ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཞིང་ཆེན་གྱི་རིམ་པ་དང་བོ་དང་གཉིས་པ། ཚད་ལྗིད་པའི་དབང་བོ་སྐྱོན་ཅན་ལ་གཉོར་སྐྱོང་གི་ཁ་གསབ་སྤྲོད་རྒྱུ་རེད།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2019-01-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིང་གིས་དཀའ་ཁག་ཆེ་བའི་དབང་བོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་དང་ཚད་ལྗིད་པའི་དབང་བོ་སྐྱོན་ཅན་གྱི་གཉོར་སྐྱོང་ཁ་གསབ་ལམ་ལུགས་སྔར་ལས་ལྷག་པར་དུ་འཐུས་ཚང་དུ་གཏོང་བའི་སྐོར་གྱི་བརྡ་ཐོབཀྲམ། བརྡ་ཐོ་ལས་བཏོན་པར། 2019ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་། ཚབས་ཆེ་བའི་དབང་བོ་སྐྱོན་ཅན་གྱི་གཉོར་སྐྱོར་ཁ་གསབ་ཀྱི་ཁྱབ་ཁོངས་སུ་རིམ་པ་དང་བོ་དང་གཉིས་པ་དང་ཚད་ལྗིད་པའི་དབང་བོ་སྐྱོན་ཅན་ཚང་མ་འདུས།

བརྡ་ཐོ་ལས་བཏོན་པར། 2019ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་། སྔོན་ཆད་ཁ་གསབ་ཁྱབ་ཁོངས་སུ་བཞག་མེད་པའི་རིམ་པ་དང་བོ་དང་གཉིས་པའི་དབང་བོ་སྐྱོན་ཅན་གྱི་ཁྲོད་ཀྱི་འོན་པ་དང་། སྐད་བརྡ་མི་གསལ་བ་རིམ་པ་དང་བོ་ཅན། ཡན་ལག་སྐྱོན་ཅན། མིག་དབང་ཉམས་པ། སྐད་བརྡ་མི་གསལ་བ་རིམ་པ་གཉིས་པ་ཅན་སོགས་ཚད་ལྗིད་པའི་དབང་བོ་སྐྱོན་ཅན་གྱི་གཉོར་སྐྱོང་ཁ་གསབ་ཀྱི་ཁྱབ་ཁོངས་སུ་བཞག་སྟེ། མི་རེ་ལ་ཟླ་རེར་སྒོར50ཡི་ཁ་གསབ་རོགས་དངུལ་བཀྲམ་རྒྱུ་དང་། དབང་བོ་སྐྱོན་ཅན་གྱི་ཁ་གསབ་དེ་རང་ཐད་རེ་ཞུའི་རྩ་དོན་ལག་བསྟར་བྱས་ནས། ས་གནས་སོ་སོས་དབུལ་ཕོངས་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་རོགས་སྐྱོབ་མ་དངུལ་གཅིག་གྱུར་འཆར་འགོད་དང་བེད་སྤྱོད་བྱས་ཏེ། དབང་བོ་སྐྱོན་ཅན་གྱི་ཁ་གསབ་མ་དངུལ་དོན་འཁྱོལ་བྱེད་པ་ཁག་ཐེག་བྱ་དགོས། རིམ་པ་ཁག་གི་དམངས་སྲིད་སྡེ་ཁག་སོ་སོས་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། སྡེ་ཁག་སོ་སོས་དབང་བོ་སྐྱོན་ཅན་གྱི་ཁ་གསབ་བྱ་ཡུལ་ལ་ཞིབ་བཤེར་བྱེད་པ་དང་། འགུལ་རྣམ་དོ་དམ། རོགས་དངུལ་བཀྲམ་པ། ལྟ་སྐུལ་ཞིབ་བཤེར་སོགས་ཀྱི་བྱ་བ་སྤེལ་བར་མཐུན་སྦྱོར་བསྐྲུན་དགོས། རིམ་པ་ཁག་གི་ནོར་སྲིད་སྡེ་ཁག་གིས་ཚད་གཞི་ལྟར་དབང་བོ་སྐྱོན་ཅན་གྱི་ཁ་གསབ་མ་དངུལ་དོན་འཁྱོལ་བྱ་དགོས་པ་དང་། ཁ་གསབ་རོགས་དངུལ་དུས་ལྟར་འབྱོར་བ་ཁག་ཐེག་བྱ་དགོས། རིམ་པ་སོ་སོའི་དབང་བོ་སྐྱོན་ཅན་ལྷན་ཚོགས་ཀྱིས་རྩ་འཛུགས་བྱས་ཏེ་དབང་བོ་སྐྱོན་ཅན་གྱི་དཔང་ཡིག་ལེན་དཀའ་བའི་གནད་དོན་ཐག་གཅོད་བྱ་དགོས་པ་དང་། དུས་བཅད་ལྟར་རྩ་འཛུགས་བྱས་ཏེ་གཅིག་བསྡུས་ཀྱིས་དཔང་ཡིག་སྒྲུབ་པ་དང་ཁྱིམ་དུ་ཡོང་ནས་ལུས་ཕུང་བརྟག་བཤེར་བྱེད་པ་སོགས་ཀྱི་ཞབས་ཞུ་སྤེལ་དགོས་ཤིང་། ཟླ་ལྟར་དབང་བོ་སྐྱོན་ཅན་གྱི་དཔང་ཡིག་སྒྲུབ་པའི་གནས་ཚུལ་བརྡ་ཁྱབ་གཏོང་དགོས་ལ། དབང་བོ་སྐྱོན་ཅན་གྱི་ཐོབ་ཐང་ཞིབ་བཤེར་གཏན་འབེབས་དང་བསྐྱར་ཞིབ་ཀྱི་བྱ་བ་ལེགས་པོར་བསྒྲུབ་དགོས།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།