅོས་སྒྱུར་ཆེན་མོའི་ཁྲོད་ནས་ལས་སྒྲུབ་ལས་སྐྲུན་ཁོར་ཡུག་ལེགས་སྒྱུར་ཆེན་པོ་ཡོང་བར་སྐུལ་འདེད་ཐོབ་པ།

ཀན་སུའུ་ཞིང་ཆེན་ཡོངས་ཀྱི“ཀུན་སྤྱོད་བཅོས་སྒྱུར་བྱས་ནས་གོང་འཕེལ་ཁོར་ཡུག་འཛུགས་སྐྲུན་ལོའི་བྱ་འགུལ”སྤེལ་འགོ་བརྩམས་པ་ནས་བཟུང་། ཀན་ལྷོ་ཁུལ་གྱི་གཟབ་ནན་སྒོས་ཞིང་ཆེན་ཏང་ཨུས་གཏིང་ཟབ་སྒོས་སྤེལ་བའི་ཀུན་སྤྱོད་འཛུགས་སྐྲུན་ལོའི་བྱ་འགུལ་གྱི་རྣམ་གྲངས་སོ་སོའི་བླང་བྱ་ལྟར། བཀོད་སྒྲིག་ཞིབ་ཚགས་དང་མགྱོགས་མྱུར་སྒོས་སྐུལ་སྤེལ། དོན་འཁྱོལ་དམ་འཛིན་བཅས་བྱས་པས་བྱ་བར་མཐོར་འདེགས་ཆེན་པོ་དང་ལས་དོན་འཕེལ་རྒྱས་ཆེན་པོ་བྱུང་བའི་རྣམ་པ་མངོན་འགྱུར་བྱུང་།རིམ་པ་སོ་སོའི་སྲིད་གཞུང་གིས“སྒོ་འབྱེད་དང་དོ་དམ་དང་ཞབས་ཞུའི”བཅོས་སྒྱུར་དེ་བྱེད་ནུས་བཅོས་སྒྱུར་གྱི་གཞི་འཛིན་ས་བྱས་ནས་ཧུར་བརྩོན་སྒོས་ཅུང་བཟང་བའི་ཚོང་གཉེར་ཁོར་ཡུག་བསྐྲུན་ཏེ་སྤྱི་ཚོགས་དཔལ་འབྱོར་སྐྱོན་བྲལ་དང་རྒྱུན་མཐུན་ངང་གོང་དུ་འཕར་བར་སྐུལ་འདེད་ཐོབ།།

ལྔ། ཀན་ལྷོ་ཁུལ་ལ“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་ཀྱི་དཔེ་སྟོན་ཁུལ”གྱི་མཚན་སྙན་ཐོབ་པ་དང་གཏན་འཇགས་སྲུང་སྐྱོང་གི་མང་ཚོགས་རྨང་གཞི་དེ་བས་བརྟན་པོར་བཏང་བ།

2018ལོའི་ཟླ3པའི་ཚེས6ཉིན། ཀན་ལྷོ་ཁུལ་ལ“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་ཀྱི་དཔེ་སྟོན་ཁུལ”གྱི་མིང་བཏགས་ཤིང་བྱང་བུ་སྤྲད་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་བྱ་བའི་སྔོན་ཐོན་ཐུན་མོང་དང་མི་སྒེར་གྱི་གཟེངས་བསྟོད་ཚོགས་འདུ་གཙོས་སུ་ཚོགས། ཅོ་ནེ་རྫོང་དང་འབྲུག་ཆུ་རྫོང་། ཀླུ་ཆུ་རྫོང་ཀ་ཤུལ་སྡེ་བ་བཅས་ལ“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་དཔེ་སྟོན་ཁུལ(སྡེ་ཚན)”གྱི་མཚན་སྙན་ཐོབ། འདི་ནི་རྒྱལ་ཁབ་དམངས་ཨུ་དང་ཞིང་ཆེན་དམངས་ཨུས་ཀན་ལྷོའི་མི་རིགས་བྱ་བ་ཁས་ལེན་གང་ལེགས་བྱས་པ་མཚོན་པ་མ་ཟད། ཀན་ལྷོ་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་སྐྱོན་བྲལ་ངང་གོང་འཕེལ་དང་སྤྱི་ཚོགས་འཆམ་མཐུན་གཏན་འཇགས། མི་རིགས་མཐུན་སྒྲིལ་ཡར་ཐོན། ཆོས་ལུགས་ཞི་མཐུན་མཉམ་གནས། མི་དམངས་མང་ཚོགས་བདེ་སྡོད་ལས་བརྩོན་གྱི་གནས་ཚུལ་དངོས་མཚོན་པ་ཡིན།།

