ཀྲུང་གོ་བོད་ཀྱི་དྲ་བ།

ཡུས་ཁྲིན་ཧུའེ་དང་ཀྲའོ་ལིན་ཡུན་གྱིས་ལིན་ཐན་རྫོང་གི་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-01-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་གྱིས་ལིན་ཐན་རྫོང་གི་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བར་རྟོག་ཞིབ་བྱས།

ཁུལ་ཨུའི་རྒྱུན་ཨུའམ་ལིན་ཐན་རྫོང་ཨུའི་ཧྲུའུ་ཅི་སུང་ཅན་དང་ཁུལ་དཔོན་གཞོན་པ་ཝང་ཅན་ཅུན་གྱིས་རྟོག་ཞིབ་བྱེད་པར་འགྲོ་རོགས་བྱས།

སྙན་ཞུའི་ཚོགས་འདུའི་སྟེང་། ཡུས་ཁྲིན་ཧུའེ་ཡིས་རང་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་དེ་གནད་འགག་གི་དུས་སྐབས་ཤིག་ཏུ་སླེབས་ཡོད་ལ། དབུལ་ཕོངས་ཀྱི་ཞྭ་མོ་ཕུད་རྒྱུ་དེ་ཁུལ་ཡོངས་ཀྱི་གོང་འོག་ཚང་མའི་ཆེས་གནད་འགག་དང་ཆེས་ཁ་ཚ་དགོས་གཏུག་གི་ཆབ་སྲིད་ཀྱི་འགན་ཁུར་ཡིན་པས། རྫོང་དང་གྲོང་ཁྱེར། སྡེ་ཁག ཤང་དང་གྲོང་རྡལ་སོ་སོས་རང་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་གྱི་དངོས་ཡོད་གནས་ཚུལ་ལ་དམིགས་ནས། སྔོན་ཐོན་ས་ཁུལ་གྱི་ཉམས་མྱོང་དང་བྱ་ཐབས་ལ་སློབ་སྦྱོང་བྱེད་པ་དང་། ཡུལ་བབ་དང་བསྟུན་ནས་སྲིད་ཇུས་ལེགས་པར་སྤྱོད་པ། རོགས་སྐྱོར་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་རོགས་སྐྱོར་སྲིད་ཇུས་ལ་ཤུགས་བསྣན་ཏེ། མང་ཚོགས་ཀྱི་དགོས་མཁོར་དམིགས་ནས་མཉམ་འདྲེས་མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ། གོམ་སྟབས་རྗེས་མར་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ལིན་ཐན་རྫོང་འགོ་ནང་ཐང་གྲོང་རྡལ་ནས“དབུལ་སྐྱོར་འཁོར་ཁང་གསོ་སྦྱོང་རྟེན་གཞི”འཛུགས་རྒྱུ་ཡིན་ལ། རྟེན་གཞི་འཛུགས་སྐྲུན་གྱིས་ཁུལ་ཡོངས་ཀྱི་དབུལ་ཕོངས་མང་ཚོགས་གང་མང་ཞིག་གསོ་སྦྱོང་བྱེད་པར་བརྟེན་ནས། རང་ས་དང་ཐག་ཉེ་ས་ནས་ལས་ཞུགས་བྱེད་པ་དང་ཡོང་འབབ་བརྟན་པོ་ཡོང་བ་བྱས་ནས་དབུལ་ཐར་བྱས་ཏེ། མང་ཚོགས་ཀྱི་ཡོང་འབབ་འཕར་བ་དང་ཐོན་ལས་འཕེལ་རྒྱས། ཁེ་ལས་སྟོབས་ལྡན། ཕྱོགས་མང་མཉམ་ཁེའི་དབུལ་ཐར་གྱི་ལམ་བུ་གསར་བ་ཞིག་ཏུ་བསྐྱོད་དགོས་ཞེས་བསྟན།

ཀྲའོ་ལིན་ཡུན་གྱིས“དབུལ་སྐྱོར་འཁོར་ཁང”ནི་དབུལ་ཕོངས་མང་ཚོགས་ཐག་ཉེ་ས་ནས་ལས་ཞུགས་མངོན་འགྱུར་བྱེད་པའི་ཐབས་ལམ་བཟང་བོ་ཞིག་ཡིན་ལ། ཆེས་དབུལ་བའི་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་གཏིང་ཟབ་ཏུ་སྤེལ་ནས་དབུལ་ཕོངས་སྡེ་བ་དང་དབུལ་ཕོངས་མང་ཚོགས་གཏན་འཇགས་ངང་དབུལ་བོ་ལས་ཐར་བའི་གཞི་འཛིན་ས་གཙོ་བོ་ཞིག་ཀྱང་ཡིན། རང་ཁུལ་གྱིས“དབུལ་སྐྱོར་འཁོར་ཁང་གསོ་སྦྱོང་རྟེན་གཞི”འཛུགས་སྐྲུན་བྱས་པ་ཡིས་གནད་ཁེལ་དབུལ་སྐྱོར་ལག་བསྟར་དང་དབུལ་ཐར་མཁྲེགས་གཏོར་ལ་སྐུལ་འདེད་གཏོང་བར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན། “དབུལ་སྐྱོར་འཁོར་ཁང”འཛུགས་སྐྲུན་བྱས་པ་ཡིས་དབུལ་ཐར་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་སྐོར་ཞིག་དང་ཞིང་སྡེ་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་སྐོར་ཞིག་སྐྱེད་བསྲིང་བྱེད་པར་ཕན་པ་ལྡན་པ་མ་ཟད། དབུལ་ཕོངས་ས་ཁུལ་གྱི་མང་ཚོགས་ཀྱིས་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་། ཡོང་སྒོ་འཕར་སྣོན་བྱེད་པར་ཕན་པ་ཡོད། རྟེན་གཞི་འཛུགས་གྲུབ་བྱས་པ་དེས་ཕན་ནུས་ལྡན་པའི་སྒོས་དབུལ་ཕོངས་རྫོང་དང་གྲོང་ཁྱེར་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་སྐུལ་སྤེལ་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་བྱ་བར་ནུས་པ་གལ་ཆེན་ཐོན་ཡོད། རིམ་པ་སོ་སོ་དང་སྡེ་ཚན་ཁག་གིས་བསམ་བློའི་གོ་རྟོགས་གཅིག་གྱུར་བྱེད་པ་དང་འགུལ་སྐྱོད་རང་རྟོགས་སུ་འགྱུར་བ་ཇེ་དྲག་ཏུ་གཏོང་བ། རིགས་དང་རིམ་པ་དབྱེ་ནས་འགན་ཁུར་བ་དང་གཅིག་གྱུར་གྱིས་འཆར་འགོད་འཛུགས་སྐྲུན། མ་དངུལ་ཐོན་ཁུངས་ཕྱོགས་བསྡུས་བྱེད་པ། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ། ལས་གཞི་ལེགས་གྲུབ་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བ། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་མི་སེམས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས་ཞེས་ནན་གྱིས་བསྟན།། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།