དྲུག ཐེན་ཅིན་གྱིས་ཀན་ལྷོར་རིགས་མཐུན་རོགས་སྐྱོར་བྱས་པའི་བྱ་བ་གཏིང་ཟབ་ཏུ་སྐུལ་སྤེལ་བཏང་ནས་ཀན་ལྷོའི་དབུལ་ཐར་ཕྱུག་འགྱུར་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་བ།

ཐེན་ཅིན་ཀན་ལྷོ་ཤར་ནུབ་རོགས་སྐྱོར་བྱ་བར་གྲུབ་འབྲས་གཟེངས་སུ་ཐོན་ཡོད། སྤྱི་ཁོག་གི་རོགས་སྐྱོར་བྱ་བའི་ཁྲོད་དུ། གཙོ་གནད་སྐུལ་འདེད་ལ་ཕན་ནུས་ཆེན་པོ་ཐོན་པ་དང་། ཐོན་ལས་སྐུལ་ཁྲིད་ལ་གྲུབ་འབྲས་འབུར་དུ་ཐོན་པ་དང་གསར་གཏོད་རོགས་སྐྱོར་གྱིས་གྲུབ་འབྲས་མངོན་གསལ་བླངས་ཡོད། ཐེན་ཅིན་གྱི་ཆུས8དང་ཀན་ལྷོ་ཁུལ་གྱི་རྫོང7དང་གྲོང་ཁྱེར1གིས་རིགས་མཐུན་རོགས་སྐྱོར་གྱི་འབྲེལ་བ་བཙུགས་ནས་ཐུན་མོང་སྒོས་འབྱོར་འབྲིང་ལ་བརྩོན་བཞིན་ཡོད། ཐེན་ཅིན་གྲོང་ཁྱེར་གྱི་སྡེ་ཁག་སོ་སོའི་འགན་ཁུར་མི་སྣ་ཀན་ལྷོར་ཡོང་ནས་ཡུལ་དངོས་སུ་རྟོག་ཞིབ་བྱས་ཤིང་ལག་བསྟར་བྱས་འཐུས་ཀྱི་རོགས་སྐྱོར་འཆར་གཞི་བཟོས་ནས་གནད་ཁེལ་རོགས་སྐྱོར་དང་གནད་ཁེལ་དབུལ་སྐྱོར་བྱས། ཁུལ་ཨུའི་འགན་ཁུར་བ་གཙོ་བོ་ཐེན་ཅིན་དུ་སོང་ནས་ཐེན་ཅིན་གྱི་འབྲེལ་ཡོད་འགོ་ཁྲིད་དང་གྲོས་བསྡུར་བྱས་ནས་མཉམ་ལས་ཀྱི་གྲོས་མཐུན་ཡི་གེ་བཞག་ཅིང་ཀན་ལྷོའི་དབུལ་ཐར་ཕྱུག་འགྱུར་ལ་ནུས་པ་ཆེན་པོ་ཐོན་ཡོད།།

བདུན། སྔོན་ཐོན་མི་སྣ་དབྱར་མཚོ་རྒྱས་པ་བཞིན་ཐོན་པ་དང་དཔེ་མཚོན་དང་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་བཞིན་ཡོད་པ།

2018ལོར། ཀན་ལྷོ་ཁུལ་དུ་སྔ་གཞུག་ཏུ་དཔེ་མཚོན་དང་སྔོན་ཐོན་མི་སྣ་རབ་དང་རིམ་པ་ཐོན་པ་དང་དཔེ་མཚོན་དང་སྣེ་ཁྲིད་ཀྱི་ནུས་པ་མུ་མཐུད་མཐོ་རུ་ཕྱིན། ཀན་ལྷོ་ཁུལ་མེ་གསོད་ཡན་ལག་རུ་ཁག་གི་ཏེང་སི་རུང་ལ་སྐབས་བཞི་བའི“རྒྱལ་ཡོངས་ཀྱི་འབུར་དུ་ཐོན་པའི་མེ་གསོད་མེ་འགོག་གི་སྲུང་དམག”གི་མཚན་སྙན་ཐོབ་པ་དང་། བསང་ཆུ་རྫོང་བང་གུར་ཐང་གྲོང་རྡལ་འགྲིམ་འགྲུལ་རུ་འབྲིང་གི་ཉེན་རྟོག་པ་ཏུའུ་ཧུའེ་དང་ཝང་ཅིན་ལུང་། ཧོང་ཞུས་ཏུང་བཅས་ལ་ཞིང་ཆེན་སྤྱི་བདེ་ཐིང་གི་གཟེངས་བསྟོད་ཐོབ། ཐེ་བོ་རྫོང་སྟག་ར་ཤང་གི་བོད་རིགས་བུད་མེད་མེ་མེ་སྐབས་དྲུག་པའི་ཀན་སུའུ་ཞིང་ཆེན་གྱི་ཀུན་སྤྱོད་དཔེ་ལེགས་ཅན་གྱི་མི་སྣར་བདམས་ཐོན་བྱུང་། ཀན་ལྷོ་ཁུལ་གྱི 2018ལོའི་ཀན་ལྷོར་སེམས་འགུལ་ཐེབས་པའི་མི་སྣ་གཟེངས་བསྟོད་བྱས་པའི་མཛད་སྒོ་སྤེལ་བ་དང་ལས་རིགས་སོ་སོ་ནས་ཐོན་པའི་སྔོན་ཐོན་དང་མིག་དཔེ་ཅན་ལ་གཟེངས་བསྟོད་བྱས།།

བརྒྱད། སྐབས་དང་བོའི་དགུ་མདོག་ཀན་ལྷོ་རྒྱལ་སྤྱིའི་མཉམ་ལས་ཉོ་ཚོང་ཡུལ་སྐོར་ངོ་འཕྲད་གྲོས་མོལ་ཚོགས་འདུ་ཚོགས་འགོ་བརྩམས་པ་དང་། ཐང་བོད་གནའ་ལམ་ལ་རང་འགུལ་སྒོས་ཞུགས་པ་དང་ཞབས་འདེགས་ཞུ་བའི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་བྱེད་འགོ་བརྩམས་པ།

ཀན་ལྷོ་དང་རྒྱལ་ནང་གི་དར་རྒྱས་ཆེ་བའི་ས་ཁུལ་གྱི“རྒྱུད་གཅིག་ལམ་གཅིག”འགྲམ་རྒྱུད་ཀྱི་རྒྱལ་ཁབ་ཀྱི་ཉོ་ཚོང་ཡུལ་སྐོར་མཉམ་ལས་དང་མཛའ་མཐུན་འགྲོ་འོང་གཏིང་ཟབ་ཏུ་སྤེལ་བ་དང་ཧུར་བརྩོན་སྒོས་བོད་ཁུལ་གྱི་ཕྱི་ཕྱོགས་ཉོ་ཚོང་དཔལ་འབྱོར་གོང་འཕེལ་གྱི་ལམ་བུ་ཇེ་ཡངས་སུ་གཏོང་ཆེད། 2018ལོའི་ཟླ7པའི་ཚེས12ཉིན་ལ། སྐབས་དང་བོའི་ཀན་ལྷོའི་མཉམ་ལས་ཉོ་ཚོང་ཡུལ་སྐོར་ངོ་འཕྲད་གྲོས་ཚོགས་གཙོས་སུ་ཚོགས་འགོ་བརྩམས་པ་དང་། གྲོས་ཚོགས་ཀྱི་དམིགས་ཡུལ་ནི་ཚད་མཐོན་པོའི་སྒོ་ནས་ཀན་ལྷོ་སྟེ་སྐྱེ་ཁམས་ཀྱི་གཤིན་ས་འདི“རྒྱལ་སྤྱི་ལ་མཐུད་འབྲེལ་བྱས་ནས་འཛམ་གླིང་ལ་ཁ་ཕྱོགས”པའི་བརྗིད་ཉམས་ཆེ་བའི་དཔེ་རིས་ཤིག་བཀོད་དེ། ས་གནས་འདི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་ཐབས་ལམ་གསར་བར་ཕྱོགས་ཡོངས་ནས་ཞུགས་དགོས།

ཀན་ལྷོ་ཁུལ་གྱིས་ཞི་ཅིན་ཕིན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ལག་ལེན་གཏིང་ཟབ་དང“རྒྱུད་གཅིག་ལམ་གཅིག”གི་གྲོས་གཞི་མཐའ་གཅིག་ཏུ་དང་ལེན་བྱས་ནས། མུ་མཐུད་དུ་བཅོས་སྒྱུར་སྒོ་འབྱེད་ཀྱི་སྤྱི་ཁོག་གི་ཁོར་ཡུག་དང་རིག་གནས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་བཏང་སྟེ། ཀན་ལྷོའི་བབ་བཟང་འདོན་སྤེལ་གང་ལེགས་བྱས་ནས་དར་གོས་འགྲུལ་ལམ་དཔལ་འབྱོར་ཁུལ་གྱི་ཀན་སུའུ་ཡི་གསེར་ལྟ་བུའི་དུམ་ཚན་འཛུགས་སྐྲུན་ནང་མགྱོགས་སུ་ཞུགས་ནས། མུ་མཐུད་དུ་ཕྱོགས་ཡོངས་ཀྱི་སྤེལ་རེས་དང་མཉམ་ལས་ཀྱི་རྣམ་པ་གསར་བ་གཏིང་ཟབ་ཏུ་སྤེལ།།

དགུ དམངས་འཚོའི་མངའ་ཁོངས་སུ་ཞུགས་ཚད་མུ་མཐུད་མཐོ་རུ་བཏང་ནས་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སྣང་རྒྱུན་མཐུད་ངང་མཐོ་རུ་ཕྱིན་པ།

སྤྱིའི་གཏོང་དངུལ་སྒོར་དུང་ཕྱུར5དང་འཆར་འགོད་ལ་སའི་རྒྱ་ཁྱོན་མུའུ144དང་འཛུགས་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི5ཡོད་པའི་ཀན་ལྷོ་ཁུལ་དངོས་མང་བཤམས་སྟོན་ཁང(ཚན་རྩལ་ཁང་། འཆར་འགོད་ཁང)དངོས་སུ་ལས་འགོ་བརྩམས། ཁུལ་བཙུགས་པ་ནས་བཟུང་སྤྱི་བའི་རིག་གནས་ཁྱབ་ཁོངས་ཀྱི་གཏོང་དངུལ་གྱི་གཞི་ཁྱོན་ཆེས་ཆེ་བའི་ལས་གཞི་ཞིག་ཡིན། S38ལམ་ཐིག་གི་བང་གུར་ཐང་ནས་བསང་ཆུ(བསང་ཁོག)མྱུར་བགྲོད་གཞུང་ལམ་ལས་འགོ་བརྩམས་པ་དང་། 2018ལོར་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ300འཛུགས་སྐྲུན་བྱས་ནས་དབུལ་ཕོངས་སྡེ་བ174དང་དབུལ་ཕོངས་ཁྱིམ་ཚང6067དང་དབུལ་ཕོངས་མི་གྲངས26117ལ་དངོས་ཕན་ཐོབ་པ་དང་སྤྱིལ་བུའི་ཁུལ་སྒྱུར་བཀོད་བྱས་ནས་མི་ཁྲི17གྱི་སྡོད་ཁང་གནད་དོན་ཐག་གཅོད་བྱས། ནག་སེལ་གཤེད་བཅོམ་ཆེད་དོན་རྡུང་རྡེག་བརྟན་པོའི་ངང་སྐུལ་སྤེལ་བྱས་ནས་ནག་ཚོགས་སྤྱོད་ངན་གྱི་གྱོད་གཞི་གཅིག་ཡོངས་བསྒྲགས་སྒོས་ཞིབ་གཅོད་བྱས།།

བཅུ། ཀུན་འདུས་སྨྱན་སྦྱོར་གསར་གཏོད་གོང་འཕེལ་ཐད་གྲུབ་འབྲས་གསར་བ་བླངས་པ་དང་དྲིལ་བསྒྲགས་བསམ་བློའི་འཐབ་ཕྱོགས་ལམ་གསར་དུ་སྐྱོད་པ།

རང་འགུལ་སྒོས་བྱས་རྗེས་འཇོག་པ་དང་རྐྱེན་སྲོལ་གསར་གཏོད་བྱེད་པ། ཧུར་བརྩོན་སྒོས་དྲིལ་བསྒྲགས་ཀྱི་འགྱུར་ལྡོག་གསར་བར་མཐུན་ཐབས་བྱས་ནས་ཀུན་འདུས་སྨྱན་སྦྱོར་གསར་གཏོད་གོང་འཕེལ་ཐད་གོམ་སྟབས་གསར་བ་སྤོས།

ཀན་ལྷོའི་ཉིན་རེའི་གསར་འགྱུར་ཁང་གི་ཀུན་འདུས་སྨྱན་སྦྱོར་ཐད་གཏོང་ཁང་དང་སྒྲ་གློག་བརྙན་བཟོ་ཁང་འཛུགས་སྐྲུན་བྱས་ཤིང་། 《ཀན་ལྷོའི་བསྡུས་འཕྲིན》 《མི་སྣ་བཅར་འདྲི》 《བོད་ཁུལ་ལ་ཉན་པ》སོགས་བོད་རྒྱ་སྐད་རིགས་གཉིས་ཀྱི་སྟེང་ནས་ལེ་ཚན་ཕབ་སྐྲུན་བྱས་པས། ནུས་ལྡན་སྒོས་སྨྱན་སྦྱོར་གྱི་དྲིལ་བསྒྲགས་ནུས་པ་དང་བག་ཆགས་འཇོག་ནུས་མཐོ་རུ་བཏང་ཞིང་། སྤྱི་ཚོགས་ཀྱི་ལས་རིགས་སོ་སོས་གདེང་འཇོག་ཚད་མཐོན་པོ་ཐོབ། བོད་ཡིག་རྩོམ་སྒྲིག་ཁང་གིས་འབྲེལ་ཡོད་མི་སྣ་རྩ་འཛུགས་བྱས་ནས་འབྲུག་ཆུའི་གནའ་རབས་བོན་གྱི་དཔེ་རྙིང་སྔོག་འདོན་དང་འཚོལ་བསྡུ། ལེགས་སྒྲིག་བཅས་བྱས་མཐར། འཆར་གཞིར་དཔེ་ཚོགས་པོད་གསུམ་དེ་དེབ75ཡོད།།                                                             

རྩོམ་སྒྲིག་པ། : ཀླུ་མོ་མཚོ།